ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཟས་མཆོག

སྤོ་ལོའི་ཤིང་བརྐོས།

གྲི་རྩེ་དང་སོར་རྩེ་ལས་འཁྲུངས་པའི་ངོ་མཚར་ཆེ་བའི་བརྩམས་ཆོས།

སྤེལ་དུས 2019-10-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་སྤོ་ལོའི་ཤིང་བརྐོས་ལག་རྩལ་རྒྱུན་འཛིན་པ་རྣམ་རྒྱལ་གྱིས་བློ་རྩེ་གཅིག་སྒྲིམ་ངང་ཤིང་བརྐོས་རྒྱག་བཞིན་པ།

པར་འདི་དག་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་སྤོ་ལོའི་ཤིང་བརྐོས་ལག་རྩལ་གྱི་རྒྱུན་འཛིན་པ་རྣམ་རྒྱལ་གྱིས་ཤིང་བརྐོས་རྒྱག་པའི་གནས་ཚུལ་ཡིན་པ།
        【པར་ངོས་འདིའི་པར་ཚང་མ་ལེ་ཐུའུ་ཡུལ་སྐོར་དྲ་བའི་པར་ལེན་བ་ཝུའུ་ཤོན་གྱིས་བླངས】
        སྤོ་ལོ་ཤང་དང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གྲོང་དབར་བར་ཐག་སྤྱི་ལེ་35ཡོད་ཅིང་། ལོ་ངོ་400ཡི་ལོ་རྒྱུས་ལྡན་པའི་སྤོ་ལོའི་ཤིང་བརྐོས་ལག་རྩལ་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད།
        ཤོད་རྒྱུན་དུ་ལོ་ངོ་400ལྷག་ཙམ་གྱི་གོང་། མིང་ལ་མགོན་ལྷ་རྡོ་རྗེ(སྒྲ་སྒྱུར)ཞེས་པའི་གཞོན་ནུ་ཞིག་ལ་སྤྲུལ་སྐུ་ཞིག་གིས་ཤིང་བརྐོས་ལག་རྩལ་བསླབ་པའི་རྨི་ལམ་རྨིས་པ་དེ་ནི་ལས་དབང་གི་འབོད་སྐུལ་ཞིག་དང་མཚུངས། དུས་དེ་ནས་བཟུང་། མགོན་ལྷ་རྡོ་རྗེས་ལག་རྩལ་འདི་སྦྱོང་འགོ་ཚུགས་པ་དང་སྤོ་ལོ་ཤང་གི་ཤིང་བརྐོས་ལག་རྩལ་ད་བར་རྒྱུན་འཛིན་ཐུབ་སྟེ་མི་རབས་ནས་མི་རབས་བར་བརྟན་སྲུང་བྱས་པས། སྤོ་ལོའི་ཤིང་བརྐོས་ལག་རྩལ་བོད་ནས་རྩེར་སོན་དུ་གྱུར་ཏེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ལ་གྱུར་ཡོད།
        རྣམ་རྒྱལ་ནི་སྤོ་ལོའི་ཤིང་བརྐོས་ལག་རྩལ་གྱི་རྒྱུན་འཛིན་པ་མི་རབས་ལྔ་པ་ཡིན་ཞིང་། ཤ་རྩི་ཅུང་ནག་ཀྱང་ཁོང་གིས་ལག་རྩལ་བྱང་ཆུབ་པའི་ལག་པ་གཉིས་དང་གསེག་གྲིར་བརྟེན་ནས་ཤིང་དཀྱུས་མ་ཞིག་སྤུས་ཀ་དག་པའི་པར་ཤིང་དང་ནང་བསྟན་གྱི་རི་མོར་འགྱུར་བ་བྱས་སོང་།
        རྣམ་རྒྱལ་གྱིས་བཟོ་དབྱིབས་ཐོན་མ་ཐག་པའི་ཤིང་ཆེན་པོ་གཉིས་ལ་མཛུབ་མོ་འཛུགས་བཞིན་དུ་ཁོང་དང་ཤིང་བརྐོས་དབར་གྱི་ལས་འཕྲོའི་སྐོར་གླེང་། ཤིང་བརྐོས་འདི་གཉིས་ཀྱི་རིང་ཚད་ལ་སྨི་གཅིག་ཙམ་ཡོད་པ་དང་། དེའི་སྟེང་མ་ཎི་ཡིག་དྲུག་ཁ་གསལ་ལ་གཏིང་ཚུགས་པ་ཞིག་བརྐོས་འདུག
