ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པ་ནག་ཆུར་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་བསྐྱོད་པ།

སྤེལ་དུས 2019-06-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཟླ་6ཚེས་20དང་21ཉིན་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པའི་ཙུའུ་ཀྲང་ཀྲུའུ་ཝེ་ཆུན་གྱིས་རུ་སྣེ་འཁྲིད་དེ་ནག་ཆུར་ཕེབས་པ་རེད། སྔ་རྗེས་སུ་ཤག་ཆུ་ཁ་སྤྱི་བདེའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་དང་། འབྲི་རུ་རྫོང་ཆགས་རྩེ་ཤང་དབྱར་རྩྭ་དགུན་འབུ་འཐུ་སའི་ས་ཚིགས། འབྲི་རུ་རྫོང་རླན་ཆུ་ཤང་འགོམ་དགོན་གསར། འབྲི་རུ་རྫོང་སྤྱི་བདེ་ཅུས། གསེར་རྙེད་ཆུས་རྟ་ཆེན་ཤང་བཅས་སུ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ཕེབས་པ་དང་འབྲེལ་ས་གནས་ཁག་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ལས་ཀའི་སྙན་སེང་གསན་པ་རེད།
             ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་བསོད་དར་གྱིས་ལྷན་དུ་ཕེབས་རོགས་གནང་བ་རེད།
             ཚེས་20ཉིན་ཤག་ཆུ་ཁ་སྤྱི་བདེའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་སུ་ཀྲུའུ་ཝེ་ཆུན་གྱིས་ལས་སྒྲུབ་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པ་རེ་རེ་བཞིན་ལ་ཕྱག་གཏོང་གནང་བ་མ་ཟད།
             ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པའི་ཚབ་ཞུས་ནས་ས་བབ་མཐོ་བའི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་དཀའ་སྤྱད་ལས་སྒྲུབ་བྱེད་མཁན་མི་དམངས་ཉེན་རྟོག་པར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་རྗེས། ཀྲུའུ་ཝེ་ཆུན་གྱིས་ཁས་ལེན་གནང་ཞིང་། ཁོང་གིས་ཤག་ཆུ་ཁ་སྤྱི་བདེའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ནི་ནག་ཆུའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་མཁར་རྫོང་གལ་ཆེན་ཞིག་ཡིན་པས། བདེ་འཇགས་ཞིབ་བཤེར་དང་འགོག་ཟོན་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ཞིབ་བཤེར་ས་ཚིགས་ཀྱི་ཚན་རྩལ་ཆ་འཕྲིན་ཅན་དང་རིག་ནུས་ཅན་འཛུགས་སྐྱོང་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། ཉེན་རྟོག་པར་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་འཆང་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིཌ་ཡུལ་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་བོད་ཀྱི་བདེ་འཇཌ་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
             “འདི་གར་བཙན་ཉོ་བཙན་འཚོང་གི་གནས་ཚུལ་འདུག་གམ”“ད་ཆ་བདེ་འཇགས་ཡག་ལ་ཤང་གི་ལས་བྱེད་པ་དང་མི་དམངས་ཉེན་རྟོག་པས་སྡོད་བྱ་སྲུང་གི་ཡོད་པས་དེའི་ཐད་སེམས་ཁྲལ་གཏན་ནས་བྱེད་དགོས་མེད”ཅེས་ཆགས་རྩེ་ཤང་གོང་མ་མདོ་གྲོང་ཚོའི་དབྱར་རྩྭ་དགུན་འབུ་འཐུ་སའི་གནས་སྐབས་ཏང་ཀྲི་པུའི་ཞབས་འདེགས་ས་ཚིགས་སུ་ཀྲུའུ་ཝེ་ཆུན་དང་བཅས་པ་ཕེབས་དུས་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་གྲོང་ཚོ་དྲུག་པའི་རིན་ཆེན་བསམ་འཕེལ་གྱིས་དེ་རིང་བཏུས་མ་ཐག་པའི་དབྱར་རྩྭ་དགུན་འབུ་100ལྷག་ཙམ་བཏོན་ནས“ད་ཆ་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད་ལ་བདེ་འཇགས་ཚོར་སེམས་དང་བདེ་སྐྱིད་ཚོར་སེམས་ཀྱང་ཆེ་རུ་ཕྱིན་སོང”ཞེས་བཤད།
             ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་། འབྲོག་པར་སྟབས་བདེའི་ཞབས་འདེགས་ཞུ་བ། གནས་སྐབས་ཏང་ཀྲི་པུའུ་འཛུགས་པ་ལ་སོགས་བྱས་ཡོད། ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་སྙན་སེང་གསན་རྗེས། ཀྲུའུ་ཝེ་ཆུན་གྱིས་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་དབྱར་རྩྭ་དགུན་འབུ་འཐུ་སའི་ཁོར་ཡུག་གཙང་བཟོའི་བླང་བྱ་གཞིར་བཟུང་སྡེ་ཚན་ཁག་གིས་སེམས་ཁྲལ་གྱི་འདུ་ཤེས་འཆང་བ་དང་། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་འཇོན་ཐང་ཆེ་རུ་གཏོང་བ། ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ཞིང་འབྲོག་མང་ཚོགས་ཚོས་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་དབྱར་རྩྭ་དགུན་འབུ་འཐུ་བར་ཁྲིད་སྟོན། རང་འགུལ་ངང་སྒྲིག་བཀུར་ཁྲིམས་སྲུང་བྱེད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
             འགོམ་དགོན་གསར་དུ་གྲྭ་བཙུན་ཚོས་རྒྱལ་གཅེས་ཆོས་གཅེས་དང་སྡོམ་ཁྲིམས་དང་སྒྲིག་ཁྲིམས་སྲུང་བ་མཁྱེན་སྐབས་ཀྲུའུ་ཝེ་ཆུན་ཐུགས་མགུ་པོ་བྱུང་ཡོད། ཁོང་གིས་ཁྲིམས་སྐྱོང་གི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས་མུ་མཐུད་ཟབ་ཏུ་བཏང་ནས་རང་འགུལ་ངང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་ཁྲིམས་ལྟར་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་དགོས་པ་དང་། སྡོམ་ཁྲིམས་མ་བསྲུངས་སྔོན་ལ་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་རྒྱལ་ཁྲིམས་འདུལ་ཁྲིམས་ལས་གལ་ཆེ་བའི་བསམ་ཕྱོགས་ཁ་གསལ་བྱས་ནས་གྲྭ་བཙུན་གྱི་བཅའ་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ། དགོན་སྡོད་ལས་བྱེད་པ་ཚོས་གྲྭ་བཙུན་གྱི་ཁེ་དབང་ལ་ཁྲིམས་ལྟར་དོ་དམ་དང་། ཁྲིམས་ལྟར་ཞབས་འདེགས། ཁྲིམས་ལྟར་འགན་སྲུང་གི་འོས་འགན་བསྒྲུབས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཕན་འབྲས་སྔར་བས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱས་ནས་དགོན་སྡེ་དོ་དམ་ཁྲིམས་སྐྱོང་དོ་དམ་ཕྱོགས་སུ་བསྐྱོད་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
             ཚེས་21ཉིན་འབྲི་རུ་རྫོང་སྤྱི་བདེ་ཅུས་དང་གསེར་རྙེད་ཆུས་རྟ་ཆེན་ཤང་དུ་ཀྲུའུ་ཝེ་ཆུན་དང་བཅས་པས“ཁྲིམས་ལྟར་ཁྲིམས་གཅོད་ནན་པོ་གཏོང་བ”དང“སྔོག་འདོན་གཏིང་ཟབ་དང་གཙང་བཤེར”སོགས་ལ་གཙོ་གནད་དམིགས་ནས། སྙན་སེང་ཉན་པ་དང་། གྱོད་ཡིག་དང་། རྩིས་ཁྲ། ཡིག་ཆ་བཅས་ལ་ལྟ་བ་སོགས་ལ་བརྟེན་ནས་གཙོ་གནད་གྱོད་གཞིའི་ཁུངས་སྣེ་ལྟ་སྐུལ་སྒྲུབ་གཉེར་གྱི་གནས་ཚུལ་དང་ནག་སེལ་གཤེད་བཅོམ་གྱི་ལས་དོན་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཀྲུའུ་ཝེ་ཆུན་གྱིས“ཧྥེང་ཆའོ་ཡི་ཉམས་མྱོང”འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་ས་གནས་དེ་གའི་སྤྱི་ཚོགས་བཅོས་སྐྱོང་ལ་ཐོབ་པའི་འགྱུར་ལྡོག་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་པ། གྲུབ་འབྲས་ཆེ་རུ་གཏོང་བ་དང་། རྗེས་སྙེག་གང་ཐུབ་དང་རྡུང་རྡེག་ཚ་ནན་གཏོང་བ། ཆེད་དོན་ལས་ཁུངས་དང་མང་ཚོགས་ཟུང་འབྲེལ། མང་ཚོགས་ལ་བརྟེན་པ། ཁུངས་སྣེ་གྲལ་བཤེར་དང་ཚུར་ལན་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ། ནག་གཤེད་དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེ་འཕྲལ་མར་མྱུལ་ཞིབ་དང་། འཕྲལ་མར་བཟུང་བ། འཕྲལ་མར་འདྲི་ཞིབ། འཕྲལ་མར་འདྲི་གཅོད་བཅས་བྱེད་དགོས་པ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་འཇོན་ཐང་བྱང་ཚད་དང་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།