ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

སྟོན་ཐོག་སྡུད་པ་དང་སྐྱིད་ཆུའི་རོང་སར་རྟ་ཕོའི་གཡེར་ཁ་སིལ་སིལ།

སྤེལ་དུས 2019-08-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྟ་པ་བཅུ་དྲུག་ཕྲེང་བསྒྲིགས་ནས་གྲུབ་པའི་རུ་ཁག་ཅིག་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་སྣེའུ་ཤང་གསང་མདའ་གྲོང་ཚོའི་ཞིང་ཁར་བྱ་འཕུར་བ་ལྟར་རྒྱུག་བཞིན་མཆིས་ལ། རྟ་ཕོའི་གཡེར་ཁ་སིལ་སིལ་གྱི་སྒྲ་དབྱངས་ནི་ནས་འབྲུའི་སྙེ་མ་སྨིན་པར་སྐུལ་བ་དང་འདྲ། དཔྱིད་ཁར་འདེབས་པ་དང་སྟོན་ཁར་བསྡུ་བ་སྟེ། དུས་ཚིགས་བཞི་བོ་སྐྱིད་ཆུའི་རོང་སར་གནས་པའི་གྲོང་ཚོ་འདིར་འཇབ་བུར་འཁོར་ནས། སྡེ་མི་དག་གིས་ལོ་ལེགས་འབྱུང་བར་སྨོན་པའི་ལོ་གཅིག་ལ་ཐེངས་གཅིག་ལས་མེད་པའི“འོང་སྐོར་དུས་ཆེན”ལ་སླེབས་པ་རེད།
རྟ་པའི་རུ་ཁག་གིས་གསང་མདའ་གྲོང་ཚོའི་ཞིང་ཁའི་ཕྱི་སྐོར་དུ་རྟ་རྒྱུགས་བྱེད་པ།
གསང་མདའ་གྲོང་ཚོའི་ནས་ཞིང་།
            “འོང་སྐོར”ནི་ཞིང་ཁར་སྐོར་བ་བརྒྱབ་པའི་དོན་ཏེ། “འོང”ནི་ཞིང་ཁ་དང“སྐོར”ནི་སྐོར་བ་བརྒྱབ་པའི་དོན་ཡིན། དེ་བས“འོང་སྐོར་དུས་ཆེན”ནི་ཞིང་ཁར་སྐོར་བ་རྒྱག་པའི་ཉིན་མོ་ཡིན། ད་ལྟའི་བར་དུ་ལོ་ངོ་1500ལྷག་གི་ལོ་རྒྱུས་ལྡན་པའི“འོང་སྐོར་དུས་ཆེན”ནི་བོད་ཀྱི་སོ་ནམ་པས་ལོ་ལེགས་བྱུང་བར་སྟོན་མོ་གཏོང་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་དང་ལྷོ་ཁ། གཞིས་ཀ་རྩེ་སོགས་ས་ཁུལ་གྱི་རོང་ཁུལ་དུ་ཁྱབ་ཡོད། “འོང་སྐོར་དུས་ཆེན”དེ་སྤྱིར་བཏང་ཤང་ངམ་གྲོང་ཚོ་སྡེ་ཚན་དུ་བྱས་ཤིང་། ས་ཆ་དེའི་ལོ་ཏོག་སྨིན་དུས་གཞིར་བཟུང་ནས་དུས་ཆེན་གྱི་ཉིན་མོ་གཏན་ཁེལ་བྱེད་པ་ཞིག་རེད། 
“འོང་སྐོར་དུས་ཆེན”གྱི་སྔོན་ལ། ས་ཆ་ཁ་ཤས་ལའང་ཆེད་དམིགས་ཀྱི་ཆོ་ག“ཆོས་སྐོར་དུས་ཆེན”ཞེས་པ་ཞིག་ཡོད་དེ། ལོ་ལེགས་འབྱུང་བར་གསོལ་བ་འདེབས་པ་དང་བསྟུན། སྡེ་མི་རྣམས་ཀྱིས་ཆོས་དཔེ་ཁུར་ནས་ཞིང་ཁར་རྐང་པ་བརྒྱབ་ནས་སྐོར་བ་བྱེད་པ་རེད། 
