ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འཚེམ་དྲུབ་པ་ཞིང་པའི་ཁྱིམ་ཚང་སློབ་ཆེན་སློབ་མ“མཉམ་གཉེར་བ”དང་འཕྲད་པ་སྟེ། མི་རིགས་ཀྱི་འཚེམ་དྲུབ་དངོས་པོ་བོད་ནས་ཕྱིར་ཐོན་ཏེ་འཛམ་གླིང་ལ་ཕྱོགས་པར་བྱེད་པ།

སྤེལ་དུས 2019-09-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ལྷ་ས་གྲོང་ཁྱེར་གྱི་ལྷོའི་ཆུ་ཤུར་རྫོང་ཚལ་སྣ་ཤང་དུ། བླ་རི་ཆེན་པོ་ལྔ་ཚར་དུ་དངར་ཞིང་གྱུ་མ་གྱུའི་སྐྱིད་ཆུ་ནི་རི་བོའི་འགྲམ་ནས་དལ་གྱིས་བཞུར་ཏེ། དཀར་དམར་འདྲེས་མའམ་དཀར་སྔོ་ཕན་ཚུན་དཀྲིགས་པའི་ཁ་དོག་བཞིའི་གྲོང་ཚོ—དུས་བཞི་བཀྲ་ཤིས་གྲོང་ཚོ་གསོ་སྐྱོང་གནང་། 
             ས་འདི་ནི་ཆུ་ཤུར་རྫོང་གི་སློབ་ཆེན་སློབ་མ་དང་ན་གཞོན་རོང་འབྲོག་མི་དམངས་བཅས་ཀྱིས་གསར་གཏོད་ལས་གཏོད་བྱེད་པའི་གནས་གཞིའི་གཞི་ཆགས་ས་ཡིན། 2018ལོར་དུས་བཞི་ཉིས་གཏོད་མང་གཏོད་ཀྱི་གནས་ཡུལ་དངོས་སུ་བཙུགས་ཏེ། གྲོང་ཚོ་རང་དང་ཉེ་འཁོར་གྱི་མཐོ་སློབ་མཐར་ཕྱིན་སློབ་མ། ན་གཞོན་རོང་འབྲོག་མི་དམངས་བཅས་ལ“མཚམས་སྦྱོར་འབྲེལ་ལམ་འཛུགས་པར”བྱས་ལ། གནས་གཙང་བདེ་ཐང་ཐོན་ལས་དང་མི་རིགས་ལག་ཤེས་ཐོན་རྫས་ཀྱི་རྒྱུན་འཛིན་དང་གོང་འཕེལ། དམངས་སྲོལ་རིག་གནས་གསར་གཏོད་ཐོན་ལས་བཅས་ལ་དམིགས་ཏེ། ཕྱོགས་གཉིས་ཧུར་བརྩོན་གྱིས་གསར་གཏོད་ལས་གཏོད་ལ་ཞུགས་ནས་ཕན་ཚུན་གཉིས་རྒྱལ་ཡོང་བ་མངོན་དུ་བྱ་བར་སྣེ་ཁྲིད་བྱས། 
14.jpg
ཕུན་ཚོགས་ཚེ་རིང་གིས་ཐང་ག་འཚེམ་དྲུབ་བྱེད་བཞིན་པ།
             ཟླ་བ་འགའི་སྔོན་ལ་དུས་བཞི་བཀྲ་ཤིས་གྲོང་ཚོའི་སྡེ་མི་ཕུན་ཚོགས་ཚེ་རིང་དང་ནན་ཅིང་ནས་སློབ་ཐོན་བྱུང་ནས་ཡུལ་དུ་ལོག་ཏེ་ལས་གཏོད་བྱེད་པའི་སློབ་ཆེན་སློབ་མ་འཇམ་དཔལ་གཉིས་གནས་འདིར་ལས་འཕྲད་བྱུང་ཞིང་། མཉམ་གཉེར་གྱིས“བོད་ལྗོངས་རྒྱུགས་ཤར་ལག་ཤེས་བཟོ་རྩལ་གྱི་རོང་འབྲོག་མི་དམངས་ཆེད་ལས་མཉམ་ཁེར་ཁང”བཙུགས་ཏེ། རང་ཉིད་ཀྱི་ཚོང་རྟགས་སྒྲུབ་ཐུབ་པར་རེ་བ་བྱེད་ལ། མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་འཚེམ་དྲུབ་དངོས་པོ་བོད་ནས་ཕྱིར་ཐོན་ཏེ་འཛམ་གླིང་ལ་ཕྱོགས་ཐུབ་པར་བྱ་བ་དང་མཉམ་དུ། སྡེ་དམངས་དེ་ལས་མང་པོ་ཞིག་གི་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་འབྱུང་དུ་འཇུག་ངེས་པ་རེད།
