ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“གཅིག་སེམས་གཅིག་སྦྲེལ”སྒྱུ་རྩལ་ཚོགས་པ་བོད་ལྗོངས་སུ་འཚམས་འདྲིའི་འཁྲབ་སྟོན་དུ་བསྐྱོད་པ།

སྤེལ་དུས 2019-08-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་8པའི་ཚེས་20ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི“གཅིག་སེམས་གཅིག་སྦྲེལ”སྒྱུ་རྩལ་ཚོགས་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚམས་འདྲིའི་འཁྲབ་སྟོན་བྱས་པ་སྟེ། ལྷ་ས་གྲོང་ཁྱེར་ཆུ་ཤུལ་རྫོང་ཚལ་སྣ་ཤང་དུས་བཞིའི་བཀྲ་ཤིས་གྲོང་ཚོ་ནི་ཚོགས་ར་གཙོ་བོ་དང་། ལྷ་ས་གྲོང་ཁྱེར་ལྷོ་རི་སྤྱི་གླིང་ནི་ཡན་ལག་ཚོགས་རར་བཀོད་སྒྲིག་བྱས་ཡོད། 
             ཉིན་དེའི་ལྷོ་རི་སྤྱི་གླིང་དུ་བརྗིད་ཆགས་ལྟ་ན་སྡུག་པའི་ཕོ་བྲང་པོ་ཏ་ལའི་གཟུགས་བརྙན་མེ་ལོང་ལྟ་བུར་ཞི་ཞིང་འཇགས་པའི་མཚེའུའི་ངོས་སུ་ཤར་ཏེ་རི་མོའམ་སྙན་ངག་གི་ཁམས་ཤིག་དང་ཆ་མ་མཆིས། ས་གནས་དེ་གའི་མང་ཚོགས་ཉིས་བརྒྱས་བོད་ཀྱི་གཞས་མ་འཇམ་དབྱངས་སྒྲོལ་མ་དང་མཉམ་དུ་གླུ་ལེན་བྲོ་རྡུང་གིས་《དྲི་ཟའི་བརྩེ་བ》ཞེས་པའི་གླུ་གཞས་བཏང་སྟེ། མི་རིགས་མཐུན་སྒྲིལ་ཆེན་མོའི་དབྱངས་རྟ་གཙོ་བོ་བརྒྱུད་སྒྲོག་དང་། སྒོ་དབྱེ་དཀྱེལ་ཡངས་ཀྱི་བོད་ལྗོངས་གསར་པའི་དཔལ་འབྱོར་དང་རིག་གནས་དར་རྒྱས། སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་འཕེལ། སྐྱེ་ཁམས་ཁོར་ཡུག་ལེགས་པོ། མི་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ་བཅས་དྲིལ་སྒྲོག་བྱས།
དུས་བཞིའི་བཀྲ་ཤིས་གྲོང་ཚོའི་ཚོགས་ར་གཙོ་བོའི་ཡུལ་དངོས།  
བོད་ཀྱི་གཞས་མ་འཇམ་དབྱངས་སྒྲོལ་མས་ལྷོ་རི་སྤྱི་གླིང་དུ་གླུ་གཞས་《དྲི་ཟའི་བརྩེ་བ》གཏོང་བཞིན་པ།
             འགོ་འཛུགས་པའི་གླུ་གཞས་《བཀྲ་ཤིས་སྐྱིད་གླུ》དང་འགྲོགས་ཏེ། དུས་བཞིའི་བཀྲ་ཤིས་གྲོང་ཚོའི་ཚོགས་ར་གཙོ་བོའི་འཁྲབ་སྟོན་དངོས་སུ་འགོ་བརྩམས། ཀྲུའུ་ཞུང་དང་ཞི་སི་སི། མ་ཡེ། སྤེན་པ་ཚེ་རིང་བཅས་ཀྱི་མདོ་འཛིན་དང་། གཞས་མ་སྙན་གྲགས་ཅན་དབྱིང་ཞོའུ་མེ་དང་ཀྲང་ཡེ། ཧན་ཧོང་བཅས་དང་བོད་ཀྱི་གཞས་པ་བཀྲ་ཤིས་ཕུན་ཚོགས་སོགས་ཀྱིས་གར་སྟེགས་གཅིག་པར་འཁྲབ་སྟོན་བྱས་ཏེ། ཡུལ་དངོས་ཀྱི་ལྟད་མོ་བ་ཆིག་སྟོང་ལྷག་ལ་མིག་གི་ལོངས་སྤྱོད་དང་རྣ་བའི་བདུད་རྩི་གྱ་ནོམ་པ་ཞིག་ཕུལ། 
