ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཆི་ཧྲན་གྱིས་མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཝང·ཨ་ཙི་ཧྲ་དང་མཇལ་འཕྲད་གནང་།

སྤེལ་དུས 2019-07-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཚེ་མཁར་རྒྱལ་གྱིས་བསྒྱུར།
ཟླ7པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཕེ་ཅིན་ཀྲུང་ནན་ཧའེ་ནས་མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཝང·ཨ་ཙི་ཧྲ་དང་མཇལ་འཕྲད་གནང་།
              ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་ནས་མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཝང·ཨ་ཙི་ཧྲ་དང་མཇལ་འཕྲད་གནང་།
              ཝང་ཆི་ཧྲན་གྱིས་བསྟན་དོན།  ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་གྱི་འགྲོ་འོང་རྒྱུན་རིང་ལ་དམངས་སེམས་གཅིག་མཐུན་གྱི་རྨང་གཞི་ཟབ་མོ་ཡོད། མིག་སྔར། ཀྲུང་གོས་ཧུར་ཐག་གིས“ལོ་བརྒྱ་ཅན་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་བཞིན་ཡོད་པ་དང་། མ་ལེ་ཞི་ཡས་ཀྱང“2030ལོའི་ཕུགས་འདུན”ལེགས་སྒྲུབ་བྱ་རྒྱུའི་དམ་བཅའ་བཞག་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་ཐུན་མོང་གིས་ཀྲུང་གོ་དང་མ་ལེ་ཞི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏན་འཁེལ་བྱས་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ45འཁོར་བའི་གོ་སྐབས་དམ་འཛིན་བྱས་ཏེ་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་མཉམ་སྐྲུན་ཇེ་ཟབ་ཏུ་བཏང་སྟེ།  མི་ཆོས་སྤེལ་རེས་དང་སྤྱི་ཚོགས་བཅོས་སྐྱོང་གི་ཉམས་མྱོང་ཕན་ཚུན་ལ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།  ཕྱོགས་གཉིས་ཀའི་ཁེ་ཕན་གྱི་འབྲེལ་ཐག་རྒྱུན་ཆད་མེད་པར་དམ་དུ་གཏོང་བ་དང་། ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
              ཝང·ཨ་ཙི་ཧྲ་ཡིས་བསྟན་དོན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་མ་ལེ་ཞི་ཡ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”དང་འབྲེལ་བའི་མ་ལེ་ཞི་ཡ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་གྱི་མཉམ་ལས་བྱེད་པའི་སྦས་ཤུགས་སྔོག་འདོན་བཅས་བྱས་ནས། མ་ལེ་ཞི་ཡ་དང་ཀྲུང་གོ་བར་གྱི་འཐབ་ཇུས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།