ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀླུ་ནང་ནས་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་ལ་རོལ་བ།

སྤེལ་དུས 2019-08-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀོང་པོའི་མདའ་རྩེད་དང་རྟ་རྒྱུག། རྡོ་འགྱོག མར་དཀྲོགས། རྩམ་པ་བརྫི་བ་ལ་སོགས་པ་སྟེ། ཉིན་འདི་དག་ལ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་བོད་ལྗོངས་ཉིང་ཁྲིའི་ཀླུ་ནང་དུ་འཛོམས་ཏེ། སྐབས་གསུམ་པའི་ཀླུ་ནང་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་ལ་རོལ་བ་རེད། 
1.jpg
ཀོང་པོའི་མདའ་རྩེད་འགྲན་སྡུར་སྤེལ་བཞིན་པ།
              ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་སྒོ་འབྱེད་མཛད་སྒོའི་སྟེང་གི་གླུ་གར་འཁྲབ་སྟོན་དང་ཀོང་པོའི་སྲོལ་རྒྱུན་རིག་གནས་འགྲེམ་སྟོན། ཀོང་པོའི་མདའ་རྩེད། རྟ་རྒྱུག། དམངས་སྲོལ་གྱི་རྩེད་བྲོད་ལུས་རྩལ། མེ་ཕུང་སྒོར་བྲོའི་དགོང་ཚོགས། མི་སྟོང་གི་རྡོ་ཁོག་གསོལ་སྟོན་བཅས་ཀྱི་བྱ་འགུལ་འདུས་པ་རེད། 
2.jpg
འགྲན་ཞུགས་པས་རྟ་རྩལ་འཁྲབ་སྟོན་བྱེད་བཞིན་པ། 
              ཚེས་12ཉིན་ལ་ཧོ་ནན་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཝེ་ཡིས། “ཐོག་དང་པོར་གནས་འདིར་ཡུལ་སྐོར་ལ་ཡོང་བ་ཡིན་པས། རྩམ་པ་བརྫི་བའི་བྱ་འགུལ་ཤིན་ཏུ་ཡག་ལ་སྤྲོ་སྣང་ལྡན་པ་ཞིག་རེད།”ཅེས་ཟེར། 
3.jpg
འགྲན་ཞུགས་པས“བོད་ལྭ་གྱོན་པའི”འགྲན་སྡུར་བྱེད་བཞིན་པ།
              “རིག་གནས་ནི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གྱི་ཐེག་གཟུགས་ཡིན།”ཞེས་ཀླུ་ནང་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་སྤེན་པས་བཤད་རྒྱུར། “སྟོན་ཐོག་བསྡུ་བའི་དུས་སྐབས་ཡིན་ནའང་། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་མང་ཚོགས་རྣམས་ཞུགས་པ་ཤིན་ཏུ་བཟང་ལ། རྣམ་པ་ཚང་མ་བྱ་འགུལ་འདི་ལྟ་བུར་དགའ་ཞེན་ཞེ་དྲག་འདུག”ཅེས་ཟེར།
ཀླུ་ནང་ལྗོངས་ཁུལ་དོ་དམ་ཨུ་ལྷན་ཏང་རྩ་འཛུགས་གྱི་ཧྲུའུ་ཅི་བསྟན་འཛིན་ལྷ་མོས། “རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བའི་དགོས་པ་ནི། དམངས་སྲོལ་རིག་གནས་བྱ་འགུལ་དེ་རིམ་པ་བཞིན་དུ་རིག་གནས་ཡུལ་སྐོར་ཐོན་རྫས་ལ་བཟོ་བསྐྲུན་བྱ་བ་དང་། ཡུལ་སྐོར་བ་ཀླུ་ནང་དུ་སླེབས་ནས་མཛེས་ལྗོངས་ལ་རོལ་ཐུབ་པར་མ་ཟད། ཟ་འཐུང་དང་རྩེད་སྤྲོ་སོགས་ཕྱོགས་སོ་སོ་ནས་ཀྱང་དམངས་སྲོལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱེད་ཐུབ་པའི་ཆེད་ཡིན།”ཞེས་ཟེར། 
4.jpg
སྐྱེས་པ་ཞིག་གིས་རྡོ་འགྱོག་པའི་འགྲན་སྡུར་བྱེད་བཞིན་པ།
              རྒྱུས་ལོན་བྱས་པ་ལྟར་ན། ཀླུ་ནང་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྐབས་གསུམ་ལ་སྤེལ་མྱོང་ཞིང་། ད་ལོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྒོ་འབྱེད་མཛད་སྒོར་ཞུགས་པའི་ཉིན་དེའི་མི་གྲངས་ཁྲི་5ལ་ཉེ་བ་རེད།