བོད་ཀྱི་གཏམ་དཔེ་ཁག་གཅིག
སྤེལ་དུས 2019-08-15
ཡོང་ཁུངས། བདེ་ཆེན་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས།
རྩོམ་པ་པོ།
༡ དཀའ་བའི་དུས་སུ་གྲོགས་པོའི་བཟང་ངན་རྟོགས།འདམ་རྫབ་ནང་དུ་རྟ་ཕོའི་ཤེད་ཤུགས་རྟོགས།
༢ སྐད་ཆ་མང་ན་སྐྱོན་དང་། བཟའ་རྒྱུ་མང་ན་ནད།
༣ གང་སྐྱིད་ཕ་ཡུལ་དང་། སུ་བྱམས་ཕ་མ།
༤ བརྒྱ་ཐམ་པའི་གྲལ་འགོར་མ་སླེབས་ཀྱང་།སྟོང་ཐམ་པའི་གྲལ་གཞུག་ཏུ་མ་ལུས་པ།
༥ ངུ་དགོས་པའི་དཀའ་ལས་མ་བརྒྱབ་ན། དགོད་དགོས་པའི་ཟ་མ་ག་ལ་རག
༦ ཆང་གཞས་མེད་ན། བོང་བུ་ཆུ་འཐུང་རེད།
༧ ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ། ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།
༨ ལྗོན་ཤིང་གསོ་བར་ལོ་བཅུ་དང་། མི་བཟང་གསོ་བར་ལོ་བརྒྱ།
༩ ཉལ་ཁ་ལ་ཆུ་མ་མང་།ཤི་ཁ་ལ་ཁ་མ་མང་།
༡༠ གཏམ་ལ་རྣོ་ངར་མེད་ཀྱང་། མི་སྙིང་དུམ་བུར་གཏུབས།
༡༡ དྲིན་ལ་དྲིན་ལན་མ་འཇལ་ན། བསམ་ཤེས་མེད་པའི་ཁྱི་དང་འདྲ།
༡༢ སྤྱོད་པ་བཟང་ངན་བྱ་བས་མཐོང་། གྲང་ངར་ཆེ་ཆུང་ཆུ་ནས་ཤེས།
༡༣ བོང་བུས་མ་ཕྱིན་ལམ་འཕྲང་མང་།ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་།
༡༤ མི་མང་པོའི་ནང་ནས་མཁས་པ་ཡོད། ས་བྱེ་མའི་ནང་དུ་གསེར་ཡོད།
༡༥ བརྩོན་འགྲུས་ཅན་ལ་ཤེས་བྱ་ཕྱུག ལེ་ལོ་ཅན་ལ་གཉིད་ཀྱིས་ཕྱུག
རྩོམ་སྒྲིག་པ།སྣང་རྡོར།