ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

ཁང་དམར་གྱི་གནས་རྙིང་སྒོར་གཞས།

སྤེལ་དུས 2019-09-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

        སྒོར་གཞས་ནི་གཙང་ཁུལ་དུ་དར་ཁྱབ་ཆེ་ཞིང་། ཁང་དམར་གྱི་གནས་རྙིང་སྒོར་གཞས་ལ་ཆ་བཞག་ན། དེར་ལོ་ངོ་1200ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། བཤད་སྲོལ་ལ་སྤྱི་ལོའི་དུས་རབས་བདུན་པར་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ཁོང་གི་དབུ་བླ་རྒྱ་འཇམ་དཔལ་གསང་བའི་དུས་སུ་གནས་རྙིང་དགོན་པ་ཕྱག་བཏབ། གནས་རྙིང་དགོན་པར་རབ་གནས་གནང་བའི་མཛད་སྒོར་ས་གནས་དེ་གའི་མང་ཚོགས་ཀྱིས་དགོན་པར་རབ་གནས་གནང་བའི་མཛད་སྒོར་རྟེན་འབྲེལ་ཞུ་ཆེད་སྒོར་གཞས་འཁྲབ་ཅིང་། དེ་ནས་བཟུང་གནས་རྙིང་སྒོར་གཞས་བྱུང་བར་གྲགས།
        གནས་རྙིང་སྒོར་གཞས་ལ་འཁྲབ་སྟོན་གྱི་ཉམས་འགྱུར་ཐུན་མོང་མ་ཡིན་པ་དང་། འཁྲབ་སྟངས་མང་བ། གཞས་ཚིག་སྙན་ལ་ནང་དོན་ཟབ་པ། རོལ་དབྱངས་ཀྱི་འགྱུར་ཁུག་ལྷོད་ལ་རྣ་བར་འཇེབས་པ། སྟངས་སྟབས་འཁྲུག་ཆ་དོད་ལ་དལ་ལྷོད་འཚམ་པ་བཅས་ཀྱི་ཁྱད་ཆོས་ལྡན་གཤིས། རྒྱ་ཆེའི་མང་ཚོགས་ཀྱིས་ཤིན་ཏུ་དགའ་པོ་བྱེད་པས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱུང་ཡོད།
        2007ལོར་གནས་རྙིང་སྒོར་གཞས་དེ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་གཞུང་དུ་བཅུག་ཡོད།

       གཟབ་མཆོར་སྤྲས་པའི་གནས་རྙིང་སྒོར་གཞས་འཁྲབ་མཁན།

གནས་རྙིང་སྒོར་གཞས་འཁྲབ་བཞིན་པ།
རྩོམ་སྒྲིག་པ།སྣང་རྡོར།