ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མ་རྣམས་དཀར་མཛེས་སུ་བསྐྱོད་ནས་བསླབ་ཚན་ལག་ལེན་བྱས་པ།

སྤེལ་དུས 2019-11-05 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ། ཚུལ་ཁྲིམས་བཟང་པོ།
                                                                                             ཕུགས་འདུན་སྲུང་ཞིང་འགན་འཁྲི་ཁུར།
                                                                                             རྒྱང་སྐྱོད་སྙིང་སྟོབས་ཉམས་སུ་ལེན།
                                                                                             ཞབས་ཞུ་གཉིས་ཀྱི་དགོངས་དོན་སྒྲུབ།
        སྤྱི་ཟླ་10པའི་ཚེས་28ཉིན་ནས་སྤྱི་ཟླ་11པའི་ཚེས་1ཉིན་གྱི་བར།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་“གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཞབས་ཞུ་སྒྲུབ་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཞབས་ཞུ་སྒྲུབ་པའི་”སློབ་གསོའི་དགོངས་དོན་ལག་ལེན་བྱེད་པ།  གཞན་ཡང་བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མའི་སྤྱི་ཚོགས་ཀྱི་ལག་ལེན་ནུས་པ་མཐོ་འདེད་གཏང་ཆེད།  བོད་རིག་པའི་སློབ་གླིང་གིས་ལོ་རིམ་དང་པོ་དང་གཉིས་པའི་ཞིབ་འཇུག་སློབ་མ་རྣམས་རྩ་འཛུགས་བྱས་ནས།  ཕུགས་འདུན་སྲུང་ཞིང་འགན་འཁྲི་ཁུར།  རྒྱང་སྐྱོད་སྙིང་སྟོབས་ཉམས་སུ་ལེན།  ཞབས་ཞུ་གཉིས་ཀྱི་དགོངས་དོན་སྒྲུབ་ཅེས་པ་བརྗོད་དོན་གཙོ་བོ་བྱས་པའི་སློབ་གསོའི་བྱ་འགུལ་སྤེལ་ཏེ།  དམར་དམག་གི་བཞུད་ལམ་བསྐྱར་དུ་འཚོལ་ཞིང་།  བསླབ་ཚན་གྱི་བརྗོད་དོན་ཉམས་སུ་བླངས་པ་རེད།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམ་པ་དང་ལྷན་དུ་སྐྱོན་པའི་འདྲ་པར།
        སྤྱི་ཟླ་10པའི་ཚེས་28ཉིན།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་ཡེ་ཤེས་དོན་འགྲུབ་ཀྱི་སྣེ་ཁྲིད་འོག  །དགེ་སློབ་རྣམས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་བསྐྱོད་ཅིང་།  དངོས་སྦྱོང་གི་ལས་ཀའི་བཀོད་སྒྲིག་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས།  ཚོགས་ཐོག་ཏུ་ཐེངས་འདིའི་སྣེ་ཁྲིད་པ་དགེ་རྒན་ཡེ་ཤེས་དོན་འགྲུབ་ལགས་ཀྱིས་སྐབས་སུ་བབ་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཡུལ་དང་རེ་བ།  གཞན་ཡང་སློབ་གྲྭའི་ཀློང་དུ་ཞུགས་ནས་སློབ་སྦྱོང་བྱེད་པ་དང་ལག་ལེན་གལ་ཆེན་ཡིན་ཚུལ་སྐོར་ལ་ཁ་བརྡ་བྱས་པ་མ་ཟད།  སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་དངོས་སྦྱོང་ལྟེ་གནས་གལ་ཆེན་ཞིག་ཡིན་ལ།  ད་ཐེངས་སྒོ་ཆེན་དེ་དངོས་སུ་ཕྱེས་ཡོད་པས།  མ་འོངས་པར་དེ་ལས་ལྷག་པར་དར་རྒྱས་ཡོང་བར་བརྩོན་དགོས་ཚུལ་བསྟན།  དེ་བཞིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་འཇམ་བློ་ལགས་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལོ་རྒྱུས་དང་ད་ལྟའི་གནས་བབ་སོགས་ངོ་སྤྲོད་བྱས་ཤིང་།  ཁོང་གིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མ་རྣམས་ཀྱིས་རྩ་དོན་ཡོད་པ་དང་གནས་ལུགས་ལྡན་པའི་སྒོ་ནས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བཏང་ནས།  དུས་རབས་ཀྱི་འགྲོས་དང་མཐུན་པ་བྱ་དགོས་ཞེས་བསྟན།  མཇུག་མཐར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ་འགྱུར་མེད་ཚེ་དབང་ལགས་ཀྱིས་ཐེངས་འདིར་ཞིབ་འཇུག་སློབ་མ་རྣམས་དངོས་སུ་སློབ་གྲྭར་འབྱོར་ཐུབ་པར་དགའ་སྤྲོ་ཆེ་ཚུལ་དང་།  གཞན་ཡང་མི་རིགས་སློབ་ཆེན་གྱི་སློབ་གསོའི་སྲོལ་རྒྱུན་བཟང་པོ་ཇི་ལྟར་རྒྱུན་འཁྱོངས་བྱེད་པ།  འབད་འཐབ་ཆེན་པོས་སྤུས་ཀ་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་དགོས་ཚུལ་སོགས་ཀྱི་སྐོར་ལ་ལབ་གླེང་བྱས།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསུ་མ་བྱེད་བཞིན་པ།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་བཞུགས་མོལ་ཚོགས་འདུ་ཚོགས་བཞིན་པ།
        སྤྱི་ཟླ་10ཚེས་29ཉིན།  བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མའི་ཆེད་ལས་གསུམ་སྟེ།  ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་དང་རྒྱ་གར་གྱི་སྐད་ཡིག་རྩོམ་རིག །ཚད་མ་རིག་པ་བཅས་ཀྱི་སློབ་མ་རྣམས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་ཁྲིད་ཀྱི་ཡུལ་དངོས་སུ་ཞུགས་ཤིང་།  བསླབ་བྱ་གཙོ་བོ་ནི་ཚད་མ་རིག་པ་དང་རྒྱ་བོད་ཡིག་བསྒྱུར།  སྙན་ངག་དང་ནང་དོན་རིག་པ་བཅས་ཡིན།  བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་ལག་རྒྱས་ཤིང་།  དེང་རབས་གསར་དར་རིག་གནས་ཀྱི་ལོ་འདབ་རྫོགས་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་གནའ་ནས་ད་བར་དུ་སྤྱོད་ཡོན་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་མང་པོ་བཞུགས་ཡོད་ལ།  དེ་གའི་སློབ་སྦྱོང་གི་ཁོར་ཡུག་ལེགས་ཤིང་།  སློབ་མའི་བསམ་བློ་ཀུན་སྤྱོད་དང་ཤེས་བྱའི་ཆུ་ཚད་མཐོ་བས།  ཞིབ་འཇུག་སློབ་མ་རྣམས་ཀྱི་དངོས་སྦྱོང་ལ་གྲུབ་འབྲས་གྱ་ནོམ་པ་ཐོབ་ཡོད།  
སློབ་ཁྲིད་ཀྱི་ཡུལ་དངོས།

