ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་འགྲེམས་སྟོན་ལ་གཟིགས་པ།

སྤེལ་དུས 2019-08-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཟླ་8ཚེས་15ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་བློ་མཐུན་ཚོ་དང་ལྷན་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་འགྲེམས་སྟོན་ལ་གཟིགས་པ་དང་སྦྲགས། ཁོང་ཚོ་དང་ལྷན་དུ་སློབ་གསོའི་ཞུན་བརྡར་དང་ལེན་དང་། གསར་བརྗེའི་ཐོག་མའི་བསམ་འདུན་མྱོང་ལེན། ཕུགས་བསམ་དང་དད་སེམས་བརྟན་གཏོང་བཅས་ཀྱང་གནང་བ་རེད།
             ཚེས་15ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་བློ་མཐུན་ཚོ་དང་ལྷན་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་འགྲེམས་སྟོན་ལ་གཟིགས་པ་དང་སྦྲགས། ཁོང་ཚོ་དང་ལྷན་དུ་སློབ་གསོའི་ཞུན་བརྡར་དང་ལེན་དང་། གསར་བརྗེའི་ཐོག་མའི་བསམ་འདུན་མྱོང་ལེན། ཕུགས་བསམ་དང་དད་སེམས་བརྟན་གཏོང་བཅས་ཀྱང་གནང་བ་རེད།
             ཏིང་ཡེ་ཤན་དང་། ཀྲོང་ཡན། ནོར་བུ་དོན་གྲུབ། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་བཅས་ལྷན་དུ་འགྲེམས་སྟོན་ལ་གཟིགས་པར་ཕེབས་པ་རེད།
             ད་རེས་ཀྱི་འགྲེམས་སྟོན་དེ་རྒྱལ་ཁབ་ཡིག་ཚགས་ཅུས་དང་ཀྲུང་དབྱང་ཡིག་ཚགས་ཁང་གིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་དང་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་གཉེར་འགན་འཁུར་བ་ཞིག་རེད། འགྲེམས་སྟོན་བྱེད་རིང་རྩ་ཆེའི་ཡིག་ཚགས་དང་། ཚད་ལྡན་ཡིག་ཆ། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་བཅས་300ལྷག་ཙམ་བཀྲམ་ནས། ཉེ་བའི་ལོ་བརྒྱའི་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཐོག་མའི་བསམ་འདུན་བརྟན་སྲུང་གིས་མུ་མཐུད་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསོན་ཉམས་དོད་པོས་མཚོན་པར་བྱས་པ་མ་ཟད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ། ཀྲུང་ཧྭའི་ས་གཞི་ཆེ་མོར་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཀྱང་མཚོན་པར་བྱས་ཡོད།
             ལེགས་འདེམས་བྱས་པའི་པར་རིས་རེ་རེ་དང་རྩ་ཆེ་བའི་ཚད་ལྡན་ཡིག་ཆའི་ཤོག་ལྷེ་རེ་རེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མོང་མ་ཡིན་པའི་ལོ་ཟླ་དང་འོད་སྟོང་འབར་བའི་ལོ་རྒྱུས། ཀྲུང་གོ་གུང་ཁྲན་ཏང་གི་གསར་བརྗེའི་ས་བོན་དང་སྙིང་སྟོབས་འཕེལ་ཚུལ་བཀོད་པའི་ཡིག་ཚགས་དང་དཔྱད་གཞིའི་ཡིག་ཆ་ཤ་སྟག་ཡིན་ཞིང་། དེ་དག་གིས“ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲིའི”གསོན་ཤུགས་འཕེལ་བར་བྱས་ཡོད། ཝུའུ་དབྱིང་ཅེ་དང་བཅས་པ་འགྲེམས་སྟོན་ཚོམས་ཆེན་དུ་ཕེབས་ཏེ། “རིགས་པའི་གཞུང་ལུགས་འཚོལ་ཞིབ”དང་། “ཕུགས་བསམ་དད་སེམས” “འབད་འཐབ་ལྷོད་མེད”“དམིགས་ཡུལ་ཡུན་འཆང” “རང་ངོས་འཛུགས་སྐྱོང” “ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་བ”སོགས་ཀྱི་འགྲེམས་ཁུལ་ལ་རེ་རེ་བཞིན་གཟིགས་པ་དང་། གསལ་འགྲེལ་ནན་ཏན་ངང་གསན་པ། འགྲེམས་རྫས་རྒྱབ་ཀྱི་གཏམ་རྒྱུད་མཁྱེན་རྟོགས་གནང་བ། བསམ་ཞིབ་ཡང་ཡང་གནང་བ་མ་ཟད། མྱོང་ཚོར་སྤེལ་རེས་ཀྱང་གནང་བ་རེད།
             ཝུའུ་དབྱིང་ཅེས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་འགྲེམས་སྟོན་དེས། རྩ་ཆེའི་ཡིག་ཚགས་དང་ཚད་ལྡན་ཡིག་ཆར་བརྟེན་ནས་ཚང་མར་གཏིང་ཟབ་ལ་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་དམིགས་བསལ་ཞིག་ཁྲིད་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། རང་རྟོགས་ངང་ཚད་གཞི་དང་ཡང་ཡང་བསྡུར་བ། གསར་བརྗེའི་ས་བོན་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་སྣོན་པ་བཅས་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཡག་པོ་འཁུར་བ་དང་ལས་འགན་ཡག་པོ་སྒྲུབ་དགོས་པ་དང་། སྲ་ཞིང་བརྟན་པའི་ཕུགས་བསམ་དང་དད་སེམས་དེ་དུས་རབས་གསར་པའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་ནས། དུས་རབས་གསར་པའི་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
             ཝུའུ་དབྱིང་ཅེས་ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་འགྲེམས་སྟོན་ལ་ལྟ་སྐོར་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ཏེ། འབྲེལ་ཡོད་ནང་དོན་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གཤིས་སློབ་གསོའི་གསོན་ཉམས་དོད་པའི་སློབ་ཚན་ཞིག་ཡིན་པའི་ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་འགྲེམས་སྟོན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། སྡེ་ཚན་ཁག་དང་ཚན་པ་ཁག་གི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ལྟ་སྐོར་བྱེད་པ། ཏང་ཡོན་དང་ལས་བྱེད་པར་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། མུ་མཐུད་མདུན་སྐྱོད་ཀྱི་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད། འབད་འཐབ་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
             རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་ཀྱང་འགྲེམས་སྟོན་ལ་གཟིགས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།