ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁྱད་ལྡན་བྱེད་སྒོ་ཆེ་གྲས་དགུ་2019ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་སྟེང་སྤེལ་རྒྱུ་རེད།

སྤེལ་དུས 2019-08-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་གྱི་སྔ་དྲོར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་2019ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་པ་ལྟར་ན། ད་ལོའི་ཞོ་སྟོན་ནི་ཟླ་8ཚེས་30ཉིན་ནས་ཟླ་9པའི་ཚེས་5ཉིན་བར་ལྷ་ས་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་ལ། དུས་ཆེན་རིང་ཁྱད་ལྡན་བྱེད་སྒོ་9ཀུན་གྱི་སྤྱན་ལམ་དུ་བསྟར་རྒྱུ་རེད། 
པར་འདི་ནི་2018ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་ལྷ་མོ་འཁྲབ་སྟོན་རེད།
             དུས་ཆེན་རིང་གི་བྱེད་སྒོ་ཁག་ལ་གཙོ་བོ་ནི་གཤམ་གསལ་ལྟར། ཟླ་8པའི་ཚེས་24ནས་29ཉིན་བར་ལྷ་ས་ནས་གནམ་མཚོའི་རྐང་ཐང་གོམ་བགྲོད་ཚོགས་ཆེན་སྐབས་བཅུ་གསུམ་པ་གཉེར་རྒྱུ་དང་། ཟླ་8པའི་ཚེས་30ཉིན་གྱི་སྔ་དྲོར་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ཞོ་སྟོན་རིང་གོས་སྐུ་བཤམས་རྒྱུ། ཟླ་8པའི་ཚེས་30ཉིན་ནས་ཟླ་9པའི་ཚེས་5ཉིན་བར་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ“ལྗོངས་ཡོངས་ཀྱི་ལྷ་མོ་འགྲེམས་འཁྲབ་སྐབས་བརྒྱད་པ”སྤེལ་རྒྱུ། ཟླ་8པའི་ཚེས་31ཉིན་ནས་ཟླ་9པའི་ཚེས་2ཉིན་བར་བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ《གཟུགས་ཀྱི་ཉི་མ》(སྲོལ་རྒྱུན་ལྷ་མོའི་གར་སྟེགས་ཟློས་གར་བཅོས་སྒྲིག)འཁྲབ་སྟོན་སོགས་ལྷ་མོ་འཁྲབ་སྟོན་གནང་རྒྱུ། ཟླ་8པའི་ཚེས་30ཉིན་ལྷ་སའི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་སྤེལ་རྒྱུ། ཟླ་8པའི་ཚེས་30ཉིན་ནས་ཟླ་9པའི་ཚེས་1ཉིན་བར་ནོར་བུ་གླིང་ཁར་གྱོན་ཆས་འགྲེམས་སྟོན་གནང་རྒྱུ། ཟླ་8ཚེས་31ཉིན་ལྷ་སའི་གནས་མཆོག་དག་ཞིང་ཀྲོའུ་ཅི་གསོལ་མགྲོན་ཁང་དུ་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གཅིག་སྡུད་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་རྒྱུ། ཟླ་9པའི་ཚེས་1ཉིན་ལྷ་ས་གྲོང་ཁྱེར་བྱང་འདབས་ཀྱི་རྟ་རྒྱུག་འགྲན་རར་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་གནང་རྒྱུ། ཟླ་9པའི་ཚེས་1ཉིན་ནས་ཚེས་3ཉིན་བར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་བོད་ཀྱི་མིག་མངས་འཁྲབ་སྟོན་གནང་རྒྱུ། ཟླ་8པའི་ཚེས་30ཉིན་ནས་ཟླ་9པའི་ཚེས་5ཉིན་བར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་ལྷ་སའི་ཞོ་སྟོན་གྱི་སྤུས་ལེགས་གྲགས་ཅན་ཚོང་ཟོག་ཚོང་འདུས་གཉེར་རྒྱུ་བཅས་སོ། 
པར་འདི་ནི་2018ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་རིང་འབྲས་སྤུངས་དགོན་པའི་གོས་སྐུ་བཤམས་པ་རེད།
             མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོའི་ནང་དོན་ཡང་དེ་སྔ་དང་བསྡུར་ན་གསར་གཏོད་བྱས་ནས་དེ་སྔའི་ཆེད་དོན་མཚན་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད་དེ། འགོ་བརྗོད《ཞོ་སྟོན་དགྱེས་གླུ》དང་འཁྲབ་ཚན་དང་པོ《དར་ཚོན་སྣ་ལྔའི་བསྟོད་དབྱངས》འཁྲབ་ཚན་གཉིས་པ《སྐལ་བཟང་སྟོང་དབྱིངས》འཁྲབ་ཚན་གསུམ་པ《རྒྱལ་ཡོངས་དགྱེས་སྟོན》བཅས་བརྗོད་གཞི་མི་འདྲ་བའི་འཁྲབ་ཚན་བཞི་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་དང་ཞོ་སྟོན་གྱི་སྲོལ་རྒྱུན་རིག་གནས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ། ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་འབྲེལ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་པའི་དགའ་སྤྲོ་མཉམ་སྤྱོད་བྱས་པ་མངོན་ཡོད་ཅིང་། འགོ་ཚུགས་མཛད་སྒོའི་མཚན་ཚོགས་ནང་ལྷ་མོ་དང་འབྲི་ཞོ་སོགས་ཞོ་སྟོན་གྱི་སྲོལ་རྒྱུན་རིག་གནས་ཀྱི་ཆ་འདྲེས་ཡོད་ལ།ཐའེ་ཅི་སོགས་ལུས་སྦྱོང་གི་ཆ་ཡང་འདྲེས་ཡོད་པ་མ་ཟད།“ལཱ་ལཱའི”ཞབས་བྲོ་སོགས་གནད་སྨིན་དབུལ་སྐྱོར་གྱི་ནང་དོན་ཡང་ཚུད་ཡོད། སྔོན་ཆད་དང་བསྡུར་ན་མི་དམངས་མང་ཚོགས་ཀྱི་འཚོ་བ་དངོས་དང་དེ་བས་ཐག་ཉེ་བར་བྱས་ཡོད་པ་དང་དགྱེས་སྟོན་གྱི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཡང་དེ་བས་འབུར་དུ་ཐོན་ཡོད། གནམ་མཚོའི་གོམ་བགྲོད་ཚོགས་ཆེན་ལ་གྲོང་ཁྱེར་གྱི་གནས་གཏན་འཁེལ་གྱི་འགྲན་བསྡུར་གསར་སྣོན་བྱས་ཏེ་སྤྱི་ལེ་70དང་སྤྱི་ལེ་60ཡི་མཚོན་བྱེད་རང་བཞིན་གྱི་ལམ་ཚད་རྡོ་རིང་དང་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་ལོ་རྒྱུས་དོན་རྐྱེན་གལ་ཆེན་གྱི“ལམ་ཚད་རྡོ་རིང་ཆེན་པོ”བཀོད་སྒྲིག་བྱས་ཡོད་པ་དང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་ལྷ་སའི་འཆར་འགོད་འཛུགས་སྐྲུན་ཁང་སོགས་ས་རྟགས་རང་བཞིན་གྱི་གནས་7 “ཐོ་འགོད་ས” བཀོད་སྒྲིག་བྱས་ནས་སྲོལ་རྒྱུན་གྱི་ལོ་རྒྱུས་རིག་གནས་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་མངོན་པར་བྱས་ཡོད་པ། གཉན་ཆེན་ཐང་ལྷའི་འཁྱགས་རོམ་གོམ་བགྲོད་ཀྱི་ནང་དོན་གསར་དུ་བསྣན་ནས“ལྷ་བྱང་སྐོར་ལམ”གྱི་ཡུལ་སྐོར་ལམ་ཐིག་གསར་འདྲེས་ཀྱིས་གསར་བསྐྲུན་མཛེས་ལྗོངས་ཁུལ་གྱི“གུར་ནག་པོ”ནང་དུ་བཅུག་ཡོད་པ་རེད། བྱེད་སྒོ་སྤེལ་རིང་ད་དུང་ཨ་རིག་འདམ་རར་ལྟ་སྐོར་དང་མི་རིགས་ཀྱི་ཟློས་གར《དུས་བཞིའི་འབྲོག་གླུ》སོགས་ལྷ་སའི་བྱང་རྒྱུད་རྩྭ་ཐང་གི་ཡུལ་སྲོལ་གོམས་གཤིས་རོལ་མྱོང་གི་ནང་དོན་དང་སྐར་ཚོགས་དང་མཁའ་དབྱིངས་པར་ལེན་སོགས་སྒར་སའི་རིག་གནས་རོལ་མྱོང་གི་ནང་དོན་བཀོད་སྒྲིག་གནང་ཡོད་པ་རེད།
པར་འདི་ནི་2018ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་རྟ་རྩལ་འཁྲབ་སྟོན་རེད།
             2019ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱིས“སྤྲོ་སྣང་ལྡན་པའི་ཀྲུང་གོའི་ཞོ་སྟོན་དང་མཛེས་སྡུག་ལྡན་པའི་ལྷ་ས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“རིག་གནས་དང་ལུས་རྩལ། ཡུལ་སྐོར”བཅས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་ལྷ་སའི“དུས་ཆེན་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་པ་དང་། སྣ་མང་དང་ཕྱོགས་ཡོངས་ནས་ལྷ་སའི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ཚུན་ལོ་ངོ60ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་གངས་ལྗོངས་ས་མཐོའི་ལོ་རྒྱུས་རིག་གནས་དང་ཐུན་མིན་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་གང་ལེགས་གནང་ནས་གྲོང་ཁྱེར་གྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་གོང་བུར་འགྲིལ་ཤུགས། གསར་གཏོད་བྱེད་ནུས་བཅས་སྔར་བས་ཆེ་རུ་བཏང་ཡོད་པ་རེད།