ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་ཆུ་ཚད་གསར་པར་སླེབས་པ།

སྤེལ་དུས 2019-07-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བྱམས་པ་ཚེ་རིང་།
             ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་པ་དང་ལེའུ་གསར་པ་རྩོམ་དགོས་ཞེས་པ་སྟེ་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་མཐོ་ཚད་གསར་པར་སླེབས་པ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འབྲི་ཆུའི་ཟུར་གསུམ་གླིང་ཁུལ་ནི་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་འགྲོ་མགྱོགས་ཤོས་དང་། སྒོ་དབྱེའི་ཆུ་ཚད་ཆེས་མཐོ་ཤོས། གསར་གཏོད་ནུས་པ་ཆེ་ཤོས་བཅས་ཀྱི་ས་ཁོངས་གྲས་ཤིག་རེད། རྒྱལ་ཡོངས་ཀྱི་དཔལ་འབྱོར་འཆར་འགོད་ཁྲོད་དུ་གལ་འགངས་ཆེ་བའི་གནས་བབ་བཟུང་ཡོད། ད་ལོའི་སྤྱི་ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་ནས་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གྱི་གོང་འཕེལ་གཏོང་བའི་འཆར་འགོད་རྩ་གནད་ཅེས་པར་གྲོས་ཞིབ་གནང་ཏེ་ཧྲང་ཧའེ་དང་ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཀྱིས་གཞི་གཅིག་ཅན་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱ་ཆེད། འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་བྱེད་ཚད་མགྱོགས་སུ་བཏང་བ་དང་། ཐོན་ལས་གོང་འཕེལ་གྱི་མཐུན་སྦྱོར་ནུས་པ་ཆེ་རུ་བཏང་བ། སྒྲིག་གཞི་དང་ལམ་ལུགས་ཀྱི་བཀག་རྒྱ་གཏོར་བ་བཅས་བྱས་པས་གཞི་གཅིག་ཅན་གྱི་གོང་འཕེལ་གཏོང་རྒྱུ་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱིས་རྒྱལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་གསུམ་དང་གྲངས་དྲུག་བཟུང་བ་དང་དེའི་ཐོག་ཏུ་རྒྱལ་ཡོངས་ཀྱི་མི་འབོར་བརྒྱ་ཆ་བཅུ་བཞི་འཚོ་སྡོད་བྱེད་ཀྱི་ཡོད། སྤྱི་ལོ་༢༠༡༨ལོར་རྒྱལ་ཡོངས་ཀྱི་བརྒྱ་ཆ་ཉི་ཤུ་རྩ་གསུམ་དང་གྲངས་ཆུང་ལྔའི་དཔལ་འབྱོར་སྤྱི་འབོར་གཏོད་ཡོད། སྤྱི་ལོ་༢༠༡༨ལོའི་ཟླ་བ་༡༡པའི་ཚེས་༥ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་དང་པོའི་ཐོག་གསུང་བཤད་གནང་ནས། འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་གོམ་སྟབས་རྗེས་མའི་གོང་འཕེལ་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གྱི་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཞུ་དགོས་པ་མ་ཟད་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱེད་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་དེ་འགོ་འཛུགས་ས་དེ་བས་མཐོ་བའི་བསྒྱུར་བཅོས་ཟབ་གཏོང་དང་བང་རིམ་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
             འབྲི་ཆུའི་ཟུར་གསུམ་གླིང་ཁུལ་དུ་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་བྱེད་པའི་ལས་དོན་སྒོ་ཀུན་ནས་སྤེལ་ཟིན་ཡོད། ཧྲང་ཧའེ་ཅིན་ཧྲན་དང་ཀྲེ་ཅང་ཅཱ་ཧྲན་བར་གྱི་གཞུང་ལམ་དེ་སྔ་འཆར་འགོད་སོགས་ཀྱི་རྐྱེན་པས་མགོ་ཡོད་མཇུག་མེད་ཀྱི་གཞུང་ལམ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། ད་ཆ་དེ་ལྟ་བུའི་ཞིང་ཆེན་བར་གྱི་མགོ་ཡོད་མཇུག་མེད་ཀྱི་གཞུང་ལམ་མང་པོ་ཞིག་ཤར་གཏོང་ཐུབ་བཞིན་ཡོད། ཁག་དང་པོའི་རྣམ་གྲངས་བཅུ་བདུན་ཁྲོད་ལས་གཞུང་ལམ་གཅིག་ལ་རླངས་འཁོར་ཤར་གཏོང་བྱས་ཟིན་པ་དང་། གཞུང་ལམ་བཅོ་ལྔ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད། གཞན་ཡང་། ཧྲང་ཧའེ་དང་ཧང་ཀྲའུ། ཉིང་པོ། ཝུན་ཀྲའུ། ཧོ་ཧྥེ། ནན་ཅིང་། སུའུ་ཀྲའུ་བཅས་གྲོང་ཁྱེར་བདུན་གྱི་འཁོར་ལམ་འགྲིམ་འགྲུལ་ཡང་སྤྱི་ཟླ་༥པའི་ཚེས་༢༢ཉི་ནས་བཟུང་ལག་ཐོག་ཁ་པར་གྱིས་རྩ་གཉིས་ཨང་བཤེར་བྱེད་པ་བརྒྱུད་འགྲོ་བསྐྱོད་ཐུབ་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད།