             ཁ་དོག་རིགས་བཞི་ཡི་ཁང་བའི་གྱང་ལྡེབས་དང་གྲོང་ཚོའི་ནང་གི་གཞུང་ལམ་གཙོ་གྲས་12 སྡོད་ཁང་365བཅས་ཀྱིས་ལོ་འཁོར་མོའི་དུས་ཚིགས་བཞིར་ཆར་ཆུ་དུས་སུ་མོད་ཅིང་བཀྲ་ཤིས་བདེ་ལེགས་ཀྱི་དུས་བཞིའི་བཀྲ་ཤིས་གྲོང་ཚོ་མངོན་པར་མཚོན་ལ། གྲོང་ཚོའི་ཡུལ་མི་རྣམས་ཀྱི་བདེ་ཞིང་སྐྱིད་པའི་འཛུམ་མདངས་ལས་དབུལ་ཐར་འགག་སྒྲོལ་དང་གནས་སྤོར་དབུལ་སྐྱོར་གྱི་གྲུབ་འབྲས་གསལ་བར་མངོན་ཡོད། ཀྲང་ཡེས་བཏང་བའི་གླུ་གཞས་《འབྱོར་འབྲིང་གི་ལམ་དུ་འགྲོ་བ》ཡིས་མཛེས་པའི་ཞིང་གྲོང་གསར་པའི་དབུལ་ཐར་ཕྱུག་འགྱུར་གྱི་འབྱོར་འབྲིང་སྣང་ཚུལ་ཞིག་མངོན་པར་བླངས་ཡོད། 
             ཀྲང་ཡེས་བཤད་རྒྱུར། སླར་ཡང་ལྷ་སར་སླེབས་པ་ན། ལོ་བཞིའི་སྔོན་དང་བསྡུར་ཚེ་གྲོང་ཁྱེར་ལ་འགྱུར་བ་མང་པོ་བྱུང་ཡོད། “དེ་བས་མཛེས་ཤིང་སྔོ་ལྗང་ལྗང་དུ་གྱུར་འདུག”  “《འབྱོར་འབྲིང་གི་ལམ་དུ་འགྲོ་བ》ཞེས་པའི་གླུ་གཞས་འདི་མཛེས་པའི་དུས་བཞིའི་བཀྲ་ཤིས་གྲོང་ཚོ་ནས་བཏང་ཚེ་ཤིན་ཏུ་འཚམ་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཞིང་། ཡུལ་དངོས་ནས་ཡུལ་མི་རྣམས་ཀྱི་དགའ་སྤྲོ་དང་བདེ་སྐྱིད་ཀྱང་ཚོར་ཐུབ། མཛེས་སྡུག་གི་ཡུལ་གྲུ་བོད་ལྗོངས་འདི་སྔར་ལས་མཛེས་པ་དང་མི་དེ་ལས་མང་པོ་ཞིག་ཡུལ་གྲུ་འདིར་དགའ་བའི་སྨོན་ལམ་འདེབས།”
གཞས་མ་ཀྲང་ཡེས་དུས་བཞིའི་བཀྲ་ཤིས་གྲོང་ཚོར་གླུ་གཞས་《འབྱོར་འབྲིང་གི་ལམ་དུ་འགྲོ་བ》གཏོང་བ།  
བོད་ཀྱི་གཞས་མ་འཇམ་དབྱངས་སྒྲོལ་མ་དང་ས་གནས་མང་ཚོགས་ཀྱིས་མཉམ་དུ་གླུ་ལེན་བྲོ་རྡུང་གིས་《དྲི་ཟའི་བརྩེ་བ》ཞེས་པའི་གླུ་གཞས་གཏོང་བ།
