ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ།

སྤེལ་དུས 2019-08-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། བོད་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཧེ་བག་འཚོལ་བ་དང་། སློབ་སྦྱོང་བྱེད་ཞོར་དུ་དག་ཐེར། དོན་འཁྱོལ་ལ་དམ་འཛིན། མང་ཚོགས་ཀྱིས་བཏོན་པའི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་རིང་ཐོག་མའི་བསམ་འདུན་དང་འོས་འགན་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱས་པ་རེད།
          ཉིན་ཤས་གོང་ལྗོངས་སྲིད་གྲོས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ཚོགས་ཞུགས་བློ་མཐུན་ཚོས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་དམིགས་ཏེ་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་དང་བཟོ་ཚོགས་བཅས་ཀྱི་ནུས་པ་ཇི་ལྟར་བྱས་ནས་འདོན་སྤེལ་བྱེད་པ་དང་ཨུ་ཡོན་གྱི་བྱེད་པོའི་ནུས་པ་ཇི་ལྟར་བྱས་ནས་འདོན་སྤེལ་ཡག་པོ་བྱེད་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ཀྱི་བརྟག་ཞིབ་ཀྱི་གྲུབ་འབྲས་སྤེལ་རེས་བྱས་པ་རེད།
          ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་ནས། ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་འཚིམ་པའི་བོད་ཀྱི་རིག་གནས་བྱ་གཞག་ཡག་པོ་བསྒྲུབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་རིག་གནས་དང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པར་ཏང་གི་སློབ་ཚན་འཁྲིད་པ་རེད།
          ཉིན་ཤས་གོང་། ལྗོངས་སྲིད་གྲོས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།
          ཉིན་ཤས་གོང་། ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་དེ་སྔའི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་དོན་གྲུབ་དང་། དེ་བཞིན་ལྗོངས་སྲིད་གཞུང་གཞུང་དོན་ཐིང་ཡིག་བསྐུར་ངོ་བཅར་ཁྲུའུ་ཡི་དེ་སྔའི་ཁྲུའུ་ཀྲང་ཀུན་བཟང་། རྩོམ་སྒྱུར་ཁང་གི་དེ་སྔའི་ཀྲུའུ་རེན་ཕུན་ཚོགས་རྣམ་རྒྱལ་བཅས་བློ་མཐུན་རྒན་གྲས་གསུམ་གདན་ཞུ་བྱས་ཏེ། “ངས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་གྲུབ་འབྲས་ལ་བལྟ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ན་གཞོན་བློ་མཐུན་ཚོར་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་འཁྲིད་པ་རེད།
          ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། “བདེ་སྐྱིད་ལྡན་པའི་ཁྱིམ་གཞིས། མཛེས་སྡུག་ལྡན་པའི་འཚོ་བ”ཞེས་པ་ལས་དོན་གྱི་བརྗོད་དོན་གཙོ་བོར་བྱས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སྡོད་ཁང་འགན་ལེན་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་རེད།
          ལྗོངས་ཆུ་བེད་ཐིང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས“སྒྱུར་བཅོས”བྱ་རྒྱུ་དེ་ལས་དོན་མཐའ་དག་ཁྲོད་ཁྱབ་པ་བྱས་ནས། བརྟག་དཔྱད་ཞིབ་འཇུག་ཏན་ཏིག་དང་། ཆུ་བེད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་གླེང་མང་བ། དཀའ་གནད་གནད་དོན་བཅས་གནད་འཕིགས་བཙལ་འཚོལ་དང་མཐིལ་རྟོགས་ཐུབ་པ་བྱས་ཏེ། ཕྱོགས་5ཐད་ཀྱི་ལྟ་ཞིབ་ཞིབ་ཕྲའི་གནད་དོན་25གྲལ་བཤེར་བྱས་པ་དང་། བརྗོད་དོན་གཙོ་བོར་བརྟེན་ནས་དོན་དངོས་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ཆུ་བེད་ལས་དོན་ལ་ཐོན་པའི་ཕན་འབྲས་དངོས་ལས་བརྗོད་དོན་གཙོ་བོའི་སློབ་གསོར་ཞིབ་བལྟ་བྱས་པ་རེད།
          ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་སློབ་སྦྱོང་སློབ་གསོའི་ཐད་དོན་གཉེར་གཏིང་ཟབ་དང་། བརྟག་དཔྱད་ཞིབ་འཇུག་ཐད་དོན་གཉེར་ཞིབ་ཕྲ། གནད་དོན་ལ་ཞིབ་ལྟའི་ཐད་དོན་གཉེར་གནད་འཁེལ། དག་ཐེར་དོན་འཁྱོལ་ཐད་དོན་གཉེར་ནན་པོ་བཅས་བྱས་ནས་དྲ་འཕྲིན་ཁྱབ་ཁོངས་ནང་གི་མངོན་གསལ་དོད་པའི་གནད་དོན་དང་མང་ཚོགས་ཀྱི་བསམ་འཆར་མང་བ་དང་གླེང་མང་བའི་གནད་དོན་ལ་དམིགས་ནས། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྟག་ཞིབ་གཏིང་ཟབ་དང་དྲ་འཕྲིན་བྱ་གཞག་གི་ཞན་ཆ་ནན་ཏན་ངང་བཙལ་ཏེ། གནད་དོན་19དང་དག་ཐེར་བྱེད་ཐབས་62གསེད་བཀྲོལ་བྱས་ཤིང་། མིག་སྔའི་དོན་ཚན་18དག་ཐེར་དོན་འཁྱོལ་བྱས་ཡོད།
          ལྗོངས་ཏང་ཨུད་སློབ་གྲྭ(སྲིད་འཛིན་སློབ་གླིང)གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལས་དོན་གཏིང་ཟབ་སྤེལ་ནས། གནད་དོན་ལ་ཞིབ་ལྟ་དང་དག་ཐེར་དོན་འཁྱོལ་གྱི་ལས་དོན་ཏན་ཏིག་སྤེལ་ཏེ། སློབ་སྦྱོང་བྱེད་ཞོར་དུ་དག་ཐེར་དང་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བྱས་པ་རེད།
          ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་གཙོ་གཉེར་བྱས་པའི“ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི”རིག་རྩལ་འཁྲབ་སྟོན་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་སྤེལ་བ་རེད།
          ཉིན་ཤས་གོང་། བོད་ལྗོངས་མཐོ་བརྩོན་འཛུགས་སྐྲུན་ཨར་རྒྱག་རྒྱུ་ཆ་ཚོགས་པས“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་མཉམ་སྡེབ་སློབ་སྦྱོང་ཕྱོགས་སྡོམ་ཚོགས་འདུ་དང་མཉམ་སྡེབ་སློབ་སྦྱོང་སྤེལ་རེས་ཚོགས་འདུ་ཐེངས་བཞི་པ་དང་ཐེངས་ལྔ་པ་འཚོགས་པ་རེད།