        རྣམ་རྒྱལ་གྱིས། བལྟས་ན་སྤྱིར་བཏང་གི་ཤིང་བརྐོས་འདིར་རྒྱུ་ཆ་འདེམས་སྐབས་དང་དོད་ཆེན་པོ་བྱེད་དགོས་ཀྱི་ཡོད། ཤིང་རྒྱུའི་ཐད་སྤོ་ལོ་ཤང་རང་ནས་ཐོན་པའི་སྟག་ཤིང་དང་གཡེར་མའི་ཤིང་སྤྱོད་དགོས་ཀྱི་ཡོད། ཤིང་འདི་གཉིས་ཀའི་སྤུས་ཀ་ལེགས་པོ་ཡོད་པ་མ་ཟད་ལས་སླ་པོར་གས་མི་སྲིད། ལོ་ལྟར་གྱི་ཟླ་10པའི་ཤིང་ནི་ཡག་ཤོས་ཡིན་པ་དང་། ཟླ་3པ་དང་4པའི་ཤིང་ཞན་ཤོས་རེད། ཡག་སྒྲུག་བརྒྱབ་པའི་ཤིང་དུས་ཡུན་ཟླ་6ལྷག་ཙམ་བསིལ་སྐམ་གཏོང་དགོས་ཞེས་བརྗོད།
        བསིལ་སྐམ་བཏང་རྗེས་གྲབས་གསོག་བྱས་པའི་ཤིང་རྒྱུ་བརྡར་ནས་ངོས་སྙོམས་པོ་བཟོ་གི་ཡོད། བརྐོས་མ་བརྒྱབ་གོང་བརྐོས་རྒྱག་པའི་རི་མོ་དང་ཡི་གེ་ཤོག་བུའི་སྟེང་འབྲི་བ་དང་རི་མོ་དེ་དག་སྤྱིར་ན་དཔེ་ཆ་དང་མ་ཎི་ཡིག་དྲུག་གམ་ཡང་ན་ཆོས་ལུགས་ཀྱི་རི་མོ་ཤ་སྟག་རེད། དེ་རྗེས་དཔེ་ཆ་དང་རི་མོ་དེ་དག་ཤིང་ལེབ་སྟེང་བརྐོས་དགོས།
        སྤོ་ལོའི་ཤིང་བརྐོས་ཀྱི་ཉིང་ཁུ་ལྟ་བུར་གྱུར་པའི་པར་ཤིང་བརྐོས་དཀྲོལ་ལ་ཉུང་མཐར་ཡང་རིམ་པ་སྟར་ཆགས་ཀྱི་ལས་རིམ་བདུན་ལྷག་ཙམ་བརྒྱུད་དགོས་ཀྱི་ཡོད། “ལས་རིམ་བདུན་པོ་དེ་དག་ཚང་མ་ཧ་ཅང་གལ་ཆེན་པོ་ཡིན་པས། གཅིག་ཀྱང་ཆད་མི་རུང་། བརྐོས་དཀྲོལ་རྒྱག་སྐབས་ཤིང་རྒྱུན་ཆད་མེད་པར་བསྐོར་བ་རྒྱག་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་མི་ཁག་གཅིག་གིས་དུས་ཚོད་གྲོན་ཆུང་བྱ་ཆེད། ལས་རིམ་ཉུང་དུ་གཏོང་གི་ཡོད་པས་ཤིང་བརྐོས་ཀྱི་སྤུས་ཚད་ཞན་ཙམ་ཡོང་གི་ཡོད། དེ་ནི་ལག་རྩལ་འདིར་བརྩི་འཇོག་མ་བྱས་པ་ཞིག་རེད”ཅེས་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས།
        རིམ་པ་སྟར་ཆགས་ཀྱི་ལས་རིམ་བདུན་པོ་དེ་དག་བརྒྱུད་ནས་ཡི་གེ་དང་པར་མར་ཞུ་དག་ཐེངས་མ་བདུན་བཏང་རྗེས་གཞི་ནས་ལས་རིམ་རྗེས་མ་འགོ་བཙུགས་ཆོག དེ་རྗེས་མར་ཁུ་བཞུར་ནས་པར་ཤིང་ཐོག་བྱུགས་དགོས་པ་དང་ཉིན་ཞག་གཅིག་བཞག་ནས་པར་ཤིང་ངོས་ཀྱི་མར་རྣམས་གཙང་མ་ཕྱིས་དགོས་ཀྱི་ཡོད། མར་བྱུགས་པའི་ཤིང་པར་རྣམས་ཁུངས་མཐུག་པོ་ཡོང་གི་ཡོད། ཤོད་རྒྱུན་ལྟར་ན། མར་བྱུགས་པའི་ཤིང་བརྐོས་ལོ་སུམ་བརྒྱ་བཞི་བརྒྱ་ཉར་ཆོག་པ་དང་། བརྐོས་བརྒྱབ་ཟིན་པའི་གླེགས་ཤིང་ལོ་གཉིས་ལ་མར་ཁུའི་ནང་ཐེངས་རེ་སྦངས་རྗེས་ཆུས་བཀྲུས་ན་ཉར་ཚགས་ཡུན་རིང་པོ་ཐུབ་ཀྱི་ཡོད་པ་རེད།