སྡེ་མི་རྣམས་ཀྱིས་མཛད་སྒོ་སྤེལ་བར་སྒུག་པ།
རྟ་པའི་རུ་ཁག་གིས་གསང་མདའ་གྲོང་ཚོའི་ཞིང་ཁའི་ཕྱི་སྐོར་དུ་རྟ་རྒྱུགས་བྱེད་པ།
རྟ་པའི་རུ་ཁག་གིས་གསང་མདའ་གྲོང་ཚོའི་ཞིང་ཁའི་ཕྱི་སྐོར་དུ་རྟ་རྒྱུགས་བྱེད་པ།
རྟ་པའི་རུ་ཁག་གསང་མདའ་གྲོང་ཚོའི་ཞིང་ཁའི་ཕྱི་སྐོར་དུ་བསྐྱོད་པ།
               ཟླ་8པའི་ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། སྡེ་མི་རྣམས་ཀྱིས་ནས་ཆང་དང་ཤུག་པ་འཁྱེར་ནས་གཅིག་རྗེས་གཉིས་མཐུད་དུ་གྲོང་ཚོའི་ལྷ་ཁང་མདུན་དུ་འབྱོར་ཞིང་། “འོང་སྐོར་དུས་ཆེན”གྱི་མཛད་སྒོ་སྤེལ་བར་སྒུག་པ་རེད། རྟ་ཕོའི་རྨིག་སྒྲ་གྲགས་པ་དང་བསྟུན་ནས་གཟབ་མཆོར་སྤྲས་པའི་རྟ་པ་རྣམས་ཀྱིས་དར་ཚོན་སྣ་ལྔ་བཏགས་པའི“དམག་རྟ”ཞོན་མ་ཁྲིད་ཀྱིས་མཛད་སྒོའི་ཡུལ་དངོས་སུ་སྣ་དྲངས་ནས་བྱུང་། 
               ལྷ་ཁང་ནང་དུ་གྲྭ་པ་ཞིག་གིས་ཆོས་འདོན་པ་དང་། ལྷ་ཁང་ཕྱི་རུ་རྟ་པ་རྣམས་དང་གྲོང་ཚོའི་རྒན་རྒོན་ཡ་རབས་དག་གིས་གདོད་མའི་དམངས་གཞས་དབྱངས་སུ་གྱེར། “རྒྱོབ་རྒྱོབ་སོད་སོད། ལྷ་གསོལ་ལོ།།”ཞེས་པའི་འབོད་སྒྲ་ཞིག་གི་རྗེས་སུ། རྩམ་པ་མཐོ་བར་གཏོར་ཅིང་རྟ་པ་རྣམས་ལམ་ལ་ཆས་ཉེ་བ་རེད། 
               མགོར་སེ་མོ་དོ་དམར་པོའི་ཞྭ་མོ་སྒོར་སྒོར་གྱོན་ཞིང་། ལུས་ལ་བཀྲ་ཤིས་རྟགས་བརྒྱད་དྲུབས་པའི་ཀྭ་ཙེ་དཀར་པོ་གོན་པའི་ཟླ་བ་ཚེ་རིང་བྱང་ཆ་དོད་པོའི་ངང་ཡོབ་ལ་བརྟེན་ནས་རྟ་ཐོག་ལ་ཞོན་ཐེངས་གཅིག་གིས་བུད། ཁོའི་རྐང་པ་གཉིས་ཀྱིས་ཡོབ་ལ་རྡུང་ཞིང་ལག་པ་གཡས་པས་རྟ་ལྕག་གཡུག་གཡུག་བྱེད་བཞིན་གྲོང་ཚོའི་ལམ་ཐོག་ཏུ་བསྐྱོད་པ་མཐོང་། རྒན་སྐྱོར་བྱིས་ཁྲིད་ཀྱི་སྡེ་མི་རྣམས་ཀྱིས་སྔ་ས་ནས་ལམ་ཕྱེ་སྟེ་ཐག་རིང་དུ་ཕྱིན་པའི་རྟ་པའི་རུ་ཁག་ལ་རྒྱང་གཟིགས་བྱེད་པ་རེད། 