གཟབ་ནན་གྱིས་ཉན་བཞིན་པ།

སློབ་ཁྲིད་ལ་གཟབ་ནན་སྒོས་ཉན་བཞིན་པ།
        ཉིན་དེའི་དགོང་མོར།  ཞིབ་འཇུག་སློབ་མ་རྣམས་ཀྱིས་རང་གི་ཆེད་ལས་དང་ཞིབ་འཇུག་གི་ཁ་ཕྱོགས་ལྟར་དུ་འཛིན་གྲྭ་སོ་སོ་རུ་སློབ་སྦྱོང་གི་བརྒྱུད་རིམ་དང་གྲུབ་འབྲས་སོགས་ཀྱི་སྐོར་ལ་ཕན་ཚུན་ལབ་གླེང་བྱས་ཤིང་།  གུ་ཡངས་བག་ཕེབས་ཀྱི་སློབ་སྦྱོང་ཁོར་ཡུག་ཞིག་བསྐྲུན་པས།  ཕན་ཚུན་ཀུན་གྱི་བསམ་སྤྱོད་ཡར་རྒྱས་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད།

སློབ་གྲོགས་ཚོ་དང་ལྷན་དུ་རང་མོས་བགྲོ་གླེང་བྱེད་བཞིན་པ།
        སྤྱི་ཟླ་10པའི་ཚེས་30ཉིན་གྱི་སྔ་དྲོར།  བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མ་རྣམས་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་རུ་བསྐྱོད་ནས།  སློབ་གྲྭ་དེ་གའི་སྲོལ་རྒྱུན་རིག་གནས་ལག་རྩལ་འགྲེམས་སྟོན་ཁང་དང་དཔེ་མཛོད་ཁང་སོགས་སུ་ལྟ་སྐོར་བྱས་ཤིང་།  མེས་པོ་བློ་གྲོས་ཅན་གྱི་མཛད་རྗེས་དང་ངལ་རྩོལ་མི་དམངས་ཀྱི་ཤེས་རབ་ལ་རྗེས་དྲན་དང་སློབ་སྦྱོང་བྱས།  དེ་ནས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་དང་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་ཀྱིས་བོད་ཡིག་སློབ་གསོའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་།  ཚོགས་ཐོག་ཏུ་རང་རེའི་གླིང་གཙོ་གཞོན་པ་དགེ་རྒན་ཡེ་ཤེས་དོན་འགྲུབ་ཀྱིས་ཚོགས་ཐོག་ཏུ་བོད་རིག་པའི་སློབ་གླིང་གི་དངོས་གཞིའི་རིམ་པ་དང་ཞིབ་འཇུག་རིམ་པའི་སློབ་གསོའི་ཐབས་ལམ་དང་ཁྱད་ཆོས།  དེ་མིན་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཁ་ཕྱོགས་དང་གནས་བབ་སོགས་ངོ་སྤྲོད་བྱས་པ་མ་ཟད།  སྔར་ལྟར་མུ་མཐུད་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་དང་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་བར་མཉམ་འབྲེལ་གང་ལེགས་བྱ་དགོས་པའི་རེ་བ་བཏོན།  དེ་ནས་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སློབ་གྲྭའི་གནས་ཚུལ་དང་དཀར་མཛེས་ཁུལ་གྱི་སློབ་གསོའི་གནས་བབ་སོགས་ངོ་སྤྲོད་བྱས།  རྒྱུས་ལོན་བྱུང་བ་ལྟར་ན།  སློབ་གྲྭ་དེ་ནི་2009ལོར་དངོས་སུ་བཙུགས་ཤིང་།  བགྲང་བྱ་བཅུའི་རིང་དཀར་མཛེས་ཁུལ་གཙོ་བོ་བྱས་པའི་ས་གནས་ཁག་ཏུ་ཤེས་ལྡན་མི་སྣ་གང་མང་སྐྱེད་སྲིང་བྱས་ཡོད་ལ།  རྒྱལ་ནང་གི་ཞིང་ཆེན་གཞན་པའི་གྲོང་ཁྱེར་དང་སློབ་ཆེན་སོགས་ཀྱི་བར་གན་རྒྱ་བཞག་ནས་སློབ་མ་གསོ་སྐྱོང་བྱས་པས།  དཀར་མཛེས་ཁུལ་གྱི་སློབ་མ་མང་པོ་ཞིག་ལ་ཕྱི་ཕྱོགས་སློབ་སྦྱོང་འགྲོ་བའི་གོ་སྐབས་སྤྲད།

དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་བསུ་མ་བྱེད་བཞིན་པ།

དགེ་སློབ་རྣམས་ཀྱིས་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་ལྟ་སྐོར་བྱེད་བཞིན་པ།

བོད་ཡིག་སློབ་གསོའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཚོགས་བཞིན་པ།

དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་འགོ་ཁྲིད་དང་ལྷན་དུ་སྐྱོན་པའི་འདྲ་པར།
        ཉིན་དེའི་ཕྱི་དྲོར།  དགེ་སློབ་རྣམས་གསར་བརྗེའི་དོན་སྙིང་བླ་ན་མཐོ་བའི་ལྕགས་ཟམ་ཁ་དང་དམར་དམག་དྲན་གསོ་ཁང་དུ་ལྟ་སྐོར་ཕྱིན་པས།  སྔོན་གཤེགས་དཔའ་བོའི་བློ་སྤོབས་དང་བྱས་རྗེས་རྣམས་དྲན་ཚེ་སྲོལ་རྒྱུན་གྱི་གསར་བརྗེའི་རིག་གནས་ཡིད་ལ་འཁོར་ཞིང་།  ལྕགས་ཟམ་ཐོག་བསྐྱར་དུ་བརྒྱུད་ནས་གསར་བརྗེ་ལ་དྲན་གསོ་ཞུས།  སློབ་གྲོགས་ཏང་ཡོན་རྣམས་ཀྱིས་དམར་དམག་དྲན་གསོ་ཁང་གི་རྡོ་རིང་འོག་ནས་སྐད་གསང་མཐོན་པོས་ཏང་ཞུགས་མནའ་ཚིག་བཀླགས་ཤིང་།   ཕུགས་འདུན་སྲུང་ཞིང་འགན་འཁྲི་ཁུར།  རྒྱང་སྐྱོད་བསམ་བློ་ཉམས་སུ་བླངས།

དགེ་སློབ་རྣམས་གསར་བརྗེའི་དོན་སྙིང་ཆེ་བའི་ལྕགས་ཟམ་གྱི་འགྲམ་དུ་ལྟ་སྐོར་སྐྱོད་བཞིན་པ།

དམར་དམག་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
        སྤྱི་ཟླ་10པའི་ཚེས་31ཉིན་གྱི་སྔ་དྲོར།  དགེ་སློབ་རྣམས་དཀར་མཛེས་ཁུལ་སློབ་གསོ་ཚན་རིག་ཁང་དུ་བསྐྱོད་ནས།  དེ་གའི་འགོ་ཁྲིད་དང་འབྲེལ་ཡོད་སློབ་གྲྭའི་དགེ་རྒན་ཁག་ཅིག་དང་ལྷན་དུ་དཀར་མཛེས་ཁུལ་གྱི་སྐད་གཉིས་སློབ་གསོའི་སྐོར་ལ་རྒྱུས་ལོན་བྱས།  ཚོགས་ཐོག་ཏུ་དཀར་མཛེས་ཁུལ་སློབ་གསོ་ཚན་རིག་ཁང་གི་འགོ་ཁྲིད་ཀྱིས་དཀར་མཛེས་ཁུལ་གྱི་སྐད་གཉིས་སློབ་གསོའི་ལོ་རྒྱུས་དང་ད་ལྟའི་གནས་བབ་སོགས་ཀྱི་སྐོར་ལ་ངོ་སྤྲོད་རྒྱས་པ་བྱས་ཤིང་།  དེ་ནས་ལག་ལེན་དངོས་ཀྱི་ཁྲོད་དུ་འབད་འབུངས་བྱེད་བཞིན་པའི་སློབ་གྲྭའི་དགེ་རྒན་ཁག་ཅིག་གིས་སློབ་ཁྲིད་ཀྱི་རྒྱུད་རིམ་ཁྲོད་སོ་སོར་འཕྲད་པའི་སྐད་གཉིས་སློབ་གསོའི་སྐོར་གྱི་གནད་དོན་དང་།  དེ་དག་ལ་ཅི་ལྟར་གདོང་གཏུག་བྱས་ཚུལ་སོགས་གསོན་ཉམས་ལྡན་པའི་དཔེ་དང་སྦྲེལ་ནས་ལབ་གླེང་བྱས།  བོད་རིག་པའི་ཞིབ་འཇུག་སློབ་མ་མང་ཤོས་ནི་ཁྲིད་ཐབས་རིགས་དང་པོ་བརྒྱུད་ནས་སློབ་སྦྱོང་བྱས་ཤིང་།  རྗེས་ཕྱོགས་ཀྱང་སྐད་གཉིས་སློབ་གསོ་ལ་བརྟེན་ནས་འཚོ་ཐབས་བྱ་དགོས་པས།  ཁོ་ཚོའི་ཉམས་མྱོང་ནི་ང་ཚོའི་མེ་ལོང་ཡིན། 