             དུས་བཞི་བཀྲ་ཤིས་གྲོང་ཚོ་ནི་གནས་སྤོ་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཆར་བསྐྲུན་པ་ལས་བྱུང་བའི་གྲོང་ཚོ་གསར་པ་ཞིག་སྟེ། 2016ལོར་ཕུན་ཚོགས་ཚེ་རིང་རུ་ཁག་ཆེན་པོ་དང་འགྲོགས་ཏེ་དུས་བཞི་བཀྲ་ཤིས་གྲོང་ཚོར་གནས་སྤར་བ་ཡིན་ཞིང་། ཁོའི་འཚེམ་དྲུབ་ཀྱིས་གྲོང་ཚོའི་ཧྲུའུ་ཅི་དང་པོ་བསོད་ནམས་དབྱངས་སྐྱིད་ཀྱི་བློ་རྩེ་ཚུར་བཀུག
             “ཕུན་ཚོགས་ཚེ་རིང་གིས་ལོ་བརྒྱད་ལ་འཚེམ་དྲུབ་སྦྱངས་ཞིང་། ཁོ་ནི་ང་ཚོའི་གྲོང་ཚོར་འཚེམ་དྲུབ་བྱེད་ཤེས་པའི་མི་གཅིག་པུ་དེ་ཡིན། ཁོའི་ལག་རྩལ་ཤིན་ཏུ་བཟང་བར་མ་ཟད་ཁོས་བཟོས་པའི་དར་ལྕོག་ལ་ཁྲོམ་ར་ཆེན་པོ་ཡོད།”ཅེས་བསོད་ནམས་དབྱངས་ཀྱིས་གསར་འགོད་པར་བཤད་རྒྱུར། ཕུན་ཚོགས་ཚེ་རིང་གི་ཁྱིམ་ནི་ཁོའི་ལས་གྲྭ་ཆུང་ཆུང་དེ་ཡིན་ལ། དངོས་པོ་ཚང་མ་ཁྱིམ་དུ་བཤམས་ཡོད་པས་ཤིན་ཏུ་དོག་པོར་འདུག  ཕུན་ཚོགས་ཚེ་རིང་གི་གསར་གཏོད་ཐོན་རྫས་ཀྱི་གནས་སྟངས་དང་གནས་ཡུལ་གྱི་སྟེགས་བུ་གཟུགས་པར་རོགས་རམ་བྱ་བའི་ཆེད་དུ། བསོད་ནམས་དབྱངས་སྐྱིད་ཀྱིས་འཇམ་དཔལ་ལ་འབྲེལ་བ་བྱས་ཏེ། ཁོར་ཕན་ཚུན་རོགས་སྐྱོར་བྱེད་དུ་བཅུག 
15.jpg
ད་ལོའི་ཟླ་བ་4པར་འཇམ་དཔལ(གཡས་ཀྱི་གཉིས་པ)དང་ཕུན་ཚོགས་ཚེ་རིང(གཡས་ཀྱི་དང་པོ)གཉིས་ཐེངས་དང་པོར་ངོ་འཕྲད་པ།
             “ཐོག་མར་འགོ་རྩོམ་དུས་འཇམ་དཔལ་ངོ་མི་ཤེས་པའི་རྐྱེན་གྱིས་ང་ལ་སེམས་ཁྲལ་ཁ་ཤས་ཤིག་བྱུང་།”ཞེས་ཕུན་ཚོགས་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། འབྲེལ་འདྲིས་ཀྱི་ཁྲོད་ནས་འཇམ་དཔལ་གྱིས་ཡང་དང་ཡང་དུ་ཁོར་གསར་གཏོད་ཀྱི་གལ་ཆེན་རང་བཞིན་གལ་བོ་ཆེ་ལ་ནན་ཏན་གྱིས་བཤད་པ་དང་བསམ་འཆར་མི་ཉུང་བ་ཞིག་ཁོར་བཏོན། རང་ཉིད་སློབ་གྲྭར་མ་སོང་བར་རིག་གནས་མེད་རྐྱེན། ཕུན་ཚོགས་ཚེ་རིང་གིས་མཉམ་གཉེར་ཁང་ཡག་པོ་ཞིག་འཁྱོངས་པ་ལ་རིག་གནས་དང་བསམ་ཚུལ་ཡོད་པའི་སློབ་ཆེན་སློབ་མ་འཇམ་དཔལ་མེད་དུ་མི་རུང་བར་སེམས། 
