ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གཉེན་སྟོན།

རྒྱུ་དང་རྫོངས་པ་མེད་པའི་གཉེན་སྲོལ་གྱིས་བདེ་སྐྱིད་འཚོ་བར་རི་མོ་བྲིས།

སྤེལ་དུས 2019-08-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཡང་འབུམ་ཚེ་རིང་།
        མཛེས་སྡུག་ཡིད་གར་འོངས་པའི་དུས་ཚིགས་སུ་སྔོ་ལྗང་ལྗང་གི་མཚོ་བྱང་ཁུལ་མདོ་ལ་རྫོང་བཙུན་མོ་གཞུང་གནའ་གྲོང་ནི་འཁྲུག་ཆ་དོད་ཅིང་། དམིགས་བསལ་གྱི་གཉེན་སྟོན་ཞིག་མདོ་ལ་རྫོང་བཙུན་མོ་གཞུང་རྩྭ་ཐང་རྡོ་དཀར་བྲག་དཀར་གྲོང་ཚོ་ནས་དངོས་སུ་མགོ་བརྩམས། མག་གསར་གསང་བདག་དང་བག་གསར་གཡུ་མཚོ་གཉིས་ཀྱིས་ལུས་ལ་བོད་ལུགས་ཀྱི་གཟབ་མཆོར་སྤྲས་ནས་སླེབས་བྱུང་། གཉེན་ཉེ་དང་ཡུལ་མི་ཚོས་བཀྲ་ཤིས་སྨོན་འདུན་གྱི་བཀྲ་ཤིས་ཁ་གཡང་གཅིག་རྗེས་གཉིས་མཐུད་དུ་བོས་པ་དང་ཆབས་ཅིག ཚང་མས་མཉམ་དུ་ཁོ་གཉིས་ཀྱི་བདེ་སྐྱིད་ལ་བདེན་དཔང་བྱས་པར་མ་ཟད། བཙུན་མོ་གཞུང་རྩྭ་ཐང་གི་ཆེས་ཐོག་མའི“གཉེན་རྟེན”དང“རྫོངས་རྟེན”གཅིག་ཀྱང་མེད་པའི་གཉེན་སྟོན་ལའང་བདེན་དཔང་བྱས། 
 
        མི་རྣམས་ཀྱིས་དགའ་བསུ་ཐོབ་པའི་དམིགས་བསལ་གྱི་གཉེན་སྟོན་འདིར། རྒྱས་སྤྲོས་ཆེ་བའི་གཉེན་བསུའི་རླངས་འཁོར་མེད་ལ། དམར་ལ་ལྗང་ཁུར་བཀལ་བའི་བག་མའི་རྫོངས་སྐལ་ཡང་གཅིག་ཀྱང་མེད་པ་རེད། ཞིབ་ཕྲའི་འདྲི་རྩད་བྱས་པ་བརྒྱུད། ཁྱོ་ག་ཚང་གིས“གཉེན་རྟེན”བྱིན་མེད་པ་དང་། ཆུང་མ་ཚང་གིས“རྫོངས་སྐལ”བྱིན་མེད་པ་རེད།  90ལོའི་རྗེས་ཀྱི་བཟའ་ཟླ་འདི་གཉིས་ཀྱིས་འདི་ལྟ་བུའི་ཐུན་མོང་མ་ཡིན་པའི་བྱེད་ཐབས་སྤྱད་ནས་འཇིག་རྟེན་མཐུན་འཇུག་གི་མི་ཚེར་དབུ་ཁྱུད་བྲིས།
         “གཉེན་རྟེན་གང་ཡང་མེད་པའི”ཐོག་མའི་བསམ་འདུན་སྐོར་གླེང་སྐབས། བག་མ་གཡུ་མཚོ་སེམས་འགུལ་ཆེན་པོ་ཐེབས་བཞིན“ཚང་མས་གཉེན་རྟེན་མཐོན་པོ་བྱིན་པ་ནི་བུད་མེད་ལ་བརྩི་འཇོག་བྱེད་པ་ཞིག་ཡིན་པར་བཤད། འོན་ཀྱང་ངས་འདི་ལྟར་བསམ་པ་མིན་ཏེ། གསང་བདག་གིས་ང་ལ་བརྩེ་བ་དང་དུངས་པ་ཟབ་མོ་བཅངས་ཚེ་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་ནས་ཇེ་ལེགས་སུ་འགྲོ་ངེས་པར་བཤད།
 