               ད་ནི་ཐེངས་དགུ་བར“འོང་སྐོར་དུས་ཆེན”སྟེང་རྟ་པ་བྱས་པའི་ཟླ་བ་ཚེ་རིང་གིས་ང་ཚོར་བཤད་རྒྱུར། “འོང་སྐོར་དུས་ཆེན”ནི་གྲོང་ཚོའི་དོན་ཆེན་ཡིན་པས། གྲོང་ཚོའི་ཚོ་སྐོར་སོ་སོས་རྟ་ཞོན་པར་འཇོན་པའི་མི་བདམ་ནས་དེ་ལ་ཞུགས་ཆོག་པ་རེད། “ ‘འོང་སྐོར་དུས་ཆེན’གཏོང་བ་ནི་ང་ཚོའི་ས་ཆ་འདིའི་སྲོལ་རྒྱུན་གོམས་གཤིས་ཤིག་ཡིན་ལ། གཙོ་བོར་སྟོན་ཐོག་སྡུད་པ་དང་ལོ་ལེགས་འབྱུང་བར་སྟོན་མོ་བྱེད་པའི་ཆེད་ཡིན།”ཞེས་ཟེར། 
               དབྱར་ཁའི་སྐྱིད་ཆུའི་རོང་ས་རུ་རི་བོས་གོས་ལྗང་བཀླུབས་ཤིང་། སྐྱེ་དགུ་མ་ལུས་པར་གསོན་ཤུགས་རབ་ཏུ་རྒྱས། རྨིག་སྒྲ་དང་གཡེར་སྒྲ་སིལ་སིལ་གྱི་ཁྲོད་དུ། རྟ་པའི་རུ་ཁག་ཞིང་ཁ་བརྒལ་ནས་ལོ་ཏོག་སྨིན་པའི་བརྡ་འཕྲིན་བསྐྱལ་བྱུང་ལ། གྲོང་ཚོའི་ཁང་ཁྱིམ་བསྐོར་ཏེ་ལོ་ལེགས་སྨིན་པའི་སྤྲོ་སྐྱིད་འཁྱེར་ཡོང་། རྟ་རྒྱུག་ར་བར་སླེབས་ནས་སྡེ་མི་རྣམས་ལ་དགོད་སྒྲ་ཡང་བསྩལ་བྱུང་། 
               ཕྱི་དྲོའི་ཆུ་ཚོད་3པར་རྟ་རྩལ་འཁྲབ་སྟོན་གྱི་འགོ་བརྩམས་པ་རེད། རིང་ཚད་ལ་ཧ་ལམ་སྨི་100ལྷག་ཡོད་པའི་རྒྱུགས་ལམ་དུ། རྟ་པ་རྣམས་ཀྱིས་འགོ་འཛུགས་ས་ནས་གྲ་སྒྲིག་བྱེད་ཅིང་། ལྟད་མོ་བ་རྣམས་སྔ་མོ་ནས་གཟིགས་སྟེགས་ལ་བུད་ནས་སྒུག་པ་རེད། 
རྟ་པ་ཞིག་གིས་རྟ་ཐོག་ནས་མདའ་འཕེན་པའི་རྩལ་སྟོན་པ། 
རྟ་པ་ཞིག་གིས་རྟ་རྩལ་འཁྲབ་སྟོན་བྱེད་པ། 
རྟ་པ་ཞིག་གིས་རྟ་ཐོག་ནས་སའི་ཁ་བཏགས་ལེན་པའི་རྩལ་སྟོན་པ།
               ཐོག་དང་པོར་ཕྱིར་ཐོན་པའི་རྟ་པས་བག་ལྷོད་པོའི་ངང་རྟར་ཞོན་ཞིང་རྟ་རྒྱབ་ནས་ཕྱིར་དགྱེ་བ་དང་གཞོགས་སུ་གཡོ་བ་སོགས་ཀྱི་སྟང་སྟབས་སྒྱུར་བས། ལྟད་མོ་རྣམས་ཀྱི་དགའ་འབོད་ཡང་ཡང་འཐོབ། འཁྲབ་སྟོན་བྱེད་པའི་དུས་ལ་གལ་ཏེ་རྟ་པའི་ཞྭ་མོ་སར་ལྷུང་བའམ་ཡང་ན་རྟ་པ་རང་ཉིད་རྟ་ཐོག་ནས་ལྷུང་བ་ཡིན་ན། ཕྱི་ཉིན་ཆང་གི་ཆད་པ་དང་དུ་ལེན་དགོས་པ་རེད། རྟར་ཞོན་ནས་འགྲོ་བའི་འཁྲབ་སྟོན་ཚར་རྗེས། མིག་དབང་འཕྲོག་པའི་འཁྲབ་ཚན་རིམ་པ་བཞིན་དུ་སྤེལ་བ་སྟེ། རྟ་པ་རྣམས་ཀྱིས་མདའ་གཞུ་ཐོགས་ཏེ་རྟ་ཐོག་ནས་མདའ་འཕེན་པའི་འཁྲབ་སྟོན་ལ་གྲ་སྒྲིག་བྱེད་པ་རེད། 
