ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལོ་ངོ་གསུམ་བརྒྱུད་མཐར《སློབ་ཆུང་བོད་ཡིག་མིང་མཛོད》འགྲེམ་སྤེལ་བྱས་སོང་།

སྤེལ་དུས 2019-08-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            མིག་སྔར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཁྱབ་སྤེལ་བྱས་པའི་《སློབ་ཆུང་བོད་ཡིག་མིང་མཛོད》དང་ཀློག་པ་པོ་ཐོག་མར་ངོ་འཕྲད་བྱུང་། མིང་མཛོད་འདི་ནི་ལྷ་ས་བྱ་དགའི་སྐད་ཡིག་ཟུར་ཁྲིད་སློབ་གྲྭའི་སློབ་གཙོ་ཚེ་རིང་ནོར་བུ་དང་ལྷ་ས་བྱ་དགའི་སྐད་ཡིག་ཟུར་ཁྲིད་སློབ་གྲྭའི་དགེ་རྒན་རྣམ་རྒྱལ་སྐྱབས་གཉིས་ཀྱིས་མཉམ་དུ་གཙོ་སྒྲིག་མཛད།  ལོ་ངོ་གསུམ་རིང་གི་རྩོམ་སྒྲིག་བརྒྱུད་ནས་ཡོངས་སུ་རྫོགས་པ་དང་།  པར་ཡིག་སྤེལ་མའི་རྣམ་པའི་སྒོ་ནས་སློབ་ཆུང་ལོ་རིམ་དང་པོ་ནས་ལོ་རིམ་དྲུག་པའི་བར་གྱི་ཐ་སྙད་ཡོངས་རྫོགས་དང་འཚོ་བའི་ཁྲོད་ཀྱི་རྒྱུན་བཀོལ་གྱི་ཐ་སྙད་གསར་པ་འདུས་ཡོད།  མིང་མཛོད་འདིས་སློབ་ཆུང་སློབ་མ་རྣམས་ཀྱིས་ཐད་ཀར་ཐ་སྙད་ཀྱི་གོ་དོན་མྱོང་ཐུབ་པ་དང་ཡང་ན་ཐ་སྙད་ལ་བག་ཆགས་ཟབ་མོ་ཆགས་སུ་བཅུག་ཡོད།
            ཚེ་རིང་ནོར་བུས་གསར་འགོད་པར་འགྲེམ་སྤེལ་བྱས་པའི་མིང་མཛོད་འདི་འགྲེམས་སྟོན་གནང་བ་དང་།  ད་དུང་ཁོས་“མིང་མཛོད་རྩོམ་སྒྲིག་ནི་ལས་གཞི་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་།   རྒྱུ་ཆ་ཤིན་ཏུ་མང་པོ་ཞིག་འཚོལ་བསྡུ་བྱེད་དགོས་ལ།  ད་དུང་ལོ་རྒྱུས་དཔེ་རྙིང་ཀྱང་འཚོལ་དགོས། ”ཞེས་ངོ་སྤྲོད་གནང་།  མིག་སྔར་ཡོད་པའི་བོད་ཡིག་གི་རྒྱུ་ཆའི་དཔེ་དེབ་སྤྱིར་སྣ་ཁ་ཅུང་མང་རུང་།  ནང་དོན་གྱི་ཐད་ནས་ཆེད་དོན་ཐ་སྙད་ཡིན་པས།  ཕྱོགས་བསྡུས་རང་བཞིན་དང་དབང་གྲགས་རང་བཞིན་མེད་ལ།  ད་ལྟའི་སྤྱི་ཚོགས་ཀྱི་ཐ་སྙད་གསར་པའི་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་རབས་ཀྱི་འཕོ་འགྱུར་དང་གཏན་ནས་འཚམས་མི་ཐུབ་ལ།  ད་དུང་ཐ་སྙད་མང་པོ་ཞིག་གི་བཀོལ་སྤྱོད་ཀྱི་རྒྱ་ཆུང་ཞིང་།  སྔར་བཞིན་ཐ་སྙད་རྙིང་པ་བཀོལ་བཞིན་པ་དང་།  ཅུང་མཁྲེགས་པོ་དང་གང་ལ་གང་འཚམས་ཀྱི་ཆ་ཞན།   