ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཆང་རག་ནི་སྲོག་གཅོད་ལག་དམར་ཞིག་རེད།

སྤེལ་དུས 2019-10-30 ཡོང་ཁུངས། སེམས་ཀྱི་ཉིན་ཟླ། རྩོམ་པ་པོ།
          ཉེ་ཆར། འཛམ་གླིང་གསོ་རིག་དུས་དེབ་གྲགས་ཅན་རྒྱ་ལྕང་ལོ་མའི་གྲི་ཞེས་པའི་ནང་།   གོ་ལ་ཡོངས་ཀྱི་ནད་རིགས་འགན་ཁུར་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། ཆང་རག་བཏུང་ན་བདེ་ཐང་ལ་ཕན་པ་གང་ཡང་མེད་པ་དང་། ཚད་དང་རན་པའི་ཆང་རག་འཐུང་ན་ཕན་པ་ཡོད་ཅེས་པའི་བརྗོད་སྲོལ་དེ་ཡང་དོན་དངོས་དང་མི་མཐུན་པ་ཞིག་ཡིན་པར་མ་ཟད། གོ་ལ་ཧྲིལ་པོར་ཆང་རག་ནི་ན་གཞོན་སྐྱེས་པ་གསོད་མཁན་གྱི་ལག་དམར་གཙོ་བོ་དེ་ཡིན། 
          ཐེངས་འདིའི་ཞིབ་འཇུག་ཁྲོད་༢༠༡༦ལོར་དཔར་པའི་GBDཞིབ་འཇུག་ནང་མི་ཁྲི་༢༨༠༠གཞི་གྲངས་བསྡུ་རུབ་བྱས་ཡོད་ཅིང་། མིག་སྔའི་བར་ཆང་རག་དང་འབྲེལ་བའི་ཞིབ་འཇུག་གི་མ་དཔེ་མང་ཤོས་ཤིག་ཡིན། ཞིབ་འཇུག་ཚོགས་པས་ཆང་རག་བཏུང་མཁན་གྱི་ཕོ་མོ་དང་། ན་ཚོད། ཆང་རག་འཐུང་ཚད། ཆང་རག་འཐུང་བའི་ཐེངས་གྲངས་སོགས་ཀྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་པ་དང་། ཆང་རག་ཉིང་ཁུས་བདེ་ཐང་ལ་གནོད་འཚེ་ཡོད་པ་ཐག་བཅད་ནས་གཏན་འབེབས་གསལ་པོ་བྱས་ཡོད་པ་རེད།
          འོ་ན་གནོད་འཚེ་གང་འདྲ་ཡོད་ཅེ་ན། དབྱེ་ཞིབ་བྱས་པའི་གཞི་གྲངས་ལས་གསལ་བར། གོ་ལ་ཧྲིལ་པོར་ལོ་རེར་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་ནས་ཤི་བའི་མི་གྲངས་ཁྲི་༣༢༠༠ཁྲོད། ཆང་རག་བཏུངས་ནས་ཤི་བའི་མི་གྲངས་ཁྲི་༢༨༠ཟིན་ཞིང་། དེ་ནི་ཤི་བ་དང་དབང་པོ་སྐྱོན་ཅན་དུ་གྱུར་བའི་རྒྱུ་རྐྱེན་ཆེན་པོ་བདུན་པ་དེ་རེད། མི་འབོར་མང་བའི་ཀྲུང་གོར་མཚོན་ན་གོ་ལ་ཧྲིལ་པོར་ཆང་རག་བཏུངས་ནས་ཤི་བའི་མི་གྲངས་མང་ཤོས་ཀྱི་རྒྱལ་ཁབ་ཤིག་ཡིན་ཞིང་། ལོ་རེར་རང་རྒྱལ་གྱི་མི་ཁྲི་༧༠(ཕོ་ཁྲི་༦༥)ཆང་རག་བཏུང་ནས་ཤི་གི་ཡོད་པ་རེད།
ཆང་རག་ཉུང་ཙམ་བཏུང་ན་ཕན་པ་ཡོད་ཟེར་བ་མ་ཡིན་ནམ་ཞེ་ན།
          ཞིབ་འཇུག་རྣམ་གྲངས་དེ་ལས་ཆང་རག་བཏུང་ན་ཕན་པ་གང་ཡང་མེད་པའི་སྐོར་བརྗོད་ཡོད། འོ་ན་ཆང་རག་ཉུང་ཙམ་བཏུང་ན་ཕན་པ་ཡོད་ཅེས་བརྗོད་པ་མ་ཡིན་ནམ། ཡང་སྙིང་ཆང་རག་བཏུང་ན་མི་ལ་ཕན་པ་ཡོད་དམ་ཞེ་ན།
