ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ནོ་པེལ་རྩོམ་རིག་བྱ་དགའ་ཁོང་གཉིས་ལ་ཐོབ་འདུག

སྤེལ་དུས 2019-10-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
    ས་གནས་དུས་ཚོད་ཟླ་10པའི་ཚེས་10ཉིན།  སི་ཝེས་དན་རྩོམ་རིག་སློབ་གླིང་གི་རྒྱུན་ལས་དྲུང་ཡིག་མ་ཚི·མར་མུའུ་ཡིས་2018ལོ་དང་2019ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་སོ་སོ་ཕོ་ལན་གྱི་རྩོམ་པ་པོ་Olga Tokarczukཨེར་ཅ·ཐྲོ་ཁར་ཆིས་ཁི་དང་ཨོ་སི་ཐྲི་ཡའི་རྩོམ་པ་པོ་Peter Handkeཔོའུ་ཏི·ཧན་ཏི་ཁི་གཉིས་ལ་ཐོབ་པར་ཁྱབ་བསྒྲགས་བྱས།

2018ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན།
ཨེར་ཅ·ཐྲོ་ཁར་ཆིས་ཁི།
Olga Tokarczuk
    བུད་མེད་རྩོམ་པ་པོ་Olga Tokarczukཨེར་ཅ·ཐྲོ་ཁར་ཆིས་ཁི་ནི་སྤྱི་ལོ་1962ལོར་སྐྱེས་ཤིང་།  ཕོ་ལན་རྒྱལ་ཁབ་ཀྱི་ཚད་རིམ་མཐོ་ཤོས་ཀྱི་རྩོམ་པ་པོ་དང་ཧྭ་ཧྲ་སློབ་ཆེན་གྱི་སེམས་ཁམས་རིག་པའི་སྡེ་ཁག་ནས་སློབ་མཐར་ཕྱིན།  1987ལོར་སྙན་དེབ་༼མེ་ལོང་ནང་གི་གྲོང་ཁྱེར།༽ཞེས་པ་དཔར་འགྲེམ་བྱས་ཏེ་རྩོམ་རིག་གར་སྟེགས་སུ་བུད།  རྗེས་སུ་བསྟུད་མར་སྒྲུང་རིང་༼དེབ་ནང་གི་མིའི་ཡུལ་སྐོར་ཟིན་ཐོ།༽དང་ ༼E.E.༽ ༼བསྐལ་པ་ཡ་ཐོག་དང་གཞན་དག་གི་དུས་ཚོད།༽༼ཉིན་མོའི་ཁང་པ་དང་མཚན་མོའི་ཁང་པ།༽སོགས་དཔར་འགྲེམ་བྱས་ཏེ།  ཕོ་ལན་རྩོམ་རིག་གི་སྡེ་ནས་བསྟོད་བསྔགས་ཆེན་མོ་ཐོབ།  མོའི་རྩོམ་ཡིག་ནང་དུ་དམངས་ཁྲོད་ངག་རྒྱུན་དང་ལྷ་སྒྲུང་གི་བརྗོད་བྱ་འདྲེས་ཆེ་ཞིང་།  ཕོ་ལན་རྒྱལ་ཁམས་ཀྱི་ལས་དབང་གི་འཚོ་བར་ལྟ་རྟོག་གཟབ་ནན་བྱེད་བཞིན་ཡོད།  ཐེངས་གཉིས་ལ་ཕོ་ལན་གྱི་ཆེས་མཐོའི་རྩོམ་རིག་བྱ་དགའ་སོགས་ཐོབ།
2019ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན།
པོ་ཏི·ཧན་ཏི་ཁི།
Peter Handke
  Peter Handkeཔོ་ཏི·ཧན་ཏི་ཁི་ནི་1942ལོར་སྐྱེས་ཤིང་།  ཨོ་སི་ཐྲི་ཡའི་མིང་དུ་གྲགས་པའི་སྒྲུང་གཏམ་དང་འཁྲབ་གཞུང་རྩོམ་པ་པོ་ཡིན།  དེང་རབས་འཇར་མན་ཡི་གེའི་རྩོམ་ཡིག་འབྲི་མཁན་གྱི་གལ་ཆེ་མི་སྣའི་གྲས་སུ་ཚུད།  ཁོང་ལ་“གསོན་དགོས་ཆོད་པའི་པོ་ཏི་”ཞེས་བསྔགས།  1972ལོར་པེའུ་ཤིས་ཎི་རྩོམ་རིག་བྱ་དགའ་དང་།  2009ལོར་ཁཱ་ཧྥི་ཁཱ་རྩོམ་རིག་བྱ་དགའ་སོགས་ཐོབ།  སྒྲུང་གཏམ་བརྩམས་ཆོས་༼གྲུག་སྒོ་འགོག་མཁན་གྱི་འཚུབ་ཆ།༽དང་༼སྦྲང་མ་སེར་པོ།༽༼བསྐྱར་མངོན།༽༼མི་འདོད་སྐྱོ་གླུ།༽འཁྲབ་གཞུང་༼གཟིགས་མོ་བར་སྤྱོ་བ།༽ཟློས་གར་༼ཁཱ་སི་ཐི།༽སོགས་ཡོད།
རྩོམ་སྒྲིག་པ།སྣར་རྡོར།