ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས།

སྤེལ་དུས 2019-11-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          —— ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་བཅུ་པ།
          སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་པའི་ལོ་ངོ་སྟོང་གི་ཇུས་ཆེན་དང་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་འགན་ལེན་གལ་ཆེན་ཞིག་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་པ་གསལ་པོ་བཏོན་པ་དང་། སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྤྱིའི་བླང་བྱ་དང་གཙོ་གནད་ལས་འགན་བཏོན་པ། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཏིང་བ་བཅས་ཡིན་པ་དེས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་པ་དང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བློ་རྩ་བརྟན་པོས་སྐྱོད་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། ས་གོ་ལའི་སྣེ་གསུམ་པ། གོ་ལ་ཧྲིལ་པོའི་གནམ་གཤིས་སྙོམས་སྒྲིག་ཡོ་ཆས་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག དངོས་རིགས་ཀྱི་གཞི་གྱིན་མཛོད་བཅས་ཡིན་པས། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེས་མཚོ་བོད་ས་མཐོའི་རྒྱུན་སྲིང་འཕེལ་རྒྱས་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་དང“མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པས”“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་བ་དང་འབྲེལ་སྐུ་ངོ་མས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པར་མཛུབ་སྟོན་གལ་ཆེན་གནང་བ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།
          ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བརྟན་སྲུང་། འབྱུང་རྩ་ནས་སྔོན་འགོག་དང་། ལས་དོན་སྤེལ་རིང་ཚོད་འཛིན། གྱོང་གུན་གསབ་པ། འགན་འཁྲི་བདའ་འདེད་བཅས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མ་ལག་སྐྲུན་པ་བཅས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་། འཁོར་རྒྱུག་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། སྣོད་བཅུད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཀྱི་དམར་ཐིག་དང་མཐའ་ཚད་ནན་པོ་སྲུང་བ་དང་ཐོན་ལས་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་དང་། ཆུའི་ཐོན་ཁུངས་དོ་དམ། རྨོ་ཞིང་གི་དམར་ཐིག གཞི་རྩའི་རྩྭ་ར་སྲུང་སྐྱོང་བཅས་དོན་འཁྱོལ་བྱས་ཏེ“མཐོ་བ་གསུམ”གྱི་རྣམ་གྲངས་བོད་དུ་ལག་བསྟར་ནན་འགོག་བྱེད་པ་དང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཏེར་ལས་དབང་ཆའི་ཐད་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”ཞིབ་མཆན་འགོད་པ་དང་ཁོར་ཡུག་སྲུང་སྐྱོང་ཐད“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་ལེན་ནན་པོ་བསྟར་ཐོག་ལམ་ལུགས་ཀྱི་སྲུང་ཡོལ་བརྟན་པོ་སྐྲུན་པ་དང་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་ཡག་པོ་བྱེད་དགོས།
          ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་ཐོན་ཁུངས་ནུས་ཆེའི་སྒོ་ནས་སྤྱོད་པའི་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་ཁྱབ་གདལ་གཏོང་བ་དང་ཆུ་དང་། ས་ཆ། གཏེར་ཐོན་སོགས་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་སྒོ་ནས་བེད་སྤྱོད་བྱས་ཏེ་ཐོན་ཁུངས་ཟད་གྲོན་བྱེད་ཚད་ཉུང་དུ་བཏང་ཐོག་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཐུན་འཕྲོད་ཐུབ་པ་བྱ་རྒྱུ་དེ་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གཙོ་བོར་གྱུར་བ་བྱེད་དགོས། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ལྗང་མདོག་དང་གཙང་སྦྲ་དོད་པའི་ཐོན་སྐྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་། ཐོན་ལས་སྣོད་བཅུད་ཅན་དང་སྣོད་བཅུད་ཐོན་ལས་ཅན་ལ་སྐུལ་འདེད། སྣོད་བཅུད་དཔལ་འབྱོར་དང་ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་བཅས་བཏང་ནས་སྣོད་བཅུད་ཐོན་ཁུངས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱེད་དགོས། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུ་གསར་བརྗེ་དང་གསང་སྤྱོད་གསར་བརྗེར་སྐུལ་འདེད་བཏང་སྟེ་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་དང་བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་བྱས་ནས་བཟའ་བཅའ་འཕྲོ་བརླག་དང་ཚད་ལས་བརྒལ་བའི་འཛད་སྤྱོད་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་གཏིང་ཟབ་སྤེལ་ཐོག་ལྗང་མདོག་དང་། ཐཱན་ཉུང་། འཁོར་རྒྱུག་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་ཐབས་བྱེད་དགོས།
          ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཁོར་ཡུག་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ཐོབ་པ་བྱས་ཏེ་གནམ་སྔོན་པོ་དང་། ཆུ་མོ་དྭངས་བ། ས་གཞི་གཙང་བ་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས། རི་དང་། ཆུ། ནགས་ཚལ། ཞིང་ཁ། མཚེའུ། སྤང་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོར་སྤྱི་འདོམས་བྱས་ཏེ་རང་བྱུང་ནགས་ཚལ་དང་། སྤང་། འདམ་ར། སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“གཙང་གསུམ་ཆུ་འགོའི”སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་འཆར་འགོད་མུ་མཐུད་ལག་བསྟར་བྱས་ཐོག་རྨོ་བསྐྱུར་ནགས་བཟོ་དང་། ཕྱུགས་བཀག་རྩྭ་བཟོ། མི་ཐབས་རྩ་འདེབས་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ནས་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
          རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས“གཙང་པོ་གཉིས་དང་ཆུ་བོ་བཞིའི”འབབ་རྒྱུད་ཀྱི་ནགས་བཟོ་ལྗང་འགྱུར་ལས་གྲྭ་ལག་བསྟར་གཏིང་ཟབ་དང་སྣོད་བཅུད་དཔེ་སྟོན་གསར་གཏོད་གཏིང་ཟབ་བྱས་ནས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ཐོག་གངས་ལྗོངས་ས་མཐོའི་རི་བོ་རྟག་ཏུ་སྔོ་བ་དང་། ཆུ་བོ་རྟག་ཏུ་རྒྱུག་པ། མཁའ་རླུང་རྟག་ཏུ་གཙང་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས།
          ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དམ་དྲང་བྱས་ནས་འགོ་ཁྲིད་ལས་བྱེད་པའི་ལས་འགན་འཁུར་རིང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཐད་ཤུགས་སྣོན་རྒྱག་པ། སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་འགན་འཁྲི་ཚེ་གང་བདའ་འདེད་གཏོང་བའི་ལམ་ལུགས་ལག་ལེན་བསྟར་བ། འགོ་ཁྲིད་ལས་བྱེད་པར་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལས་གནས་ལས་ཁ་བྲལ་རྗེས་རྩིས་བཤེར་བྱེད་པ་བཅས་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྐུལ་འདེད་གཏོང་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་གདེང་འཇོག་དཔྱད་ཞིབ་ལམ་ལུགས་བཙུགས་ནས་ཁོར་ཡུག་སྲུང་སྐྱོང་དང་། རང་བྱུང་ཐོན་ཁུངས་དོ་དམ་ཚོད་འཛིན། ནུས་རྒྱུ་བསྲི་ཚགས་དང་ཕྱིར་འབུད་ཉུང་གཏོང་སོགས་ཀྱི་གཅུན་འདོམས་རང་བཞིན་གྱི་སྟོན་རྟགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་སྲིད་གཞུང་གི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་དཔྱད་ཞིབ་ནན་པོར་བརྟེན་ནས་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྡོག་སྐུལ་བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་སྐྱོང་ཁྲིམས་འཛིན་ལ་སྐུལ་འདེད་བཏང་ནས་སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྣོད་བཅུད་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་འདོམས་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།
          སྣོད་བཅུད་དར་ཚེ་ཤེས་དཔལ་དར། སྣོད་བཅུད་ཉམས་ཚེ་ཤེས་དཔལ་ཉམས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཀྱི་བདེ་རྩ་དང་བོད་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། ང་ཚོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཁུར་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱས་ཐོག་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པར་འབུལ་དགོས་པའི་ལེགས་སྐྱེས་འབུལ་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།