ཟླ་བ་གཉིས་ཀྱི་གོང་། ཨ་རིའི་རྒྱལ་བཙུགས་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་ཉིན་ལྟར་ཆང་རག་ཉུང་ཙམ་བཏུང་ན་བདེ་ཐང་ལ་ཕན་པ་ཡོད་མེད་ཐད་ནད་ཐོག་ཚོད་ལྟ་ཞིག་བྱས་པ་རེད། ཚོད་ལྟ་བྱེད་པར་ཨ་སྒོར་དུང་ཕྱུར་༡གི་འགྲོ་གྲོན་དགོས་ཀྱི་ཡོད། འོན་ཀྱང་། འགྲོ་གྲོན་གྱི་གསུམ་ཆ་གཉིས་ཆང་རག་བཟོ་གྲྭ་ཆེ་རིགས་ནས་མཁོ་འདོན་བྱས་ཡོད་པ་རེད།  འོ་ན་དེ་ལྟ་བུའི་ཚོད་ལྟར་གོ་སྐོན་བློ་འགུག་གི་ནུས་པ་ཡོད་དམ་ཞེ་ན། 
ཆང་རག་ཉུང་ཙམ་བཏུང་ན་བདེ་ཐང་ལ་ཕན་པ་ཡོད་ཟེར་བའི་སྐྱག་རྫུན་དེར་ང་ཚོས་ཡིད་ཆེས་རྩ་བ་ནས་བྱེད་མི་རུང་།
མི་ཚེ་རིང་པོ་དང་སྐྱིད་པོ་བྱ་འདོད་ན་ཆང་རག་མ་འཐུང་།
          ཞིབ་འཇུག་ཚོགས་པས་དཔྱད་རྩོམ་ནང་། ལོ་མང་རིང་ཡིད་ཆེས་བརྟན་པོ་བྱས་པའི་ཆང་རག་བཏུང་ན་བདེ་ཐང་ལ་ཕན་པ་ཡོད་ཟེར་བའི་ལྟ་ཚུལ་དེ་སྒྱུར་བཅོས་བྱེད་པའི་དུས་ལ་བསླེབས་འདུག་ཅེས་བརྗོད་པ་དང་། ཐེངས་འདིའི་ཞིབ་འཇུག་ལས་ར་སྤྲོད་བྱུང་བར་ཆང་རག་རན་པོ་བཏུང་ན་བདེ་ཐང་ལ་ཕན་པ་ཡོད་ཅེས་པའི་བསྡོམས་ཚིག་དེ་ད་ལྟའི་བདེ་ཐང་གི་ཚད་གཞི་ཚང་མ་དང་ཧེ་བག་ཆེན་པོ་འདུག་ཅེས་བརྗོད་ཡོད་པ་རེད།
          ཨ་ཁ་ཁ།  ཆང་རག་གིས་བདེ་ཐང་ལ་གནོད་པ་ཆེ་ཆུང་གང་འདྲ་ཡོད་མེད་དེ་ཆང་རག་མང་ཉུང་དང་འབྲེལ་བ་ཡོད། གལ་ཏེ་ཉིན་རེའི་ཆང་རྩི་བསྡུ་ལེན་བྱེད་ཚད་ཁེ་༡༠སྟེ་སྦི་རག་ཤེལ་དམ་གང་ངམ་རྒུན་འབྲུམ་ཆང་པི་ཙི་གང་ཡིན་ཚེ། ཆང་མི་འཐུང་མཁན་དང་བསྡུར་ན་ཉེན་ཁ་༠.༥ %ལས་མེད། འོན་ཀྱང་། མིག་སྔར་བརྗོད་པའི་ཆང་རག་ཚད་རན་པོ་(ཁེ་༢༠)འཐུང་བ་ཞེས་པ་དེར་སྲོག་ཉེན་༧%ཡོད། ད་དུང་མུ་མཐུད་བཏུང་ཚེ་ཉེན་ཁ་ཐད་ཀར་ཆེ་རུ་འགྲོ་གི་ཡོད།
          ཁྱེད་རང་ཆང་རག་ལ་དབྱིངས་ཚུད་ཟིན་ཚེ་ཆང་རག་ཚད་རན་པོ་བཏུངས་ནས་གཟུགས་པོར་གནོད་པ་མི་ཡོང་བ་ཞིག་ཏུ་ཚོད་འཛིན་བྱེད་ཐུབ་བམ། དེར་བརྟེན། རིགས་གཅིག་མཁས་པས་བསྡོམས་ཚིག་གསལ་པོ་ཞིག་བཀོད་ཡོད་པ་སྟེ།  ཆང་རག་ནི་འཛམ་གླིང་རང་བཞིན་གྱི་བདེ་ཐང་གནད་དོན་ཆེན་པོ་ཞིག་ཡིན་ཞེས་བརྗོད་ཡོད་པ་རེད། དེར་བརྟེན་ཚེ་རིང་པོ་དང་སྐྱིད་པོ་ཡོང་འདོད་ན་ཆང་རག་འཐུང་མི་རུང་། 
          མཇུག་ཏུ། རྩོམ་ཡིག་འདི་བཀླགས་རྗེས་ཁྱེད་ཀྱིས་ནང་མིར་ཆང་རག་མི་འཐུང་བའི་བསླབ་བྱ་གཏང་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།