        དོན་དངོས་ཐོག“གཉེན་རྟེན་མེད་པའི”གཉེན་སྟོན་དེ་ཀྱག་ཀྱོག་གི་བརྒྱུད་རིམ་མང་བོ་ཞིག་བརྒྱུད་མྱོང་ཡོད། 2018ལོའི་ཟླ3པར། མི་གཞན་གྱིས་གསང་བདག་དང་གཡུ་མཚོ་གཉིས་ཕན་ཚུན་ངོ་སྤྲོད་བྱས་ཤིང་། ད་ལོའི་ལྔ་བའི་བ་བཞིའི་རྗེས་སུ་ཁྱིམ་ཚང་གཉིས་ཀྱིས་གཉེན་སྒྲིག་གི་ལས་དོན་ལ་གྲོས་བསྡུར་བྱེད་མགོ་ཚུགས་པ་རེད། ས་གནས་དེ་གར་གཉེན་རྟགས་བརྒྱབ་པ་ནས་བག་མ་སྐྱེལ་བའི་བར་སྒོར་ཁྲི20ཡས་མས་གཏོང་དགོས་ཤིང་། ད་དུང་རྫོང་ཐོག་གི་གཉེན་སྟོན་བྱེད་སའི་ཁང་བ་དང་རླངས་འཁོར་སོགས་ཚུད་མེད། འདི་ནི་ཡིག་ཐོག་ཏུ་མ་བཀོད་པའི“གཏན་འབེབས”ཤིག་ཏུ་གྱུར་ཡོད་པ་འདྲ།
        ད་ལོ་ལོ25ལ་སླེབས་པའི་གསང་བདག་གིས་ཨ་མ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་པ་དང་ཁྱིམ་ཚང་གི་ཆ་རྐྱེན་ཡང་ཅུང་ཞན་པས། “གཉེན་རྟེན”གྱི་གནོན་ཤུགས་དེས་ན་གཞོན་བྱིས་པ་དེར་སེམས་སྡུག་ཆེན་པོ་བྱེད་དུ་བཅུག་བྱུང་། སེམས་དང་བསམ་པ་བཟང་བའི་གཡུ་མཚོས་གསང་བདག་གི་སེམས་ཀྱི་སྐྱོ་གདུང་དེ་ཤེས་པས་ཁོ་མོས་ཀྱང་སེམས་གཏིང་ནས་ཉིན་རེ་ནས་ཉིན་རེར་ཆེ་རུ་འགྲོ་བཞིན་པའི“རིན་གོང་མཐོ་བའི་གཉེན་རྟེན”ལ་ངོ་རྒོལ་བྱས་ཤིང་། གསང་བདག་ལ་གཉེན་རྟེན་མི་དགོས་པའི་བསམ་ཚུལ་བསྟན་པ་རེད། 
 
