ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

རྟ་མཆོག་སྟོང་གི་བང་ཁ་གསེར་དངུལ་ཐང་ནས་ཀློད།

སྤེལ་དུས 2019-08-26 ཡོང་ཁུངས། ཨ་མདོ་སྨྱན་གསར་འཕྲིན་སྟེགས་ལས། རྩོམ་པ་པོ།

       དགུང་ཁྲི་གདུགས་ཉི་མའི་ཉི་ཟེར་འཁྱིལ་ཞིང་བྱ་ཁུ་བྱུག་སྔོན་མོས་མགྲིན་གླུ་ལེན་པའི་དབྱར་དུས་ཀྱི་གསེར་དངུལ་རྩྭ་ཐང་ནི་གོས་ཆེན་འབྲུག་མའི་ཐོག་ལྭའི་སྟེང་དུ་བཟོ་མཁས་མ་སྲིས་སྟག་རིས་ཕབས་པ་ནང་བཞིན་མེ་ཏོག་སྣ་ཚོགས་ཀྱི་འདབ་རྒྱ་གྲོལ་ཞིང་མི་དམངས་མང་ཚོགས་ཀྱི་སེམས་ལ་བདེ་སྐྱིད་འཚོ་བའི་འཛུམ་མདངས་མ་བཅོས་རང་ཤུགས་ཀྱིས་ཤར། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་དང་ལེན་ཧུར་ཐག་བྱས་ནས་མགྱོགས་མྱུར་སྒོས་བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏང་ཆེད།  མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་མདའ་བཞི་རྫོང་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཐོན་ལས་མཛུབ་སྟོན་ལྟེ་གནས། མཚོ་བྱང་ཁུལ་རིག་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས།    མཚོ་བྱང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་བཅས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་པོའི་གསེར་དངུལ་ཐང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་ཞེས་པ་བརྗོད་དོན་དུ་བྱས་པའི་མཚོ་སྔོན་པོ་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོ2019ལོའི་ཟླ8པའི་ཚེས23ཉིན། སྙན་པའི་གྲགས་པ་སྲིད་ན་འབར་བའི་རྒྱང་ཐག་རིང་བའི་ས་དེ་ནའམ་མདའ་བཞིའི་གསེར་དངུལ་རྩྭ་ཐང་ནས་གཟབ་རྒྱས་ངང་འཚོགས། 

       ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་མཁས་པ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཚེ་རིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཨ་དགེ་འདུན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏུང་ཧྥུའུ་ཁོས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མཱ་ལི་ཝུན། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་ཏུང་ཡིས་དབྱི། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་སྐོར་ཞིབ་གཞོན་པ་ཀོ་ཞེས་ལིན་སོགས་ཚོགས་འདུར་ཞུགས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་ཁུལ་རིག་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ལིག་པོ་ཁྲོན་གྱིས་ཤིས་ཚིག་ཕུལ་བ་དང་།མདའ་བཞི་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་སོ་བདུན་ཅུས་ཚོགས་འདུར་གཙོ་སྐྱོང་གནང་། 

       གསེར་དངུལ་ཐང་གི་ཞོགས་པའི་ཉི་ཟེར་འཇམ་པོ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་ཁ་ཕྱོགས་དང་འགྲོགས་ཏེ་འོད་དུ་འཚེར་ཞིང༌། དབྱར་ཟླ་བདུན་པའི་མེ་ཏོག་གི་གེ་སར་ཀློང་ནས་མཚོ་བྱང་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཚོན་མདངས་རྣམ་པར་གསལ།   ལྷག་པར་ཏུ་རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་བཟང་འདིར། རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་དང་མགོ་ཁྲིད་ཀྱི་ཡང་དག་པའི་མཛུབ་ཁྲིད་དང་ཐུགས་ཁུར་གྱི་འོག་ནས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་དགའ་སྤྲོའི་ངང་ནས་སྲིད་ཇུས་བཟང་བོའི་དྲོད་ཁོལ་རྒྱས་ཤིང་མི་རིགས་བཟང་བོའི་སྲོལ་རྒྱུན་མ་ཉམས་པའི་རྟ་མཆོག་གི་རྨིག་སྒྲའི་བར་ནས་ཀི་བསྭོ་ལྷ་རྒྱལ་གྱི་རླུང་རྟས་བར་སྣང་བཀང་བར་བྱས།

