ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

ཡོབ་ལས་འཕྲོས་པའི་གཏམ་རྒྱུད།

སྤེལ་དུས 2019-09-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
      སོག་པོའི་ཁྱད་ཆོས་ལྡན་པའི་མིང་རྒྱལ་རབས་དུས་ཀྱི་རྟ་སྒ

      རྒྱུན་གཏན་འཚོ་བའི་ནང་མཐོང་ཆོས་སུ་གྱུར་པའི་ཡོབ་ཤིག་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མེ་རྫས་ཀྱི་དུ་ཞག་དང་དམག་འཁྲུག་གི་མེ་ལྕེ་ཇི་ཙམ་བརྒྱུད་མྱོང་བ་ཤེས་མཁན་སུ་ཞིག་ཀྱང་མེད། དེ་ནི་ང་ཚོའི་རྩིས་རིག་སྤྱི་འགྲོས་ཀྱིས་གང་དེར་འགོས་པའི་ཐལ་རྡུལ་དག་བརྩི་ཐབས་མེད་པ་ལྟར་རོ། རྟ་སྒ་དང་ཡོབ་དུས་ཅི་ཙམ་ནས་བོད་དུ་དར་མིན་དེང་གི་ཆར་ང་ཚོས་རྟོག་ཞིབ་བྱེད་ཐབས་བྲལ་མོད། འོན་ཀྱང་ཉར་ཚགས་མཁན་བསྟན་འཛིན་དར་རྒྱས་ཀྱི་ཉར་ཚགས་དངོས་པོའི་ཁྲོད་ནས་ང་ཚོས་རྟ་ཆས་དར་བའི་ལོ་རབས་དང་སྐབས་དེ་དུས་ཀྱི་ལག་ཤེས་བཟོ་རྩལ་རིགས་འདེད་བྱས་ན་ཆོག
      ཡོབ་ཀྱི་ལོ་རྒྱུས།

       བསྟན་འཛིན་དར་རྒྱས་ཀྱིས་བཙན་སྒམ་ནང་ནས་ཡོབ་ཆ་གསུམ་བཏོན་ནས་རྟ་སྒ་དང་ཡོབ་ནི་རྟ་ཆས་ཆ་ཚང་ཞིག་གི་ཁྲོད་སྲབ་དང་སྲབ་མདའི་རྗེས་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན། ཡོབ་མེད་པའི་དུས་རབས་སུ་མི་རྣམས་སྲབ་མདའ་དང་རྟ་གཟེ་ནས་བཟུང་སྟེ་རྐང་པ་གཉིས་རྟའི་གྲོད་པར་དམ་པོར་བཀར་ནས་རྟ་རྒྱུག་སྐབས་མི་ལྷུངས་བ་བྱེད་ཀྱི་ཡོད། ཡིན་ཡང་ཐབས་ཤེས་དེ་རིགས་བློས་འཁེལ་བ་ཞིག་མེད་ཅིང་། ཐོག་མར་རྟ་ཡུན་རིང་པོ་བཞོན་ན་དཀའ་ལས་ཁ་སླ་བའི་ཁར་རྒྱུག་འགྲོ་བའི་རྟ་ཐོག་ནས་མདའ་འཕེན་ཁག་པོ་ཡོད། དེས་མ་ཟད། ད་དུང་དམག་འཐབ་ཁྲོད་རྟ་པ་ཚོས་གང་འདོད་ལྟར་དཔའ་དམ་དང་མདུང་རིང་སྤྱོད་ཐབས་བྲལ་ནས་ཕ་རོལ་པོ་དམར་གསོད་དང་ལྐོག་གསོད་ཀྱི་རེ་བ་སྟོང་ཟད་དུ་འགྱུར་བ་དང་ཕྱོགས་གཉིས་པོའི་མཚོན་ཆ་རྡེག་རྡུང་ཁྲོད་རྟ་ཐོག་ནས་ལྷུང་སླ་པོ་ཡོད། དེས་ན་མི་རྣམས་ཀྱིས་རྟ་སྒ་དང་ཡོབ་གསར་གཏོད་བྱས་པ་རེད་ཅེས་ལྷུག་པོར་གླེང་བྱུང་། བོད་དུ་རྟ་ལ་སྤྱོད་གོ་གཉིས་ཡོད་དེ་གཅིག་ནི་འགྲིམ་འགྲུལ་ཡོ་ཆས་དང་ཟོག་འདྲེན་དུ་སྤྱོད་ཅིང་། བོད་རྙིང་པའི་དཔོན་ཆེན་མི་དྲག་ཚོ་ཕྱིར་སྐྱོད་སྐབས་ཚང་མས་རྟ་བཞོན་ནས་འགྲོ་གི་ཡོད། གཉིས་ནི་འཐབ་སར་དམག་འཐབ་ཡོ་ཆས་སུ་སྤྱོད་ཅིང་། བོད་ཀྱི་ས་ཆའི་རྒྱ་ཁྱོན་ལས་མང་ཆེ་བ་རྩྭ་ཐང་ཡིན་པ་དེས་དམག་འཐབ་མང་ཆེ་བ་རྟ་དམག་ཧྲག་པོར་བརྟེན་ནས་དམག་རྒྱག་དགོས་ཀྱི་ཡོད།
       གསེར་ཚགས་བརྒྱབ་པའི་ཡོབ།

