ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྨན་བཅོས་ཞིབ་འཇུག་དང་ཐོན་སྐྱེད་མཉམ་འགུལ་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་།

སྤེལ་དུས 2019-08-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཚོ་སྔོན་ནི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འབྱུང་ཁུངས་དང་དར་ས་གལ་ཆེན་ཞིག་ཡིན་ལ། སྐྱེ་དངོས་གསོ་རིག་དང་སྨན་རྫས་ཐོན་ལས་ཁྱབ་ཁོངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་ཐོན་ལས་གཅིག་འདུས་དང་ཐོན་ལས་སྦྲེལ་ཐག་ཟུང་འབྲེལ་རྨང་གཞིར་བྱས་ཏེ། བོད་ལུགས་གསོ་རིག་དང་བོད་སྨན་རྩེར་སོན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
པར་འདི་ནི་རྒྱལ་ཁབ་ཀྱི་བོད་སྨན་སྔོག་སྤེལ་གཙོ་གནད་བརྟག་དཔྱད་ཁང་2019ལོའི་རིག་གཞུང་ཚོགས་འདུའི་ཚོགས་མིས་མཉམ་པར་བསྐྱོན་པ་ཡིན།
             ཟླ་8པའི་ཚེས་8ཉིན། རྒྱལ་ཁབ་ཀྱི་བོད་སྨན་སྔོག་སྤེལ་གཙོ་གནད་བརྟག་དཔྱད་ཁང་གི་2019ལོའི་རིག་གཞུང་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་དང་མཁས་དབང་60ལྷག་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུའི་ཐོག་ཚོད་ལྟ་ཁང་འཛུགས་སྐྲུན་གྱི་གནས་ཚུལ་ཕྱོགས་སྡོམ་བྱས་པ་དང་འབྲེལ“བོད་སྨན་གྱི་བདེ་འཇགས་གདེང་འཇོག”ཐད་ནས་ཆེད་དོན་བགྲོ་གླེང་བྱས་པ་རེད།
པར་འདི་ནི་རྒྱལ་ཁབ་ཀྱི་བོད་སྨན་སྔོག་སྤེལ་གཙོ་གནད་བརྟག་དཔྱད་ཁང་2019ལོའི་རིག་གཞུང་ཚོགས་འདུའི་ཡུལ་དངོས་ཡིན།
             འགན་འཛིན་ཨའེ་མཚོ་ཆེན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་བོད་སྨན་སྔོག་སྤེལ་གཙོ་གནད་བརྟག་དཔྱད་ཁང་ནི་མཚོ་སྔོན་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་མི་རིགས་གསོ་རིག་ཁྲོད་ནས་རྒྱལ་ཁབ་ཀྱི་གཙོ་གནད་ཁེ་ལས་ཚོད་ལྟ་ཁང་གཅིག་པུ་དེ་ཡིན་པས། འདི་ཉིད་བཀོལ་སྤྱོད་ལེགས་པོ་བྱས་ཏེ། འདིའི་སྐུལ་ཁྲིད་ནུས་པ་དང་ཁྱབ་འགྱེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དེ་ཡང་གཙོ་གནད་ཚོད་ལྟ་ཁང་ལ་ཐོབ་པའི་གྲུབ་འབྲས་དང་ད་ལྟར་ལྷག་པའི་གནད་དོན་སྐོར་གསལ་བཤད་གནང་། ཚོད་ལྟ་ཁང་གི་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་པེ་ཅིང་བོད་ལུགས་སྨན་ཁང་གི་ཡོན་ཀྲང་སྒྲོལ་དཀར་སྐྱབས་ཀྱིས“བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ་ཚད་ལྡན་ཅན་གྱི་ཞིབ་འཇུག་གནས་བབ”ཅེས་པའི་རིག་གཞུང་སྙན་ཞུ་ཕུལ་ནས་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ལག་རྩལ་དང་བརྡ་ཆད་ཚད་ལྡན་ཅན་གྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་བསྟན་པ་མ་ཟད།  དེའི་རུ་ཁག་གིས་དེའི་ཕྱོགས་སུ་འབད་བརྩོན་གྱིས་འཚོལ་ཞིབ་བྱས་པ་དང་དེར་ཐོབ་པའི་གྲུབ་འབྲས་ཀྱི་སྐོར་ངོ་སྤྲོད་གནང་བ་རེད། 
             རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱི་བོད་སྨན་སྔོག་སྤེལ་གཙོ་གནད་བརྟག་དཔྱད་ཁང་ནི་རང་རྒྱལ་གྱི་མི་རིགས་སྨན་རྫས་ལས་རིགས་དང་མཚོ་སྔོན་ཞིང་ཆེན་ཁེ་ལས་ཅན་གྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ཐོག་མ་ཡིན་པ་དེས་བོད་ལུགས་གསོ་རིག་དང་བོད་སྨན་དེ་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་མ་ལག་གི་གྲས་སུ་ཚུད་པ་མཚོན་ཡོད། རིམ་པ་སོ་སོའི་སྲིད་གཞུང་གིས་མཐོང་ཆེན་དང་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་མཁས་པས་རྒྱབ་སྐྱོར་ཆེན་པོ་བྱས་པ་ལ་བརྟེན་ནས་ཚོད་ལྟ་ཁང་དེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བེད་སྤྱོད་དང་རྨང་གཞིའི་ཞིབ་འཇུག་གི་ཕུལ་བྱུང་ཚན་རྩལ་ཤེས་ལྡན་མི་སྣ་མཉམ་འདུས་དང་གསོ་སྐྱོང་། ཚན་རྩལ་སྤེལ་རེས་བཅས་བྱེད་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།
             དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས་གླེང་སྟེགས་རབ་དང་རིམ་པ་གཉེར་བ་བརྒྱུད་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གསར་གཏོད་ལ་སྐུལ་འདེད་བཏང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ།  སྲིད་གཞུང་དང་སྤྱི་ཚོགས། ཚོང་ར་བཅས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས།  དེང་རབས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་མ་ལག་དང་སྨན་བཅོས་ཞབས་ཞུའི་མ་ལག་ཆ་ཚང་ཞིག་འཛུགས་པར་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་དེ་ཚད་མཐོའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པར་ཤུགས་སྣོན་པ་དང་ཁྱད་ལྡན་ཐོན་ལས་ཀྱི་མཐུན་རྐྱེན་འདོན་སྤེལ་གང་ལེགས་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་དང་སྐུལ་འདེད་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་དེ་བས་ཀྱང་སྐུལ་མ་གཏོང་དགོས།