         མཛད་སྒོ་རུ་ད་དུང་ཕྱོགས་བཞི་མཚམས་བརྒྱད་ཀྱི་རྟ་བ་དང་རྒྱལ་སྤྱིའི་རྟ་རྒྱུག་མཐུན་ཚོགས། དམངས་ཁྲོད་རྟ་རྒྱུག་ཚོགས་པ་སོགས་མཉམ་ཞུགས་ཀྱིས་ལྡེམ་མྱུར་ལུས་ཀྱི་འཁྱུག་རྩལ་རྟ་མཆོག་གོང་ནས་ངོམ་ཞིང་མགྱོགས་མྱུར་བང་གི་གོམ་ཁས་ལྟད་མོ་བ་ཡི་མིག་དབང་འཕྲོག་པའི་སྐྱ་རྩལ་ནུས་པ་ངོམ་པའི་འཁྲབ་སྟོན་བྱས་པར་ཉི་མ་སྒྲོལ་མ་དང་། མཁས་པ། སྐལ་བཟང་ཚེ་རིང་། ཨ་དགེ་འདུན། ཏུང་ཡིས་དབྱི་བཅས་ཀྱིས་རླུང་སྤུ་གྲི་མ་གཏོགས་འགྲན་ཡ་མེད་པའི་རྟ་མཆོག་གི་བང་རྩལ་དང་ཉ་གསེར་མིག་མ་གཏོགས་འཁྱུག་ཡ་མེད་པའི་སྟག་ཤར་གྱི་སྐྱ་རྩལ་ལ་མཉམ་དུ་གཟིགས་པར་མ་ཟད། དབུ་འབྱེད་དབྱུག་པ་ལག་ཏུ་བཟུང་ནས་མཚོ་སྔོན་པོ་རྟ་རྒྱུག་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། 


       རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་ནི་མཚོ་བྱང་གི་ལོ་རྒྱུས་ཐོག་དེ་སྔ་བྱུང་མ་མྱོང་བའི་ཟིན་ཐོ་གསར་བ་ཞིག་གམ་ཐོད་བརྒལ་གསར་བ་ཞིག་སྟེ། བྱ་དགའི་རྣམ་གྲངས་ཆེས་མཐོ་ཞིང་གཞི་ཁྱོན་ཆེས་ཆེ་བ། བཀོད་སྒྲིག་ཚགས་དམ་ལ་ཆེད་ལས་རང་བཞིན་ལྡན་པར་མ་ཟད། འགྲན་སྡུར་གྱི་རྣམ་གྲངས་ལའང་ཆེད་ལས་ཚོ་ཆུང་གི་ཕྲག་མགོ་སྨི1.42ཡན་དང་རྒྱུག་ཐག་སྨི5000ཅན་གྱི་བང་རྒྱུག་འགྲན་སྡུར་དང་སྲོལ་རྒྱུན་ཚོ་ཆུང་གི་ཕྲག་མགོ་སྨི1.42མན་དང་རྒྱུག་ཐག་སྨི5000ཅན་གྱི་བང་རྒྱུག་འགྲན་སྡུར། སྲོལ་རྒྱུན་ཚོ་ཆུང་གི་ཕྲག་མགོ་སྨི1.45མན་དང་རྒྱུག་ཐག་སྨི3000ཅན་གྱི་གོམ་རྒྱུག་འགྲན་སྡུར་དང་སྲོལ་རྒྱུན་ཚོ་ཆུང་གི་ཕྲག་མགོ་སྨི1.45མན་དང་རྒྱུག་ཐག་སྨི1000ཅན་གྱི་སྐྱེས་མའི་གོམ་རྟའི་འགྲན་སྡུར་བཅས་རིགས་ཆེན་པོ་གཉིས་བཀར་ནས། ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོ་ནས་ཚེས26ཉིན་བར་ཏེ་དུས་ཡུན་ཉིན་བཞིའི་རིང་ལ་འདོ་རིགས་རྟ་ཕོའི་རྨིག་སྒྲའི་ཁྲོད་ནས་ས་ཆགས་དགུ་ལ་གཏམ་རྒྱུད་བྲིས་ཤིང་སོ་དཀར་འཛུམ་པའི་བརྩེ་དགོད་ཀློང་ནས་འབྱོར་ཕྱུག་དཔལ་གྱི་མཚོ་བྱང་སྐྲུན་པ་འདིའང་རྒྱལ་ཁབ་སྟོབས་འབྱོར་ལྡན་ཞིང་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ནས་དུས་བདེ་དམངས་སྐྱིད་ཀྱི་བསྟོད་གླུ་མེས་རྒྱལ་གྱི་ས་གཞིར་ཕུལ་བའི་ལེགས་སྐྱེས་ཡིན།

རྩོམ་སྒྲིག་པ། སྣང་རྡོར།