       བསྟན་འཛིན་དར་རྒྱས་ཀྱིས་བུད་མེད་ཀྱིས་སྤྱོད་པའི་ཡོབ་ཅིག་བཏོན། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཡོབ་དེ་ནི་ཆིང་རྒྱལ་རབས་སུ་ཐོན་པའི་ཡོབ་སྤུས་དག་ཅིག་ཡིན་ཞིང་། གསེར་ཚགས་བརྒྱབ་པའི་ཡོབ་དེའི་མཐིལ་དུ་ཚགས་དཀྲོལ་བརྒྱབ་པ་ནི་སྔར་བས་ཡང་པོ་ཡོང་བའི་ཆེད་དུ་རེད། དེའི་མཐའ་འཁོར་དུ་རྩྭ་རིས་དཀྲོལ་བའི་ཐོག་མཐའ་གཉིས་སུ་ད་དུང་ཆུ་རིས་ཀྱི་གསེར་ཚགས་ཀྱང་བརྒྱབ་ཡོད། ཡོབ་དེ་རིགས་མཐོང་མ་ཐག་གནའ་རབས་བོད་ཀྱི་སྐུ་དྲག་ཚོའི་སྲས་མོ་ཚོར་མ་གཏོགས་སྤྱོད་རྒྱུ་མེད་པའི་ཡོབ་ཅིག་ཡིན་པ་ཤེས་ཐུབ། གནའ་བོའི་བོད་དུ་རིམ་པ་མངོན་གསལ་དུ་ཕྱེ་བའི་ལྷམ་ཡུ་རིང་དང་། ཕྱུ་པ། ཞྭ་མོའམ་ཡང་ན་རྒྱན་ཆ་སོགས་ཚང་མ་ནི་ཐོབ་ཐང་གི་མཚོན་རྟགས་ཤིག་རེད། དེ་དག་ལས་དབང་ཆ་དང་། གནས་བབ། བརྒལ་ཐབས་བྲལ་བའི་དབང་གྲགས་ལ་སོགས་མཚོན་གྱི་ཡོད། ཡོབ་སྤུས་དག་དེ་རིགས་སྐུ་དྲག་ཚོའི་སྲས་མོར་མ་གཏོགས་སྤྱོད་རྒྱུ་མེད། ཡོབ་དེ་རིགས་ལ་ད་ལྟ་ཁྲོམ་རའི་ཐོག་རིན་གོང་སྒོར་ཁྲི་10ཡས་མས་བྱེད་ཀྱི་ཡོད།
       བསྟན་འཛིན་དར་རྒྱས་ཀྱིས་དགའ་ཤོས་བྱེད་པ་ནི་ཡོན་རྒྱལ་རབས་སྐབས་ཀྱི་ལྕགས་ལ་གསེར་དངུལ་གྱིས་ཚགས་བརྒྱབ་པའི་ཡོབ་ཅིག་ཡོད་པ་དེ་རེད། “ཡོབ་དེ་ནི་གཡུལ་འགྱེད་བྱེད་སྐབས་བེད་སྤྱོད་གཏོང་བ་ཞིག་རེད། ཇུས་འགོད་མཁན་གྱིས་ཡོབ་དེའི་ཐོག་ཏུ་རང་འགུལ་ངང་ཁ་ཕྱོགས་སྒྱུར་བྱེད་ཀྱི་དུང་འཁྱིལ་ཞིག་བསྒར་ཡོད་པ་དེས་རྟ་དམག་གིས་གཡུལ་འགྱེད་བྱེད་སྐབས་སྟབས་བདེ་ཡོང་བའི་ཆེད་དུ་ཡིན། ཡོབ་དེའི་ཐོག་ཏུ་ཚགས་བརྒྱབ་པའི་འབྲུག་རིས་ཤིག་ཡོད། འོན་ཀྱང་འབྲུག་དེ་གཉིས་ཀྱི་བཟོ་བཀོད་དེ་ལྟ་བུ་མཐོང་ཧ་ཅང་དཀོན་པོ་ཡིན་པ་དང་དེ་ནི་ཆེས་གདོད་མའི་འབྲུག་རིས་ཤིག་རེད། བོད་རིགས་ས་ཁུལ་དུ་དེར‘འབྲུག་ཁ་སྤྲོད’ཅེས་བརྗོད་ཀྱི་ཡོད། ཡོབ་དེའི་ད་ཆའི་ཁྲོམ་རའི་རིན་གོང་སྒོར་ཁྲི་15ཟིན་གྱི་ཡོད་པ་རེད ”
