ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་རིགས་མཐུན་སྒྲིལ་གྱི“ལྟེ་གཅིག་སྒོར་མོ”ཡག་པོ་བཏོད་པ།

སྤེལ་དུས 2019-07-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སྲོག་ཐིག་ལ་བརྩི་བ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ནང་དོན་དུ་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་དང། གཏིང་ཟབ་། རྒྱུན་མཐུད་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱས་ཡོད།
          མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་དང་སློབ་གསོའི“ལྟེ་གཅིག་སྒོར་མོ”ཡག་པོ་བཏོད་པ།
          “ཀྲུང་གོའི་ཕུགས་འདུན”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་ཀྱི་སྙིང་སྟོབས”“སྣང་ཆེན་བཞི་དང་དགའ་ཞེན་བཞི”“བོད་གསར་རྙིང་བསྡུར་བ”སོགས་ནང་དོན་གཙོ་བོར་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་བརྟེན་ནས་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད།
          བོད་ཞི་བས་བཅིང་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོ། ཟླ་9པའི་མི་རིགས་མཐུན་སྒྲིལ་ཟླ་བ་སོགས་དུས་ཆེན་གལ་ཆེན་ལ་དམིགས་ནས། བརྗོད་བྱ་གཙོ་བོ་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། གཞི་རྟེན་གསར་རྐྱང་སོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
          “རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི”ལས་བྱེད་པ་གྲོང་སྡོད་ལས་དོན་དང་། “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པ”སོགས་ཀྱི་བྱེད་སྒོ་ཏང་ཡོན་ལས་བྱེད་པས་མི་རིགས་ཁག་གི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ནས། ཏང་ཡོན་དང་མི་རིགས་ཁག་གི་མང་ཚོགས་དབར་ལ“གཉེན་ཉེའི་འབྲེལ་བ”བཙུགས་པ་དང“སེམས་སྦྲེལ་ཟམ་པ”བསྐྲུན་པས་ཏང་ཡོན་ལས་བྱེད་པ་རྣམས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་གལ་ཆེན་ཞིག་ལ་གྱུར་ཡོད།
          མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།
          “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”དང“དུས་བདེའི་ཚན་པ”“གཞི་མཐུན་སྡེ་ཁུལ”བཅས་ལ་སྐུལ་འདེད་གཏོང་རྒྱུ་གཞི་རྟེན་དུ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དུད་ཚང་5ནས་10བར་དུད་སྦྲེལ་ཚན་པ་རེ་བྱ་རྒྱུའི་སྣེ་ཁྲིད་ཀྱིས་ཁྱིམ་མཚེས་དབར་ཡིད་རྟོན་མཛའ་གྲོགས་ལྡན་པ་དང་། ལྟ་རེས་སྲུང་རེས། མི་རིགས་ཁག་གི་མང་ཚོགས་ཚོས་འགན་འཁྲི་མཉམ་འཁུར་དང་ཁེ་ཕན་མཉམ་སྤྱོད། དུད་སྦྲེལ་གྱིས་དུས་བདེ་སྲུང་སྐྱོང་དང་དུད་སྦྲེལ་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་མཐུན་སྒྲིལ་དང་ཞི་མཐུན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་ཡོད།
          དྲིལ་བསྒྲགས་དང་སློབ་གསོ་ནི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་ལས་དོན་གལ་ཆེན་གཉིས་རེད། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལས་དོན་གལ་ཆེན་དེ་གཉིས་མཐའ་འཁྱོངས་བྱས་ཏེ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང། དྲང་ཕྱོགས་ནས་དྲིལ་བསྒྲགས་དང་སྐུལ་འདེད་གཏོང་རྒྱུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མཐུན་སྒྲིལ་དང་ཞི་མཐུན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་ཡོད།
          མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་ནི་ཏང་གི་འགོ་ཁྲིད་འོག་མི་རིགས་ཁག་གི་མང་ཚོགས་གཙོ་བོར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་ཤུགས་སྣོན་རྒྱག་པའི་ཕྱོགས་བསྡུས་བྱེད་ཐབས་བརྒྱུད་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོབཙུགས་ནས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལག་ལེན་གྱི་འཕེལ་རིམ་ལ་གསར་གཏོད་རང་བཞིན་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།
          “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པ”དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པ་དེས་རང་ལྗོངས་ཀྱིས་མི་རིགས་ལས་དོན་སྤེལ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
          ལས་ཁུངས་དང་། དམག་སྒར། སློབ་གྲྭ ཁེ་ལས་བཅས་ནས་སྡེ་ཁུལ་དང་། གྲོང་གསེབ། དགོན་སྡེ་བཅས་བར་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རེ་རེ་བཞིན་སྤེལ་ཡོད།
          “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ནས“མི་རིགས་མཐུན་སྒྲིལ་ཟླ་བའི”བར་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ཡོད།