               ལག་པ་གཡོན་པས་གཞུ་མོ་ཐོགས་ཤིང་ལག་པ་གཡས་པས་མདའ་བཀང་ལ། རྐང་པ་གཉིས་ཡོབ་ཆེན་ལ་བཞག་སྟེ་ཡིད་ཆེས་བརྟན་པོའི་ངང་འགྲན་རའི་ཕྱོགས་སུ་རྒྱུག་གིན་སོང་། ལུས་པོ་གཅུན་ནས་མདའ་ཁ་འགྲན་རའི་དཀྱིལ་དང་དཀྱུ་སའི་གཡོན་གཞོགས་ཀྱི་འབེན་ལ་གཟས་ཏེ་གཡོ་གཟུར་མེད་པར་འཕངས། ར་བའི་ཕྱི་རོལ་ཏུ་ལྟད་མོ་བ་རྣམས་ཀྱིས་འབེན་ལ་མིག་གིས་ཅེར་ནས་སྡོད་པ་སྟེ། ཤུ་སྒྲ་སྒྲོག་པ་ན་འབེན་ལ་མ་ཕོག་པ་དང་། དགའ་འབོད་སྒྲོག་པ་ན་འབེན་པ་ཕོག་པ་མཚོན། འགྲན་རར་ད་ནི་ཤུ་སྒྲ་ཐེངས་གསུམ་བསྒྲགས་སོང་། གནས་སྟངས་རེངས་པོ་དེ་ཐེངས་བཞི་བར་ཕྱིར་ཐོན་པའི་རྟ་པ་དེས་གཞི་ནས་གཏོར། “ཕོག་སོང་།”
               ཡིད་དབང་འཕྲོག་པའི་ལྟད་མོ་ད་དུང་སྤེལ་ཅིང་མཆིས། སྡེ་མི་རྣམས་ཀྱིས་སྔ་མོ་ནས་གྲ་སྒྲིག་བྱས་པའི་ཁ་བཏགས་དཀར་པོ་བཟུང་ནས་བར་མཚམས་ལྡན་པའི་ངང་དཀྱུ་སར་བཞག་ཅིང་། རྟ་པ་རྣམས་ཀྱིས་རྟ་ཐོག་ནས་ལེན་ཐུབ་པར་སྒུག་འདུག རབ་ཏུ་རྒྱུག་གིན་པའི་རྟ་རྒྱབ་ནས་རྟ་པ་རྣམས་ཕྱོགས་གཅིག་ནས་མདུན་དུ་རྒྱུགས་དགོས་པ་དང་ཕྱོགས་གཅིག་ནས་ལུས་པོ་དུད་དེ་ལག་པ་དཀྱུ་སར་བཞག་པའི་ཁ་བཏགས་མང་པོར་བསྲིངས་དགོས་པ་རེད། ཁ་བཏགས་ལོན་པའི་རྟ་པས་ཁ་བཏགས་ལག་པས་གཡུག་གཡུག་བྱེད་བཞིན་ལྟད་མོ་བ་དང་ཕན་ཚུན་མཉམ་སྐུལ་བྱས་ཏེ་དགའ་འབོད་ཡང་ཡང་བསླངས། 
               ས་སྲོད་ལ་ཉེ་བ་ན་འགྲན་སྡུར་ཡང་མཇུག་རྫོགས་ལ་ཉེ། རྟ་རྒྱུགས་ར་བར་རླངས་འཁོར་དང་རྐང་གསུམ་འཁོར་ལོ། འཕྲུལ་རྟ་མང་པོས་སྡེ་མི་རྣམས་དྲུད་ནས་ཁྱིམ་དུ་ལོག་པར་གྲ་སྒྲིག་བྱེད་པ་རེད། ཞིང་ཁའི་རྟ་ཕོའི་གཡེར་སྒྲ་སིལ་སིལ་དང་འགྲན་རའི་དགའ་འབོད་ཀྱི་སྒྲ་དབྱངས་ཀྱིས་ནང་སེམས་རབ་ཏུ་སྐྱོམ་པར་བྱེད་དེ། སྟོན་ཐོག་སྡུད་ལ་ཉེ་བས། མི་རྣམས་ཀྱིས་ཡང་བསྐྱར་འབྲུ་མཛོད་དགང་བའི་སྟོན་བསྡུ་ཞིག་ལ་རེ་སྒུག་བྱེད་ཅིང་མཆིས།
རྩོམ་སྒྲིག་པ།སྣང་རྡོར།