        གསང་བདག་གིས་ཐེ་ཚོམ་སྒོས་གཡུ་མཚོས་ཁོའི་བསམ་ཚུལ་དེ་ཤོད་སྐབས་ངས་སེམས་གཏིང་ནས་ཁོ་མོར་ཐུགས་རྗེ་ཆེ་ཞུ་བ་ཡིན་མོད། དེ་ལྟར་བྱས་ན་གཡུ་མཚོར་མ་ཉེས་ཁ་གཡོགས་ཐེབས་པ་དང་ཁོ་མོའི་ཕ་མས་ཀྱང་ཁས་ལེན་བྱེད་ཀྱི་མ་རེད་ཅེས་བརྗོད་བྱུང་།
        གཡུ་མཚོའི་ཕ་མས་དང་ཐོག་ནས་ཁོ་མོའི་བསམ་ཚུལ་ལ་ངོ་རྒོལ་བྱས། “བུ་མོ་མནའ་མར་འགྲོ་སྐབས་གཉེན་རྟེན་གཅིག་ཀྱང་མ་བླངས་ཚེ་ངས་ཡུལ་མི་རྣམས་ཀྱི་ངོ་ལ་ཇི་ལྟར་ལྟ་དགོས་པ་དང་།   ཁོ་མོའི་ཨ་ཕ་ཨུ་བྷོ་ཡིས་སྲོལ་རྒྱུན་གྱི་གཉེན་རྟེན་དང་རྫོངས་པ་མེད་པའི་གཉེན་སྟོན་ནི་ཆ་ཚང་བ་ཞིག་མིན་པར་བཤད།
        གཡུ་མཚོས་སྡེ་བར་བཅའ་སྡོད་བྱས་པའི་ལས་བྱེད་པ་དང་སྡེ་བའི་ལས་བྱེད་པའི་རོགས་རམ་ཐེངས་མང་བྱས་པ་བརྒྱུད། ཕ་མར“གཉེན་རྟེན་མེད་པའི”གཉེན་སྟོན་གྱི་བཟང་ཆ་མང་དུ་བཤད། གཉེན་རྟེན་མཐོན་པོ་བླངས་པ་དེས་སྐྱེས་པའི་ཁྱིམ་ཚང་ལ་དཔལ་འབྱོར་གྱི་ཁུར་པོ་ལྕི་མོ་ཞིག་བྱིན་ཡོད་ཅིང་། དེ་རུ་གནས་ལ་སོང་བ་ནས་བུ་ལོན་འཁུར་དགོས་ཀྱི་ཡོད།  བརྩེ་བར་གཉེན་རྟེན་གྱིས་ཆིག་ཤད་འབྲི་མི་རུང་ལ། ང་ལ་མཚོན་ན་གསང་བདག་ནི་དངོས་པོ་གང་གིས་ཀྱང་རིན་ཐང་གཞལ་ཐབས་མེད་པ་ཞིག་ཡིན་ཞེས་ཐེངས་མང་པོར་ཁ་ཏ་བྱས་པ་བརྒྱུད། མཐར་ཕྱོགས་གཉིས་ཀྱི་ཕ་མ་ཡང“གཉེན་རྟེན་མེད་པའི”གཉེན་སྟོན་ལ་འཐད་པ་བྱུང་།
        ཨ་ཕ་ཨུ་བྷོ་ཡིས་རང་གི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུའི་བུ་མོ་གསང་བདག་ལ་སྤྲོད་དུས། གསང་བདག་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། ངེད་གཉིས་ཀྱིས་གཉེན་སྒྲིག་ཐུབ་སོང་། ཁྱིམ་ཚང་གི་འགན་ཁུར་ཕྲག་ཏུ་ཡོད་ཀྱང་། “གཉེན་རྟེན་མེད་པའི”གཉེན་སྟོན་གྱིས་ང་ཚོའི་ཕྲག་གི་ཁུར་བོ་ཇེ་ཡང་དུ་བཏང་ཡོད། ངེད་གཉིས་ཀྱིས་སྒོར་འདི་དག་མ་འོངས་བའི་འཚོ་བའི་མ་གདན་དུ་འདིང་རྒྱུ་ཡིན་པ་དང་། ངེད་བཟའ་ཟླ་གཉིས་སེམས་པ་མཐུན་ན་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་ཡོང་རྒྱུར་ང་ལ་ཡིད་ཆེས་ཟབ་མོ་ཡོད་ཟེར། ཁོའི་འགྱུར་མེད་ཀྱི་མིག་མདངས་ལ་རྗེས་ཕྱོགས་ཀྱི་འཚོ་བར་ཚད་མེད་པའི་རེ་སྙེག་གིས་ཁེངས་འདུག
 
