ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

བོད་ཀྱི་ཟློས་གར་དང་གླུ་གཞས་ནམ་ཞིག་ནས་དར་བ་ཡིན་ནམ།

སྤེལ་དུས 2019-09-19 ཡོང་ཁུངས། ཁམས་པའི་སྨྱན་སྦྱོར་བོད་ཡིག་འཕྲིན་སྟེགས་ལས། རྩོམ་པ་པོ།

     བོད་ཀྱི་ཟློས་གར་དང་གླུ་གཞས་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་ནས་དར་སོ་ཆེན་པོ་ཡོད་པ་དཔེར་ན་རྒྱལ་པོ་སྲོང་བཙན་སྒམ་པོའི་མེས་པོ་སྟག་རི་གཉན་གཟིགས་ཀྱི་དུས་སུ་འཕན་པོ་ཀླུམ་ཡ་གསུམ་ན་ཡོད་པའི་རྒྱལ་ཕྲན་ཟིང་པོ་རྗེ་ལ་བློན་པོ་དྲུག་གིས་ངོ་ལོག་བྱས་ཏེ་ལྷོ་ཁར་བྲོས་བྱོལ་ཕྱིན་ཐོགཉིན་མོ་ཤིང་ནགས་ཀྱི་གསེབ་ཏུ་གབ་ནས་མཚན་མོའི་དུས་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་སར་འགྲོ་བ་དེ་མང་ཚོགས་ཀྱིས་མཐོང་ནས་གླུ་གཞས་བཏང་བའི་གཞས་ཚིག་དང་།རྒྱལ་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་དང་། སྲོང་བཙན་སྒམ་པོ་རང་ཉིད་བཅས་ཀྱིས་བློན་པོ་གསར་པ་བསྐོ་གཞག་བྱེད་སྐབས་རྒྱལ་བློན་རྣམས་མཉམ་དུ་མནའ་བསྐྱལ་བའི་གླུ་གཞས་ཀྱི་ཚིག་ཏུན་ཧོང་གི་ས་འོག་ནས་ཐོན་པའི་བོད་ཡིག་ལོ་རྒྱུས་ཐོག་བཀོད་པ་དེང་སང་ཡང་མཐོང་རྒྱུ་ཡོད་པར་མ་ཟད། བློན་པོ་མགར་གྱི་ཐང་ཐའི་ཙུང་སར་ཕྱིན་ནས་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བསློང་སྐབས། རྒྱལ་བཟའ་ཀོང་ཇོ་ཐོག་མར་ཐུག་ཕྲད་བྱས་པའི་ཉིན་དེར། བློན་པོ་མགར་གྱིས་བོད་ཀྱི་ཡུལ་ལྗོངས་དང་ཐོན་ཁུངས་ཀྱི་ཁྱད་ཆོས་བཅས་ལ་བསྟོད་བསྔགས་གཏང་བའི་གླུ་གཞས་ཀྱི་གཞས་ཚིག་རྣམས་ལོ་རྒྱུས་ཀྱི་དཔེ་དེབ་མང་པོའི་ནང་འཁོད་ཡོད་པ་དང་།དེང་སང་བོད་དུ་གཏོང་སྲོལ་ཡོད་པའི༼རྒྱ་བཟའ་བོད་ལ་ཕེབས་པ༽ཟེར་བའི་གླུ་གཞས་དེ་རྒྱ་བཟའ་ཀོང་ཇོ་ལྷ་སར་ཐོག་མར་སླེབས་པའི་ཉིན་མོ་དེར་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་བསུ་བ་ཞུ་བའི་གཞས་ཚིག་ཡིན་ཟེར་བའི་བཤད་རྒྱུན་ཡོད་སྟབས།གཞས་ཚིག་དེར་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དང་། ད་དུང་རྒྱ་བཟའ་ཀོང་ཇོ་ལ་བསྟོད་བསྔགས་བྱེད་པའི་གཞས་ཚིག་མི་ཉུང་བ་ཞིག་ཡོད་པ་དེ་ཚོའི་ནང་རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པ་དེས་བོད་ཀྱི་ཞིང་ལས་དང་།འབྲོག་ལས། གསོ་བ་རིག་པ་བཅས་འཕེལ་རྒྱས་ཆེན་པོ་བྱུང་ལུགས་གསལ་པོར་བཀོད་པ་དེ་ནི་རྒྱ་བོད་མི་རིགས་བར་ནམ་ཡང་བརྗེད་པར་དཀའ་བའི་མཛའ་རྩེ་གཏིང་ཟབ་ཡོད་ལུགས་གསལ་པོར་མཚོན་པ་ཞིག་རེད།བོད་ལ་སྐད་གྲགས་ཡོད་པའི་སྟོད་གཞས་ནི་དུས་རབས་བཅུ་གཅིག་པའི་འགོར་མངའ་རིས་ས་ཁུལ་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་ཆེན་པོ་བྱུང་བའི་དུས་སྐབས་ནས་ཡོད་པ་ཞིག་སྟེ།དཔེར་ན་མངའ་རིས་རྒྱལ་པོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྒྱ་གར་ནས་ཨ་ཏི་ཤ(མོང་ཅྭ་ལ་ཡི་རྒྱལ་སྲས)གདན་འདྲེན་སྐབས་མངའ་རིས་རྒྱལ་པོའི་བློན་པོ་དང་མང་ཚོགས་ཀྱིས་བརྩམས་པའི༼ཟོར་མའི་གླུ༽ཟེར་བ་གསར་རྩོམ་བྱས་ནས་བསུ་བ་ཞུས་པའི་གཞས་ཚིག་ཁག་གཅིག་འབྲོམ་སྟོན་པས་བརྩམས་པའི༼ཨ་ཏི་ཤ་ཡི་རྣམ་ཐར༽ནང་བཀོད་ཡོད་པ་དེ་ཚོ་གཞས་ཚིག་སྤྱིར་བཏང་དང་མི་འདྲ་བའི་ཚིག་ཅུང་ཟད་རིང་པོ་ཡོད་པ་ཞིག་རེད། 

རྩོམ་སྒྲིག་པ།སྣང་རྡོར།