ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་ཐུམ་འབུའི་ནད་འགོག་བཅོས་ཞིབ་འཇུག་གི་གཙོ་གནད་ཚོད་ལྟ་ཁང་ཐོག་མ་འཛུགས་རྒྱུར་ཆོག་མཆན་ཐོབ་པ།

སྤེལ་དུས 2019-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི《རུས་ནད་ཚན་ཁག་གི་རིག་ནུས་ཡོ་ཆས་གཙོ་གནད་ཚོད་ལྟ་ཁང་སོགས་ཨུ་ལྷན་དང་ཞིང་ཆེན་གྱིས་གཙོ་གནད་ཚོད་ལྟ་ཁང་13མཉམ་སྐྲུན་བྱ་རྒྱུའི་སྐོར་གྱི་ཡི་གེ》བྱ་བའི་ཡོངས་བསྒྲགས་མིང་ཐོའི་ནང་དུ་བོད་ལྗོངས་ཀྱིས་རེ་ཞུ་བྱས་པའི“རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཐུམ་འབུའི་ནད་འགོག་བཅོས་ཞིབ་འཇུག་གི་གཙོ་གནད་ཚོད་ལྟ་ཁང་(མཉམ་སྐྲུན)”གི་མིང་ཐོ་གསལ་བོར་བཀོད་ཡོད་ཅིང་། དེའི་རེ་བཅོལ་ལས་ཁུངས་ནི་བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཡིན་པ་དང་། གཙོ་གཉེར་སྡེ་ཁག་ནི་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རེད། 
          ཐེངས་འདིའི་གཙོ་གནད་ཚོད་ལྟ་ཁང་དཔྱད་འདེམས་བྱེད་སྐབས་བོད་ལྗོངས་ཀྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་རེ་འདུན་ཞུ་ཡིག་འབུལ་བ་དང་། ཆེད་ལས་པས་སྐར་མ་རྒྱག་པ། སྙན་ཞུའི་རྩོད་ལན་འདེབས་པ། ཆེད་ལས་པས་བསམ་འཆར་ལྟར་སྙན་ཞུར་དག་བཅོས་བྱེད་པ་དང་། ཡུལ་དངོས་རྟོག་ཞིབ། ཚན་ཞིབ་ལས་སྒོའི་འགྲོ་གྲོན་རྣམ་གྲངས་ཀྱི་རིགས་སྒྲུབ་རྩོད་ལན་འདེབས་པ་སོགས་ཀྱི་དཔྱད་བསྡུར་རིམ་པ་མང་པོ་ཞིག་བརྒྱུད་ཅིང་། གཏན་འབེབས་དང་བླང་བྱ་ལྟར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གསོ་རིག་ཚན་རིག་ཁང་ལ་མངགས་བཅོལ་བྱས་ནས་ཆེད་ལས་པ་རྩ་འཛུགས་བྱས་ཏེ་བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་ལས་ཁུངས་13གྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི་ཨུ་ལྷན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་ལ་དཔྱད་ཞིབ་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་ཏེ། ད་ལོའི་ཟླ་7པའི་ཚེས་3ཉིན་འཛུགས་སྐྲུན་བྱེད་པའི་ཆོག་མཆན་ཡི་གེ་དངོས་སུ་བཏང་བ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དོ་དམ་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་གི་ཚན་རྩལ་གསར་གཏོད་ཀྱི་ལམ་ལུགས་དོན་འཁྱོལ་ཡོང་བ་བྱས་ཏེ། སླད་ཕྱིན་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཁོངས་གཏོགས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་དང་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ནས་ཚོད་ལྟ་ཁང་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་ཐད་དགོས་ངེས་ཀྱི་རྒྱབ་སྐྱོར་དང་ལྟ་སྐུལ། མཛུབ་ཁྲིད་བཅས་གནང་རྒྱུ་རེད། ཐུམ་འབུའི་ནད་འགོག་བཅོས་ཞིབ་འཇུག་གི་གཙོ་གནད་ཚོད་ལྟ་ཁང་དང་དེ་བཞིན་རེ་བཅོལ་ལས་ཁུངས་ཀྱིས་ནན་ཏན་ངང་སྒོས་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་དང་། འཁོར་སྐྱོད། དོ་དམ་བཅས་ཀྱི་འགན་འཁྲི་གཙོ་བོ་ལག་བསྟར་བྱས་ནས“ཕྱོགས་གཅིག་ནས་འཛུགས་སྐྲུན་དང་། ཕྱོགས་གཅིག་ནས་འཁོར་སྐྱོད། ཕྱོགས་གཅིག་ནས་སྒོ་དབྱེ”བྱ་བའི་རྩ་དོན་གཞིར་བཟུང་སྟེ་ཚོད་ལྟ་ཁང་འཛུགས་སྐྲུན་བྱ་བར་ཤུགས་སྣོན་དང་། དུས་ལྟར་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱ་རྒྱུ་རེད།