ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

བདེ་སྐྱིད་ཀྱིས་ཁྱེད་རང་བོད་ཁྱིམ་དུ་ཁྲིད་པ།

སྟེས་དབང་དུ་ཁེ་སྨད་གྲོང་ཚོའི་སྟོན་བསྡུ་དང་འཕྲད་བྱུང་།

སྤེལ་དུས 2019-09-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  
     ང་དང་བདེ་སྐྱིད་མུ་མཐུད་ནས་ང་ཚོའི་བོད་ཀྱི་དམངས་སྲོལ་རིག་གནས་ཡུལ་སྐོར་ལ་བསྐྱོད་པ་ཡིན།  ཉིན་དེར་ང་ཚོ་བོད་རང་སྐྱོང་ལྗོངས་ལ་དམངས་གཙོའི་བཅོས་བསྒྱུར་བཏང་པའི་གྲོང་ཚོ་དང་པོ་སྟེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོའི་ཞིང་པའི་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་སྐོར་ལ་བཅར་འདྲི་བྱེད་པར་ཕྱིན།   ཕྱིར་ལོག་དུས་གྲོ་ཞིང་བརྒྱུད་ནས་ཡོང་སྐབས།  སྟེས་དབང་དུ་དེའི་ཉེ་འགྲམ་གྱི་ཁེ་སྨད་གྲོང་ཚོའི་གྲོང་མིས་སྟོན་ཐོག་སྡུད་པ་དང་འཕྲད།
     རྒྱང་རིང་ནས་བལྟ་དུས།  བརྔ་བསྡུའི་འཕྲུལ་འཁོར་དང་འདྲུད་འཐེན་འཁོར་ལོ་གྲོ་ཞིང་གི་དཀྱིལ་དུ་རྒྱུ་བཞིན་པ་དང་།  གྲོང་མི་བཅུ་གྲངས་ཤིག་གིས་ཞིང་གི་གྲུ་ག་སོ་སོ་རུ་ཁ་ཐོར་ནས་གོ་རིམ་ཡོད་པའི་སྒོ་ནས་ཞིང་ཁའི་ལས་ཀ་ལ་བྲེལ་བཞིན་པ་མཐོང་།   མཐའ་ཡས་པའི་གྲོ་ཞིང་དང་ཞིང་ཁའི་ལས་ལ་བྲེལ་བའི་རྣམ་པ་དེས་ང་ཚོའི་ཡིད་དབང་ཅིག་ཅར་དུ་འཕྲོག་སོང་།  
     དེ་ནས་བདེ་སྐྱིད་ཀྱིས་ང་རང་ཁྲིད་ནས་བོད་རིགས་ཞིང་པའི་སྟོན་བསྡུའི་ཁྲོད་ཀྱི་བྲེལ་བ་དག་ཁོ་མོ་དང་ལྷན་དུ་ཉམས་སུ་མྱོང་བར་ཁྲིད། གྲོང་མི་རྣམས་དང་ཁ་བརྡ་སྟབས་བདེ་ཞིག་བྱས་རྗེས།  ང་ཚོས་རང་འགུལ་ངང་བོད་ཀྱི་ཨ་ཅག་རྣམས་ལ་ངེད་གཉིས་ཀྱིས་ས་ཞིང་གི་ལས་ཀ་ཉམས་སུ་མྱོང་ན་འདོད་ཅེས་བཤད།   བལྟས་ན་ལས་སླ་བའི་གྲོ་ཞིང་གི་ལས་ཀ་འདི་རྒྱུན་འཁྱོངས་བྱེད་རྒྱུ་དེ་འདྲ་སླ་བོ་ཞིག་མ་རེད།
     ཉིན་གུང་གི་དུས་སུ།   གྲོང་མི་རྣམས་ཀྱིས་སྤྲོ་སེམས་འཁོལ་པོའི་ངང་ང་ཚོ་ཁོ་ཚོ་དང་མཉམ་དུ་སྔར་ནས་གྲ་སྒྲིག་བྱས་ཟིན་པའི་གུང་ཟས་ལ་རོལ་བར་བོས། གུང་ཟས་ནི་གྲོའི་བག་ལེབ་དང་རང་ཁྱིམ་ནས་བཟོས་པའི་བསྲུབས་ཇ་ཙམ་ཡིན་རུང་།  ང་ཚོས་ཟོས་དུས་ཧ་ཅང་ཞིམ་མངར་ལྡན་པ་བྱུང་།  གུང་ཟས་སྟབས་བདེ་ཞིག་རོལ་རྗེས།  གྲོང་མི་རྣམས་མྱུར་དུ་ཡང་བསྐྱར་ཞིང་བརྔ་བའི་ལས་ལ་བྲེལ་སོང་།
     དུས་ཐུང་གི་ཞིང་བརྔ་བའི་མྱོང་བ་དང་། གུང་ཟས་སྟབས་བདེ། དེ་མིན་ཁོ་ཚོ་དང་སྤྱིར་བཏང་གི་ཁ་བརྡ་བྱས་པ་བཅས་ཀྱིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་།  ལྷག་པར་དུ་གྲོང་མི་རྣམས་ཀྱི་སྙིང་ཉེ་བ་དང་བརྩེ་སེམས་ལྡན་པའི་ངང་ཚུལ་དེས་ང་ཚོའི་བར་གྱི་བར་ཐག་གློ་བུར་དུ་ཇེ་ཉེ་རུ་གྱུར་ལ།   ཕ་ཡུལ་དང་ཁ་ཐག་རིང་བའི་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་འདི་ནས་ཀྱང་ང་ལ་ཕ་ཡུལ་ལྟ་བུའི་བརྩེ་བ་དྲོན་མོ་ཉམས་སུ་མྱོང་དུ་བཅུག  
རྩོམ་སྒྲིག་པ། སྣང་རྡོར།