ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

ཉིང་ཁྲིའི་སྤོ་བོ་ཁུལ་གྱི་དམངས་ཁྲོད་རྟ་རྩལ།

སྤེལ་དུས 2019-09-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

       སྤོ་བོ་ཁུལ་གྱི་རྟ་རྒྱུག་དེ་ཁག་གཉིས་ལ་དབྱེ་ཆོག་པ་སྟེ། གཅིག་ནི་རྟའི་བང་རྩལ་འགྲན་རྒྱུ་དེ་ཡིན། དེ་ནི་སྤོ་བོ་ཁུལ་ཡོངས་ལ་ཁྱབ་གདལ་ཆེ་ཙམ་ཡོད། བང་རྩལ་འགྲན་རྒྱུ་ཞེས་པ་ནི་ལམ་ཐག་ངེས་ཅན་ཞིག་ནས་རྟ་པ་ཡོངས་རྫོགས་མཉམ་རྒྱུག་གིས་བྱ་དགའ་སུ་ལེན་ལྟ་རྒྱུ་དེ་ཡིན། གཅིག་ཤོས་ནི་རྐྱ་ལམ་ཐོག་རྟ་རྩལ་འགྲན་རྒྱུ་དེ་ཡིན། དེ་ནི་སུམ་འཛོམས་དང་། མདའ་རྟ། ཇོ་ལོ་སོགས་ལ་དར་ཁྱབ་ཆེ། ཡུལ་དེ་གསུམ་གྱིས་ལོ་ལྟར་རྟ་རྒྱུག་འགྲན་བསྡུར་ཐེངས་གཅིག་བྱེད་ཀྱི་ཡོད་པ་ནི་ལོ་རྒྱུས་ཡུན་རིང་ལྡན། 
       རྐྱ་ལམ་དུ་རྟ་རྩལ་འགྲན་པའི་སྐབས་སུ་རྟ་པ་རྣམས་ཀྱི་ཆས་གོས་ནི་ཅུང་དམིགས་བསལ་ཞིག་སྟེ། ཞྭ་མོ་སོག་ཞྭ་དང་། འབུ་རས་ཀྱི་འོག་འཇུག གཟིག་ཤན་ཕྱུ་པ།  ཆ་ཆེ་བའི་འབུ་རས་གོས་ཐུང་། འཇའ་ལྷམ་བཅས་གྱོན་དགོས། དེའི་སྟེང་དར་ཚོན་སྣ་ལྔའི་རྒྱ་འཁྱིག་དང་། དཔུང་དར་འདོགས་དགོས་པ་མ་ཟད། ད་དུང་མདའ་གཞུ་སག་ཐག་བཅིངས་དགོས། རྐྱ་ལམ་དུ་རྟ་རྩལ་འགྲན་སྐབས་རྐྱ་ལམ་རིང་ཐུང་ངེས་ཅན་ཞིག་ལ་ས་སོབ་སོབ་བཟོ་བའམ་ལམ་ཐིག་དྲང་པོ་ཞིག་འཐེན་ཏེ་དེའི་ཐོག་རྟ་པ་རེ་རེ་བཞིན་རེས་འཁོར་གྱིས་སོ་སོའི་རྟ་རྩལ་ངོམས་དགོས་ཤིང་། དེ་ལྟར་ཐེངས་ལྔ་ནས་བདུན་བར་རྒྱུག་དགོས།  རྟ་རྩལ་ལའང་མིང་དང་རྣམ་གྲངས་མང་ཙམ་ཡོད་དེ། དང་ཐོག་རྟ་པ་ཚང་མས་ཞྭ་དྲུད་ཅེས་པ་ཐེངས་རེ་བྱེད་དགོས་ཤིང་། དེ་ནི་སོག་ཞྭ་ལག་མཐིལ་དུ་བཞག་སྟེ་རྟ་ཐོག་ནས་གཡས་གཡོན་གྱི་ས་ཐོག་ཏུ་འདྲུད་ཙམ་བྱས་ནས་ལྟད་མོ་བ་རྣམས་ལ་གུས་ཞབས་བྱེད་པ་མཚོན་པའི་བརྡ་ཡིན། དེ་རྗེས་རྐྱ་ཉལ་ཞེས་རྟ་སྒའི་ཐོག་ནས་གན་རྐྱལ་དུ་ལག་པ་ས་ལ་རེག་ཐབས་བྱེད་པའི་རྟ་རྩལ་དང་། རྐྱ་བས་ཞེས་རྟ་རྒྱུག་གིན་དུ་སར་རྐང་པ་ཐེངས་གསུམ་རེ་བཙུགས་ནས་སླར་བཞོན་རྒྱུ། མགོ་སླང་ས་བཙུགས་ཞེས་རྟའི་ཕྲག་པར་ཕྲག་པ་བཙུགས་ནས་རྐང་པ་གཉིས་གནམ་ལ་ཀེར་རྒྱུ། དེ་མིན་ཁ་བཏགས་བསྒྲུག་རྒྱུ་དང་། རྟ་ཐོག་ནས་འབེན་ལ་མདའ་འཕེན་རྒྱུ། རྟ་ཐོག་ནས་མེ་མདའ་རྒྱག་རྒྱུ་སོགས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།