དེ་དང་ཆབས་ཅིག་རྒྱུན་བཀོལ་རྒྱུ་ཆའི་རང་བཞིན་གྱི་མིང་བརྡའི་མཛོད་དང་མིང་མཛོད་དུས་དང་མཐུན་པར་གསར་བསྒྱུར་བྱེད་མི་ཐུབ་པས།  མིང་གི་བརྡ་དོན་དང་ཐ་ན་རྨང་གཞིའི་ཐ་སྙད་ཧ་ཅང་མི་འདང་བའི་དཀའ་ཁག་གི་གནས་ཚུལ་དང་འཕྲད་སྲིད།  ཐེངས་འདིར་འགྲེམས་སྤེལ་བྱས་པའི་《སློབ་ཆུང་བོད་ཡིག་མིང་མཛོད》ནི་སྔོན་ཆད་ཀྱི་《བོད་ཡིག་མིང་མཛོད》དག་དང་བསྡུར་ན་ཐ་སྙད་ཁག་ཅིག་ཁ་སྣོན་དང་།  བརྡ་དོན་འགྲེལ་བཤད་དང་དཔེ་བརྗོད་གསར་པའང་བསྣན་ཡོད།  དེ་དང་མཉམ་དུ་གཟུགས་མི་འདྲ་བའི་ཡི་གེ་དང་རྒྱུན་པར་མི་བཀོལ་བའི་ཡི་གེའི་ཁག་ཇེ་ཉུང་དུ་བཏང་ཡོད་ལ།  པར་རིས་དང་ཡི་གེ་སྦྲགས་མའི་རྣམ་པས་སློབ་ཆུང་ལོ་རིམ་དང་པོ་ནས་ལོ་རིམ་དྲུག་པའི་བར་གྱི་ཐ་སྙད་ཚང་མ་དང་འཚོ་བའི་ཁྲོད་ཀྱི་རྒྱུན་བཀོལ་གྱི་ཐ་སྙད་བཅས་ཚུད་པར་བྱས་ཡོད། 
            ཚེ་དབང་ནོར་བུས་བསྟན་དོན།  ཐེངས་འདིར་《སློབ་ཆུང་བོད་ཡིག་མིང་མཛོད》པར་གཞི་ཐོག་མ་པར་སྐྲུན་འགྲེམས་སྤེལ་བྱས་པ་འདིའི་ཁྲོད་ནོར་འཁྲུལ་དང་མི་འདང་ས་ཡོད་སྲིད་སྟབས།  དེབ་5000ལས་དཔར་མེད།  རྗེས་ཕྱོགས་མུ་མཐུད་ཐ་སྙད་གསར་པ་དང་ནང་དོན་གསར་པ་ཁ་སྣོན་བྱས་རྗེས།  སྔར་ལས་འཐུས་ཚང་ཡོང་ཐུབ་པ་དང་།  སྐབས་དེར་ང་ཚོས་པར་གཞི་གཉིས་པ་དང་པར་གཞི་གསུམ་པ་སོགས་པར་ཏུ་བཏབ་ཆོག་ཟེར། 
            《མིང་མཛོད》འདི་འགྲེམས་སྤེལ་བྱེད་ས་སྟེ་ང་དང་དེབ་ཞེས་པའི་དཔེ་ཁང་དུ་ཡོང་ནས་《མིང་མཛོད》འདི་ཉོ་མཁན་གྱི་གྲོང་མི་རྒྱུན་མི་ཆད་པ་དང་།  དཔེ་ཁང་གིས་ཆེད་དུ་《སློབ་ཆུང་བོད་ཡིག་མིང་མཛོད》དཔེ་སྒྲོམ་གྱི་མཐོང་སླ་བའི་གནས་སུ་བཞག་ཡོད། 
            གསར་འགོད་པས་ཕ་དང་ཁོང་གི་བུ་མོས་《སློབ་ཆུང་བོད་ཡིག་མིང་མཛོད》ཉོ་བཞིན་པ་མཐོང་།  ཨ་ཕ་དེས་གསར་འགོད་པར་བརྗོད་དོན།  དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་བྱའི་ཁྲོད་དུ་ཐ་སྙད་གསར་པ་མང་པོ་འདུག  ང་ཚོ་ཁྱིམ་བདག་གིས་འགྲེལ་བཤད་རྒྱག་མི་ཐུབ་པས།  ད་ཐེངས་ཡོང་ནས་མིང་མཛོད་འདི་ཉོས་པས།  རྗེས་ཕྱོགས་ཕྲུ་གུས་མི་ཤེས་པའི་ཐ་སྙད་མིང་མཛོད་ལས་འཚོལ་ཆོག  ཧ་ཅང་སྟབས་བདེ་རེད་ཟེར།