             “མཉམ་གཉེར་ཁང་གི་འཚར་ལོངས་ལ་སྐྱོར་མ་བྱེད་མཁན་དགོས་ལ། ད་ལྟར་ལས་གཏོད་བྱེད་མཁན་གྱི་སློབ་ཆེན་སློབ་མ་ཡང་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད་པས། ངས་ཁོ་གཉིས་མཉམ་ལས་གཉིས་རྒྱལ་ཡོང་བ་བྱེད་དུ་འཇུག་སྙམ།”ཞེས་བསོད་ནམས་དབྱངས་སྐྱིད་ཀྱིས་ངོ་སྤྲོད་བྱས་པར། མིག་སྔར་འདེམ་སྒྲུག་བརྒྱུད་ནས་དུས་བཞི་གཉིས་གཏོད་མང་གཏོད་གནས་ཡུལ་གྱིས་ཁེ་ལས་ཕུལ་དུ་བྱུང་བ་30ལྷག་ཚུར་བཀུག་ནས་ནང་དུ་ཞུགས་སུ་བཅུག་ལ། ཁོ་ཚོར་སྔར་ལས་ལྷག་པར་རོགས་རམ་འདོན་སྤྲོད་བྱེད་པའི་ཆེད་དུ། གྲོང་ཚོ་དང་བོད་ལྗོངས་སློབ་ཆེན་གཉིས་ཀྱིས་ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཅས་ཀྱི་མཉམ་ལས་གནས་གཞི་བཙུགས་པ་རེད།
             “མང་གཏོད་གནས་ཡུལ་ལ་ཞུགས་ཚེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྤྲད་པའི་སྲིད་ཇུས་རིགས་མང་པོ་ལོངས་སུ་སྤྱོད་ཐུབ། སྔོན་ཆད་ངས་ལས་གཏོད་བྱེད་པའི་དུས་སུ་རང་ཉིད་ག་ས་གང་དུ་རྒྱུག་དགོས་པས་དཀའ་ངལ་ཤིན་ཏུ་ཆེ། མང་གཏོད་གནས་ཡུལ་ནང་དུ་ཞུགས་པ་ནས་བཟུང་། རྨང་གཞིའི་དངོས་པོ་ཡིན་ཡང་ཁོ་ཚོས་ང་ལ་རོགས་རམ་གནང་སྟེ་སྒྲུབ་པར་བྱེད་ཅིང་། ལས་རིགས་ཀྱི་མདུན་སྐྱོད་དང་ལས་སྒྲུབ་ལས་ཕྱོད་མཐོར་འདེགས་མི་ཉུང་བ་བྱུང་། གནས་ཡུལ་གྱིས་དུས་ཚོད་མ་ངེས་པར་ཚོགས་འདུ་ཐུང་ཐུང་ཞིག་ཀྱང་འཚོགས་པར་བྱེད་ཅིང་། ང་ཚོར་རྨང་གཞིའི་དཀའ་གནད་དང་མི་ཤེས་པའི་གནས་སོགས་རོགས་རམ་གནང་སྟེ་སེལ་བར་བྱེད།” འཇམ་དཔལ་གྱི་འདོད་ཚུལ་ལ། ལས་གཏོད་བྱེད་པའི་སློབ་ཆེན་སློབ་མ་རྣམས་ལ་མཚོན་ན། མང་གཏོད་གནས་ཡུལ་གྱི་སྲིད་ཇུས་ཀྱི་ལེགས་ཆ་ནི་ཁོ་ཚོ་ཚུར་འགུག་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་ལ། གནས་ཡུལ་གྱིས་རིན་མེད་ཀྱི་ལས་སྒྲུབ་ཁང་མཁོ་འདོན་བྱེད་པ་དང་མཉམ་དུ། ཆུ་དང་གློག་རིན་ཡང་མི་ལེན་པས་གནས་ཡུལ་དུ་ཞུགས་ཚེ་རང་ཉིད་མགྱོགས་པོར་གོང་འཕེལ་ཡོང་ཐུབ།