          དོན་དངོས་འབོར་ཆེན་ཞིག་གི་ཐོག་ནས་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་ནི་རྒྱུན་གཏན་དང་། སྤེལ་རེས། བྱ་སྤྱོད། གཞི་རིམ་བཅས་ལ་ཐུག་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་མི་ཆོས་རིག་གནས་ཅན་དང་། མང་ཚོགས་ཅན། དངོས་ཚན་ཅན་བཅས་ཀྱི་བླང་བྱ་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་ཁྱབ་ཁོངས་དང་ནང་དོན་རྒྱུན་ཆད་མེད་པར་སྣུར་སྲིང་དང་རྒྱ་སྐྱེད་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་དེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ལ་གྱུར་བ་དང་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་ནུས་ལྡན་ཞིག་ལ་གྱུར་ཡོད་པ་ར་སྤྲོད་གང་ལེགས་ཐུབ་ཡོད།
          གསར་འགོད་པས་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་མཁན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་116དང་། དཔེ་བཟང་མི་སྒེར་159ཡོད་པ་དང་། རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་1649དང་དཔེ་བཟང་མི་སྒེར་2459ལ་གཟེངས་བསྟོད་བྱས་པ། སྔ་རྗེས་སུ་ཁག་དྲུག་བྱས་པའི་ལྗོངས་ཡོངས་ཀྱི་ཚན་པ་30རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཚན་པར་བདམས་པ་དང་། སྔ་རྗེས་སུ་ཁག་ལྔ་བྱས་པའི་སློབ་གསོའི་རྟེན་གཞི་6རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིར་བདམས་པ་རེད།
          མཐའ་དར་དམངས་ཕྱུག་དང་གྲོང་ཁྱེར་གྱི་མི་རིགས་ལས་དོན་ལ་མཉམ་དུ་སྐུལ་འདེད་བཏང་བ།
          “སྔོན་ཆད་ཏང་དང་སྲིད་གཞུང་གིས་ང་ཚོར་བདེ་སྡོད་ཁང་པ་སྐྲུན་རོགས་བྱས་བྱུང་ལ་ད་ཆ་ང་ཚོར་མ་དངུལ་རོགས་སྐྱོར་བྱས་ནས‘འབྱོར་འབྲིང་ཁང་པ’ཡང་བརྒྱབ་བྱུང་བས་དངོས་གནས་བཀའ་དྲིན་ཆེན་པོ་ཡིན”ཞེས་ལྷོ་བྲག་རྫོང་ལ་རྒྱབ་ཤང་གི་མང་ཚོགས་ཉི་མ་མཚོ་མོས་གསར་འགོད་པར་བཀའ་དྲིན་ཚོར་བཞིན་བརྗོད།
          ལྷོ་བྲག་རྫོང་ལ་རྒྱབ་ཤང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཐག་རིང་ལུང་ཁུག་གི་མཐའ་མཚམས་ཤང་ཞིག་རེད། ད་ཆ་ཏང་དང་སྲིད་གཞུང་གི་རོགས་རམ་འོག་ཤང་ཡོངས་ཀྱི་དུད་ཚང་69ཚང་མས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་གསར་པ་བརྒྱབ་ཡོད།
          ཏང་གི་སྲིད་ཇུས་བཟང་པོའི་གཟི་བྱིན་འོག་མཐའ་མཚམས་ས་ཁུལ་གྱི་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པ་དང་། མང་ཚོགས་ཀྱི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་ནས་མི་འབོར་དབུལ་པོ་ལོ་རེ་བཞིན་ཉུང་དུ་ཕྱིན་ཡོད།
          རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཐབས་དང་རྣམ་གྲངས་མ་དངུལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྲིད་ཇུས་ཀྱི་སྒུལ་ཤུགས་དང་ནང་གནས་ཀྱི་མི་མངོན་པའི་ནུས་པ་ཟུང་འབྲེལ་དམ་ཟབ་བྱས་ནས་མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།
          མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལྟེ་བའི་གནད་དོན་ནི་ཆ་རྐྱེན་ཧུར་ཐག་བསྐྲུན་ཏེ་ཐབས་བརྒྱ་ཇུས་སྟོང་ངང་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་རེད། “མཐའ་དར་དམངས་ཕྱུག་གི་བྱ་སྤྱོད”ནི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བ་ཞིག་དང་མི་རིགས་མཐུན་སྒྲིལ་ཟབ་ཏུ་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དགོས་མཁོ་དངོས་རེད། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་ཆབས་ཅིག་རང་ལྗོངས་ཀྱིས་ད་དུང་གྲོང་ཁྱེར་གྱི་མི་རིགས་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིར་ལ་ཞབས་འདེགས་ཞུ་བ་དང་དོ་དམ་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་བོད་དུ་ཡོང་མཁན་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད།
          གངས་ལྗོངས་ས་གཞི་ཆེ་མོར་རྒྱང་ལྟ་བྱེད་སྐབས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཕྱོགས་གང་སར་བཞད་པ་དང་། གྲོང་མིའི་བསམ་འདུན་ཉན་སྐབས་མི་རིགས་ཡར་ཐོན་གྱི་གླུ་དབྱངས་སྔར་ལས་སྐད་གསང་མཐོ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཐུན་སྒྲིལ་གྱི་ཕུགས་འདུན་ཡག་པོ་འགྲུབ་པ་དང་། མི་རིགས་ཁག་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་འཕེལ་རྒྱས་ཀྱི་ཕུགས་འདུན་ཐུན་མོང་ཐོག་བཏོད་ཚེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་རིང་མིན་མངོན་འགྱུར་ཐུབ་ངེས་རེད།
རྩོམ་སྒྲིག་པ། རྡོ་རྗེ།