       ཁོང་གིས་ལྕགས་ལ་གསེར་ཚགས་བརྒྱབ་པའི་ཡོབ་གཞན་ཞིག་ངོ་སྤྲོད་བྱས་ཅིང་། ཁུངས་འཚོལ་ར་སྤྲོད་བྱས་པར་གཞིགས་ན། མིང་རྒྱལ་རབས་སུ་བཟོས་པའི་ཡོབ་དེའི་བཟོ་སྤུས་ཧ་ཅང་དག་པ་དང་ཡོབ་དེའི་ཐོག་ཏུ་ཚགས་བརྒྱབ་པའི་འབྲུག་རིས་གཉིས་ཡོད། འོན་ཀྱང་འབྲུག་དེ་གཉིས་ཀྱི་བཟོ་ལྟ་ནི་ང་ཚོས་ངོས་འཛིན་བྱེད་པའི་འབྲུག་གི་བཟོ་ལྟ་དང་ཧེ་བག་དེ་ཙམ་མེད། ཡོབ་ཀྱི་འཆང་བཟུང་ཐོག་གི་གཞོགས་གཉིས་སུ་གསེར་སྐུད་ཀྱིས་འབྲུག་རིས་བཀོད་ཡོད་པ་དེ་ནི་ད་ཆ་མཐོང་ཧ་ཅང་དཀོན་པོ་ཡིན་པ་རེད།
       བསྟན་འཛིན་དར་རྒྱས་ཀྱིས“གནའ་སྔ་མོའི་རྒྱལ་བློན་དང་སྐུ་དྲག་ཡན་གྱི་ཡོབ་ཚང་མ་ནི་ལྕགས་རིགས་ཀྱིས་བཟོས་རྐྱེན་ཉར་ཚགས་བྱེད་པའི་དུས་ཚོད་ཧ་ཅང་རིང་པོ་ཡིན་པ་རེད། ཀྲུང་གོའི་ཡོབ་སྔ་ཤོས་ནི་ཝེ་ཅིན་དུས་རབས་སུ་ཐོན་པར་ས་འོག་ནས་རྙེད་པའི་འབྲེལ་ཡོད་རིག་དངོས་ཀྱིས་ར་སྤྲོད་ཐུབ། འོན་ཀྱང་བོད་ཀྱི་ཡོབ་ཀྱི་ལོ་རྒྱུས་དེ་ཙམ་གསལ་པོ་མེད། ཡོབ་ནི་སྐྱས་སྤོས་འབྲོག་པར་སྟོབས་ཤུགས་རྒྱས་པར་བྱེད་པའི་གཏན་འཁེལ་རང་བཞིན་གྱི་གསར་གཏོད་ཅིག་རེད། ཡོབ་གསར་གཏོད་མ་བྱས་གོང་རྟ་དམག་ཚོས་ལག་གཡོན་པས་སྲབ་མདའ་འཛིན་དགོས་པ་དང་ལག་གཡས་པས་གྲི་འཛིན་དགོས་པས་འཐབ་ཤུགས་དེ་ཙམ་ཆེན་པོ་མེད། ཡོབ་གསར་གཏོད་བྱས་རྗེས་སྐྱས་སྤོས་འབྲོག་པས་རྐང་པ་གཉིས་ལ་བརྟེན་ནས་རྟ་ལ་ཁ་ལོ་བསྒྱུར་ཞིང་ལག་ཟུང་གིས་མདའ་འཕེན་ཆོག་པས་ཁོང་ཚོའི་མདའ་རྩལ་གཞི་ནས་གོང་མཐོར་ཕྱིན་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།
རྩོམ་སྒྲིག་པ།སྣང་རྡོར།