        ཐེངས་འདིའི་ཐུན་མོང་མ་ཡིན་པའི་གཉེན་སྟོན་འདིས་བཙུན་མོ་གཞུང་གྲོང་རྡལ་གྱི་ཡུལ་སྲོལ་བསྒྱུར་བར་སྐུལ་འདེད་བཏང་བ་དང་གསར་དུ་བཟོ་བཅོས་བརྒྱབ་པའི《སྡེ་སྲོལ་དམངས་ཆིངས》ལག་བསྟར་བྱས་ཚུན“གཉེན་རྟེན་མེད་པ”དང“རྫོངས་སྐལ་མེད་པའི”རྣམ་པ་གསར་བའི་གོམས་སྲོལ་གྱི་ཡོལ་རས་ཕྱེས་པ་རེད།
        2018ལོའི་ལོ་མཇུག་ནས2019ལོའི་ཟླ3པའི་བར། བཙུན་མོ་གཞུང་གྲོང་རྡལ་ཏང་ཨུས《སྡེ་སྲོལ་དམངས་ཆིངས》ལ་བཟོ་བཅོས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཟླ་བ་ཁ་ཤས་རིང་དམངས་ཀྱི་བསམ་ཚུལ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་། ཚོགས་འདུ་བརྒྱུད་ཟམ་མི་ཆད་པར་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ། སྤྱི་ཚོགས་བདེ་འཇགས་དང་། རྩྭ་ར་དོ་དམ། སྡེ་སྲོལ་དམངས་སྲོལ། ཁྱིམ་མཚེས་འབྲེལ་བ། གཉེན་སྒྲིག་ཁྱིམ་ཚང་། སྤྱི་ཚོགས་ཀུན་སྤྱོད། ཁོར་ཡུག་འཕྲོད་བསྟེན། བྱ་དགའ་ཆད་གཅོད་སོགས་ཀྱི་བྱ་ཐབས་ཐད་གཏན་འབེབས་ཁ་གསལ་བྱས་པ་དང་། ལྷག་པར་དུ་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་ཐད་གཉེན་སྟོན་བྱ་བ་གསར་བ་དང་བཀྲ་ཤིས་པའི་དོན་རྣམས་བབ་ཆགས་ངང་སྒྲུབ་རྒྱུ་དར་སྤེལ་བཏང་ཡོད།
         “གཉེན་རྟེན་མེད་པ”དང“རྫོངས་སྐལ་མེད་པའི”བཟའ་ཟླ་འདི་གཉིས་བྱུང་བ་ནས་བཟུང་། གྲོང་རྡལ་ཏང་ཨུས་ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་གནས་ཚུལ་ཤོད་པ་དང་། ཉེ་འགྲམ་གྱི་མིས་རང་ཉིད་ཀྱི་གནས་ཚུལ་ཤོད་པ། ཉེ་འགྲམ་གྱི་གནས་ཚུལ་ལ་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི་རྣམ་པ་བརྒྱུད་གྲོང་རྡལ་ཡོངས་ཀྱི་ཁྱབ་ཁོངས་ནང་གསང་བདག་དང་གཡུ་མཚོའི་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་དར་སྲོལ་གྱི་ཤེས་དཔལ་དར་སྤེལ་གཏོང་བ་དང་གཉེན་སྒྲིག་གི་རྣམ་པ་གསར་བ་ཞིག་གཏོད་རྒྱུའི་གཏན་འབེབས་བྱས་པ་རེད། ཅེས་བཙུན་མོ་གཞུང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་རའོ་དབྱི་ཡིས་བཤད། 
 
        སྔར་གྱི་སྲོལ་རྙིང་དོར་ནས་ལམ་གསར་བ་ཞིག་ཏུ་བསྐྱོད་པ་དང་། དེང་རབས་ཀྱི་གཞོན་སྐྱེས་ང་ཚོར་གཉེན་སྒྲིག་གི་ལྟ་བ་ཡང་དག་ཅིག་ཡོད་དགོས་ལ། གྲོན་ཆུང་བསྲི་ཚགས་དང་།  གོམས་སྲོལ་བསྒྱུར་བ་དང་བཀྲ་ཤིས་པའི་བྱ་བ་གསར་བ་སྒྲུབ་རྒྱུ་དར་སྤེལ་གཏོང་བ། “གཉེན་རྟེན་མེད་པའི”གཉེན་སྟོན་བྱེད་ལུགས་གསར་བའི་ལག་བསྟར་མཁན་དང་སྐུལ་འདེད་མཁན་བྱ་དགོས། གསང་བདག་གིས་དུས་རབས་གསར་བའི་དར་སྲོལ་གསར་བ་ཡངས་ཤིང་རྒྱ་ཆེ་བའི་བཙུན་མོ་གཞུང་རྩྭ་ཐང་དུ་མེ་ཏོག་བཞད་ནས་འབྲས་བུ་སྨིན་ངེས་པར་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད།
        གཉེན་སྟོན་ནི་རྒྱུན་གཏན་གྱི་མཚོན་རྟགས་ཤིག་ཡིན་པའི་ངོས་ནས་བརྗོད་ན། “གཉེན་རྟེན་མེད་པ”དེ་གསར་འགྱུར་ཞིག་མིན་པར་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་གོང་བཀུར་བྱེད་པའི་དུས་རབས་གསར་བའི་གཉེན་སྒྲིག་གི་གོམས་སྲོལ་གསར་བ་དང་དར་སྲོལ་གསར་བར་གྱུར་ནས། བརྩེ་དུང་དང་གཉེན་སྒྲིག་གི་བླ་ན་མེད་པའི་ཡུལ་ཁམས་མངོན་པར་མ་ཟད། སྤྱི་ཚོགས་ཤེས་དཔལ་གྱི་ཆུ་ཚད་མངོན་ནས་ཁྱིམ་ཚང་སྤྲོ་སྐྱིད་དང་གཉེན་སྒྲིག་བདེ་སྐྱིད་ཡོང་ཆེད་དྲང་ནུས་བསྣན་པ་ཞིག་རེད།