 

དཀར་མཛེས་ཁུལ་སློབ་གསོ་ཚན་རིག་ཁང་དུ་སྐད་གཉིས་སློབ་གསོའི་སྐོར་ལ་བགྲོ་གླེང་བྱེད་བཞིན་པ།

དཀར་མཛེས་ཁུལ་སློབ་གསོ་ཚན་རིག་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་ལྷན་དུ་སྐྱོན་པའི་འདྲ་པར།
        ཉིན་དེའི་ཕྱི་དྲོར།  དགེ་སློབ་རྣམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་ཕྱིན།   དངོས་མང་བཤམས་སྟོན་ཁང་དེ་ནི་2016ལོར་དངོས་སུ་སྒོ་ཕྱེས་ཤིང་།  ད་སྐབས་དངོས་མང་བཤམས་སྟོན་ཁང་དུ་རིག་དངོས་ཁྱོན་བསྡོམས་1446ཡོད་ཅིང་།  དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་10དང་།  རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས་22ཡོད་ལ།   རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་རིག་དངོས་683དང་།  རྒྱུ་ཆ་རིམ་པའི་རིག་དངོས་731བཅས་འདུག །རིག་དངོས་རྩ་ཆེན་འདི་དག་ལ་སྲོག་དང་རྣམ་ཤེས་མེད་ཀྱང་།  ཞིབ་འཇུག་པ་ཞིག་ལ་ཆ་མཚོན་ན་དེ་དག་ནི་སྲོག་དང་རྣམ་ཤེས་ཞུགས་པའི་སྐྱེ་བོ་ལྟ་བུ་ཞིག་ཡིན་ལ།  ཁོ་ཚོ་དང་ཁ་བརྡ་བྱས་ནས་མེས་པོའི་ལོ་རྒྱུས་དངོས་སུ་འཚོལ་ཆོག

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་གི་མདུན་དུ་སྐྱོན་པའི་མཉམ་པར།
        སྤྱི་ཟླ་11པའི་ཚེས་1ཉིན་གྱི་སྔ་དྲོར།  སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་གྱི་འཐུས་ཚབ་པ་ཁ་ཤས་ཀྱིས་ཐེངས་འདིར་སློབ་སྦྱོང་དུ་འབྱོར་བའི་སློབ་མ་ཡོངས་ལ་གསུང་གླེང་གང་མང་བྱས་ཤིང་།  མི་ཚེ་སློབ་གསོ་ལ་ཕུལ་བའི་ཉམས་མྱོང་དང་གདམས་ངག་གྱ་ནོམ་པ་ཞིག་བསམ་བློའི་རྒྱགས་ཕྱེ་རུ་ཕུལ།  མཇུག་མཐར་དགེ་སློབ་ཡོངས་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ལ་ལེགས་སྐྱེས་ཀྱི་ཚུལ་དུ་དྲི་མེད་ཁ་བཏགས་དཀར་པོ་ཡུག་ཅིག་དང་དཔེ་དེབ་བརྒྱ་ལྷག་ཕུལ་བས།  སློབ་གྲྭ་དེའི་དགེ་སློབ་རྣམས་ཐུགས་ཤིན་ཏུ་དགྱེས་སོ། །

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་མཇུག་བསྡོམས་བྱེད་བཞིན་པ།

དགེ་སློབ་རྣམས་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ལ་ལེགས་སྐྱེས་འབུལ་བཞིན་པ།