        ཉེ་འགྲམ་གྱི་ལག་རྩལ་པ་རྣམས་བྲེལ་བརྩོན་ཆེན་པོས་ལས་ལ་གཞོལ་བར་ལྟ་བཞིན་དུ་རྣམ་རྒྱལ་གྱིས་སྤོབས་པ་ཆེན་པོས“ང་ཚོའི་པར་ཤིང་མང་ཆེ་བ་སི་ཁྲོན་གྱི་སྐད་གྲགས་ཆེ་བའི་སྡེ་དགེ་པར་ཁང་དང་དགོན་སྡེ་གཞན་དག་གི་པར་ཁང་གིས་སྤྱོད་ཀྱི་ཡོད། ང་ཚོས་ད་དུང་ལྷ་སྐུ་བརྐོས་དཀྲོལ་རྒྱག་གི་ཡོད། ད་ཆ་མངགས་ཐོ་ཧ་ཅང་མང་པོ་སླེབས་ཀྱི་འདུག་པས་ཁོམ་པ་དེ་ཙམ་མི་འདུག”ཅེས་བརྗོད།
        སྔར་སོང་ལ་ཕྱིར་དྲན་བྱེད་སྐབས་རྣམ་རྒྱལ་གྱིས་ལོ་12ནས་པར་ཤིང་ལ་བརྐོས་རྒྱག་འགོ་ཚུགས་པ་ནས་ད་བར་ལོ་38སོང་བས། མི་ཚེའི་དུས་ཚོད་མང་ཆེ་བ་པར་ཤིང་དང་འགྲོགས་ཡོད་ཅེས་བརྗོད་ནའང་ཐལ་དྲགས་མེད། དེ་སྔ་རྣམ་རྒྱལ་གྱིས་མི་ཚང་མ་ཧ་ལས་ཧང་སངས་དགོས་པའི་པར་ཤིང་ཞིག་བརྐོས་བརྒྱབ་ནས་ལག་རྩལ་དེའི་གཟི་བརྗིད་མཚན་སྙན་སྔར་ལས་ལྷག་པ་ཡོང་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
        2014ལོར་བསམ་འདུན་དེ་མངོན་འགྱུར་བྱུང་ཞིང་། 2014ལོར་ཆབ་མདོའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གཉེར་རིང་། རྣམ་རྒྱལ་གྱི་ཤིང་བརྐོས་ཆབ་མདོའི་གྲགས་ཅན་གྱི་ལག་ཤེས་ཐོན་རྫས་བཞིའི་གྲས་ལ་གྱུར་པ་དང་འབྲེལ་པེ་ཅིང་དུའང་འགྲེམས་སྟོན་བྱས། ད་ཆ་མཐོ་ཚད་ལ་ལི་སྨི་20ཡོད་པའི་ཆོས་འཁོར་འདི་པེ་ཅིང་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་ཡོད། དེ་སྔ་སྒོར་ཁྲི་30སྤྲད་ནས་ཆོས་འཁོར་འདི་ཉོ་མཁན་བྱུང་བ་དང་། ཡང་རིན་གོང་མཐོ་པོ་སྤྲད་ནས་རྣམ་རྒྱལ་ལ་དེ་འདྲ་བ་ཞིག་བརྐོས་རྒྱག་རོགས་ཞེས་ལབ་མཁན་བྱུང་ནའང་ཁོང་གིས་ཁས་བླངས་མེད།
        ད་ཕན་ལོ་ཤས་རིང་། འཇོ་མདའ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག ལོ་ངོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལག་རྩལ་རྙིང་པ་འདི་རྒྱུན་འཛིན་ཐུབ་པ་དང་འབྲེལ་མི་མང་པོ་ཞིག་གིས་ཤིང་བརྐོས་ལག་རྩལ་སྦྱོང་འདོད་བྱེད་ཀྱི་ཡོད། འབྱུང་འགྱུར་རྣམ་རྒྱལ་གྱིས་ཀུན་སྤྱོད་བཟང་བ་དང་དྲིན་གཟོའི་བསམ་པ་ཡོད་པའི་མི་ཞིག་བདམས་ནས་ལག་རྩལ་རྒྱུན་འཛིན་བྱེད་དུ་འཇུག་རྩིས་ཡོད་པ་དང་ཆབས་ཅིག ཁོང་གིས་ལག་རྩལ་འདི་མི་དེ་བས་མང་བར་བརྒྱུད་སྤྲོད་བྱས་ཏེ་མི་ཉམས་གོང་འཕེལ་ཡོང་བའི་རེ་བ་འཆང་བཞིན་མཆིས།

རྩོམ་སྒྲིག་པ།སྣང་རྡོར།