             ལྷོ་རི་སྤྱི་གླིང་གི་ཕོ་བྲང་པོ་ཏ་ལའི་མཚེའུའི་ཡུལ་ལྗོངས་ཀྱི་མདུན་དུ། འཇམ་དབྱངས་སྒྲོལ་མ་དང་མང་ཚོགས་རྣམས་ཀྱིས་གཞས་བཏང་ཞིང་ཞབས་བྲོ་བརྒྱབ་ལ། གཞས་དབྱངས་དང་ཞབས་བྲོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་70ལོན་པ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར་60ལོན་པའི་རིང་གི་གྲུབ་འབྲས་གཡུར་དུ་ཟ་བར་མངོན་པར་བསྟོད་པ་རེད། འཇམ་དབྱངས་སྒྲོལ་མས་བཤད་རྒྱུར། ཁོ་མོ་ནི་ཐེངས་གཉིས་པར་ལྷོ་རི་སྤྱི་གླིང་དུ་ཡོང་བ་ཡིན་སྟེ། ཐེངས་འདིར་བརྙན་ལེན་བྱེད་པ་བརྒྱུད་ནས་ཁོ་མོས་ལྷོ་རི་སྤྱི་གླིང་གི་ཡུལ་ལྗོངས་ལ་རྒྱུས་ཤིན་ཏུ་ཞིབ་ཅིང་གསལ་བ་ཞིག་ལོན། “ང་ལ་མྱོང་བ་ཤིན་ཏུ་ཟབ་མོ་ཞིག་བྱུང་བ་ནི། གནས་འདི་སྔོན་ཆད་རི་རྒོད་ཅིག་ཡིན་མོད། སྔོ་ལྗང་ཅན་གྱི་ལས་གཞིར་བརྟེན་ནས། ད་ནི་གནས་འདིའི་འགྱུར་ལྡོག་ཧ་ལས་པ་ཞིག་རེད། ཕ་ཡུལ་དུ་ལོག་པ་ན། ང་ལ་བོད་མི་དམངས་ཀྱི་གནས་ཚུལ་དང་བསམ་པའི་ཉམས་འགྱུར་ཇེ་ཡག་ནས་ཇེ་ཡག་ཏུ་ཆགས་བཞིན་ཡོད་པའི་ཚོར་བ་བྱུང་། བོད་ལྗོངས་སྔར་ལས་ཀྱང་ཇེ་བཟང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།”
ལྷོ་རི་སྤྱི་གླིང་གི་ཡན་ལག་ཚོགས་རར་འཁྲབ་སྟོན་ལ་ལྟད་མོ་ལྟ་བའི་མང་ཚོགས། 
ལྷོ་རི་སྤྱི་གླིང་གི་ཡན་ལག་ཚོགས་རར་གླུ་ལེན་བྲོ་རྡུང་བྱེད་པའི་མང་ཚོགས།
             ལྷ་ས་གྲོང་ཁྱེར་ཁྲུན་ཀོན་ཆུས་འུན་ཧེ་ཡོན་དུ་སྡོད་པའི་ཕུན་ཚོགས་དཔལ་འབྱོར་ནི་2018ལོར་ལྷུན་གྲུབ་རྗོང་ནས་གནས་སྤོར་བྱས་ཏེ་ཡོང་བའི་གནས་སྤོ་དབུལ་སྐྱོར་གྱི་ཁྱིམ་ཚང་ཞིག་རེད། ལྷོ་རི་སྤྱི་གླིང་གི་རི་བོ་སྔོ་ཞིང་ཆུ་བོ་དྭངས་པའི་ཁོར་ཡུག་འདིར་འཇམ་དབྱངས་སྒྲོལ་མའི་འཁྲབ་སྟོན་ལ་བལྟ་ཐུབ་པ་བྱུང་བས་ཁོར་ཤིན་ཏུ་སྤྲོ་བས་བརྟས་པར་གྱུར། “སྔོན་ཆད་ཀྱི་ལུང་ཁུག་འགོལ་བོ་ནས་སྡོད་ཁང་གསར་པར་སྤར་ཞིང་། རྒྱ་ཡངས་པའི་ཁང་བར་བསྡད་པར་མ་ཟད་ལས་ཀའང་ཡག་པོ་ཞིག་རེག་པས། ང་ཚོས་རང་གི་འབད་བརྩོན་ལ་བརྟེན་ནས་འཚོ་བ་དེ་བས་ཡག་པོ་ཞིག་རོལ་རྒྱུ་ཡིན།”
             རྒྱུས་ལོན་བྱས་པར། ཐེངས་འདིའི་འཚམས་འདྲིའི་འཁྲབ་སྟོན་མཇུག་རྫོགས་རྗེས། སྒྱུ་རྩལ་ཚོགས་པ་ད་དུང་ནག་ཆུ་གྲོང་ཁྱེར་དུ་བསྐྱོད་ནས་འཚམས་འདྲིའི་འཁྲབ་སྟོན་བྱ་རྒྱུ་རེད།