             དར་རྒྱས་ཆེ་བའི་འགྲིམ་འགྲུལ་དང་ཟོག་འདྲེན་དྲ་བ་ལས་ཕན་པ་ཐོབ་པའི་སྤྲིན་རྩིས་རྒྱག་དང་། ཟོག་འབྲེལ་དྲ་བ། རླངས་འཁོར་འདུས་གྲུབ་གློག་ལམ་སོགས་ཀྱི་ཐོན་ལས་ཀྱིས་ཀྱང་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་དུ་ཐོན་ལས་ཧྲིལ་པོའི་སྦྲེལ་ཐག་མགྱོགས་མྱུར་བཀོད་སྒྲིག་བྱེད་བཞིན་ཡོད། སྤྱི་ཟླ་༦པའི་ཚེས་༢༤ཉིན་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་ཚན་རིག་གྲངས་མཛོད་རྣམ་གྲངས་ནན་ཅིང་ཅང་པེ་ཁུལ་གསར་དུ་དངོས་སུ་འགོ་ཚུགས་ཡོད་པ་དང་དེར་ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་ཐོན་ཁུངས་གྲུབ་ཆ་གཅིག་བསྡུས་བྱས་ཡོད།
             མིག་སྔར། འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱིས་ཀྱང་ནུས་པའི་འབྱུང་ཁུངས་དང་། འཕྲིན་གཏོང་སོགས་ཁྱབ་ཁོངས་སུ་མཉམ་སྦྲེལ་མཉམ་མཐུད་མགྱོགས་སུ་གཏོང་བཞིན་ཡོད། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་ཀྱང་5Gདྲ་བ་བཀོད་སྒྲིག་བྱ་རྒྱུར་མཐུན་སྦྱོར་བྱེད་བཞིན་ཡོད་པ་དང་། མཉམ་དུ་གྲངས་གཞིའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བཞིན་ཡོད། ཉིན་ཤས་རིང་། ཨན་ཧུའེ་ཧོ་ཧྥེ་ཡི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་ཀྱི་ལྟེ་བའི་རྣམ་གྲངས་མིག་སྔར་འཛུགས་སྐྲུན་བྱེད་བཞིན་ཡོད། ཨན་ཧུའེ་ཞིང་ཆེན་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་བསྒྱུར་བཅོས་གསར་གཏོད་ཁྲུའི་ཁྲའུ་ཀྲང་ཀྲུའུ་ཏི་ཨེ་ཡིས་གསར་འགོད་པར། འདི་གས་འབྱུང་འགྱུར་ཧྲང་ཧའེ་ཀྲང་ཅང་རྒྱལ་ཁབ་ཚན་རིག་ལྟེ་གནས་དང་ཤར་ནུབ་སྦྲེལ་མཐུད་ཐུབ་ནས་ལས་དོན་སྤེལ་རྒྱུར་མཐུན་སྦྱོར་བྱེད་ཐུབ་ཅེས་གསུངས་ཡོད།
             འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་མཉམ་དུ་གཏོད་པའི་ཚན་རིག་ཡོ་ཆས་སྒྲིག་ཆས་ཆེ་གྲས་ཀྱི་མཉམ་སྤྱོད་དྲ་བ་ཞེས་པའི་ཐོག་ཏུ་སྒོར་གསུམ་འབུམ་ཡན་ཟིན་པའི་ཚན་རིག་ཡོ་ཆས་ཆེ་གྲས་ཉིས་ཁྲི་དྲུག་སྟོང་ལྷག་ཡོད་པ་དང་། ཚན་རིག་ཆེན་པོའི་སྒྲིག་ཆས་ཉི་ཤུ་རྩ་གསུམ་ལྷག་ཡོད་པ་རེད།
             རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་མགྱོགས་སུ་བཏང་བ་དང་ཐོན་ལས་གོང་འཕེལ་གྱི་མཐུན་སྦྱོར་ནུས་པ་ཆེ་རུ་བཏང་བ། སྒྲིག་གཞི་དང་ལམ་ལུགས་ཀྱི་བཀག་རྒྱ་གཏོར་བ་བཅས་བྱས་པས་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གཞི་གཅིག་ཅན་གྱི་གོང་འཕེལ་འགྲོ་རྒྱུ་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། ཧྲང་ཧའེ་གྲོང་ཁྱེར་ཝུ་ཁང་ལམ་དུ་གནས་པའི་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་ས་ཁོངས་མཉམ་ལས་གཞུང་ལས་ཁང་གི་སྒོ་བྱང་བཀལ་ནས་ལོ་གཅིག་ཙམ་སོང་ཡོད། ཧྲང་ཧའེ་གྲོང་ཁྱེར་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀྲུང་ཝུའེ་ཡིས། འདི་གར་རྩོམ་སྒྲིག་བྱས་པའི་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་ས་ཁོངས་གཞི་གཅིག་ཅན་གྱི་གོང་འཕེལ་གཏོང་བའི་ལོ་གསུམ་བྱ་སྤྱོད་འཆར་གཞི་ཞེས་པའི་ནང་གི་ལས་འགན་ཁག་སུམ་བརྒྱ་ཉི་ཤུ་སྒྲུབ་རྒྱུར་བརྟན་པོའི་སྒོ་ཀུན་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།