             འཇམ་དཔལ་གྱི་རོགས་རམ་ལ་བརྟེན་ནས་ཕུན་ཚོགས་ཚེ་རིང་གི་མཉམ་གཉེར་ཁང་གིས་བདེ་བླག་ངང་ལས་གཉེར་འཛིན་བྱང་ལོན་པ་དང་། སྲིད་གཞུང་གིས་བྱིན་པའི་མ་དངུལ་བཀོལ་ནས་འཚེམ་བཟོ་འཕྲུལ་ཆས་དང་སྐུད་པ། རས་སོགས་རྒྱུ་ཆ་ཡང་ཉོས་པ་རེད། 
16.jpg
མཉམ་གཉེར་ཁང་གིས་འཛིན་བྱང་ལོན་རྗེས་འཇམ་དཔལ་དང་ཕུན་ཚོགས་ཚེ་རིང་གཉིས་ཀྱིས་མཉམ་པར་བསྐྱོན་པ།
             “ངས་མཉམ་གཉེར་ཁང་རྒྱ་བསྐྱེད་བྱ་བའི་སྐོར་གྱི་འཇུག་རུང་རང་བཞིན་གྱི་སྙན་ཞུ་ཞིག་འབྲི་བཞིན་ཡོད་ལ། ཡང་བསྐྱར་ཕུན་ཚོགས་ཚེ་རིང་ལ་རོགས་རམ་བྱས་ཏེ་དབུལ་སྐྱོར་ཐོན་ལས་ཀྱི་མ་དངུལ་ཁ་ཤས་ཤིག་རེ་ཞུ་བྱེད་བསམ་པ་ཡིན། རྗེས་སུ་ངས་ཁོ་རང་ཞིང་ཆེན་ཕྱི་ནང་དུ་གསབ་སྦྱོང་ལ་བལྟ་རུ་འགྲོར་བཅུག་ནས། བསམ་ཚུལ་རྒྱ་བསྐྱེད་བྱ་བ་དང་སྔོན་ཐོན་གྱི་ལག་རྩལ་ནང་འདྲེན་བྱས་ཏེ། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེ་གསར་གཏོད་རང་བཞིན་ལྡན་པའི་ཚོང་རྟགས་ཤིག་ཏུ་ཆགས་པར་བྱ་དགོས།”ཞེས་འཇམ་དཔལ་གྱིས་དེ་ལྟར་གྱིས་བཤད་བྱུང་།
             ད་ལྟ་ཁོ་གཉིས་ཀྱི་མཉམ་གཉེར་ཁང་ལ་སྡེ་མི་ལྔ་ཞུགས་ཡོད་ཅིང་། ཕུན་ཚོགས་ཚེ་རིང་གི་འཚེམ་དྲུབ་ལས་རིགས་ཀྱང་དར་ལྕོག་ནས་གྱོན་གོས་སུ་རྒྱ་བསྐྱེད་པ་རེད། མ་འོངས་པར་འཇམ་དཔལ་ལ་གསལ་ཐག་ཆོད་པའི་དུས་ཚོད་རེའུ་མིག་ཡོད་དེ། ཁོས་ལོ་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་བོད་ལྗོངས་ནས་ཚོང་རྟགས་སྒྲུབ་ཐུབ་པར་བྱ་བ་དང་། དེ་ནས་བོད་ནས་ཕྱིར་ཐོན་ཏེ་འཛམ་གླིང་ལ་ཕྱོགས་པར་བྱེད་དགོས། ཕུན་ཚོགས་ཚེ་རིང་དང་འཇམ་དཔལ་ཚང་མས་མཉམ་གཉེར་ཁང་ཇེ་ལེགས་ཇེ་ཆེ་ཡོང་བ་དང་། སྡེ་མི་དེ་ལས་མང་པོ་ཞིག་ནང་དུ་ཞུགས་ནས་ཁོ་ཚོར་སྐུལ་སློང་གིས་མཉམ་དུ་ཕྱུག་པོར་ཆགས་པའི་རེ་བ་བྱེད་པ་རེད།