ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་གྲོང་ཁྱེར་གྱི་གྲྭ་བཙུན་བརྒྱ་ལྷག་ཙམ་གྱིས་ཡིག་གཟུགས་འབྲི་རྩལ་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་ལེགས་སྐྱེས་ཕུལ་བ།

སྤེལ་དུས 2019-09-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་16ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་ཚོགས་ཁང་ཆེན་མོའི་ནང་ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་དགོན་སྡེའི་གྲྭ་བཙུན་བརྒྱ་ལྷག་ཙམ་གྱིས་ཡིག་གཟུགས་ཕྱག་བྲིས་གནང་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྨོན་འདུན་ཟབ་མོ་ཞུས་པ་རེད། 
པར་འདི་ནི་ཡིག་གཟུགས་འགྲན་བསྡུར་གྱི་ཡུལ་དངོས་རེད།
པར་འདི་ནི་ལྷུན་གྲུབ་རྫོང་ཞབས་དྲུང་སྤྲུལ་སྐུ(གཡོན)དང་མལ་གྲོ་གུང་དཀར་རྫོང་ཡངས་རི་སྒང་དགོན་འཕགས་ནོར་སྤྲུལ་སྐུ་གཉིས་ཀྱིས་ཡིག་གཟུགས་འགྲན་བསྡུར་ལ་གྲ་སྒྲིག་བྱེད་བཞིན་པ་རེད།
             ཞ་སྨྱུག་དང་ཐིག་ཤིང་གིས་ཐིག་རྒྱག་པ་དང་སྣག་ཚ་བླུགས་ནས་ཚོད་ལྟ་བྱས་རྗེས། ལྷུན་གྲུབ་རྫོང་སྟག་ལུང་དགོན་ཞབས་དྲུང་སྤྲུལ་སྐུས་ཡིག་གཟུགས་ཕྱག་བྲིས་གནང་འགོ་བརྩམས་ཤིང་།སྐད་ཅིག་ཙམ་རིང་བོད་ཡིག་གིས་བྲིས་པའི“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་ཤོག་བུའི་ཐོག་མངོན་པར་བྱས་པ་དང་། དེའི་མཇུག་ཏུ་མིང་བྲིས་རྗེས་ཞབས་དྲུང་སྤྲུལ་སྐུས་རང་ཉིད་ཀྱི་ཐམ་ཀ་བཏོན་ནས་བརྩམས་ཆོས་ཀྱི་གཡས་ཟུར་ལ་བརྒྱབ་པ་རེད། 
             ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་སྐབས་འདིར། བོད་མི་རིགས་ཀྱི་སྲོལ་རྒྱུན་ཡིག་གཟུགས་གྱི་ལམ་ནས་ལེགས་སྐྱེས་ཕུལ་བར་ཞབས་དྲུང་སྤྲུལ་སྐུས་དེར་ཤིན་ཏུ་བཀྲ་ཤིས་ཤིང་དོན་སྙིང་གལ་ཆེན་ལྡན་ལ། “‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད’ཅེས་ཡིག་བྲིས་གནང་པ་དེས་ཀྱང་མཛེས་སྡུག་ལྡན་པའི་ཕུགས་འདུན་མཚོན་ཡོད་ཅིང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་བར་དུ་མི་ཚང་མས་འབད་བརྩོན་བྱ་དགོས”ཞེས་བསྟན་པ་རེད། 
             ཁོང་གིས་གསར་འགོད་པར། བོད་ཀྱི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལས་དགོན་སྡེའི་རྣམ་པ་ཇེ་ལེགས་སུ་ཕྱིན་པ་མ་ཟད། གྲྭ་བཙུན་གྱི་འཚོ་བ་དང་སྒོམ་སྒྲུབ་ཀྱི་ཆ་རྐྱེན་ཡང་ཇེ་ལེགས་སུ་ཕྱིན་ཡོད་ཅེས་གསུངས། 
             སྤྱི་ལོ1180ལོར་བསྐྲུན་པའི་སྟག་ལུང་དགོན་ནི་བོད་བརྒྱུད་ནང་བསྟན་གྱི་སྟག་ལུང་བཀའ་བརྒྱུད་ཀྱི་མ་དགོན་ཡིན་ལ། ལྷུན་གྲུབ་རྫོང་ཕུ་མདོ་ཤང་སྟག་ལུང་གྲོང་ཚོའི་ཆ་ལའི་རི་འདབས་སུ་གནས་ཡོད། མིག་སྔར་སྟག་ལུང་དགོན་པར་ཕྱོགས་པའི་ལམ་བུ་རྒྱ་བསྐྱེད་བཞིན་ཡོད་དེ། ཞབས་དྲུང་སྤྲུལ་སྐུས་རྗེས་སུ་ས་ལམ་དེ་སྣུམ་ལམ་དུ་འགྱུར་རྒྱུ་རེད་དེ། ཕྱི་རོལ་གྱི་འགྲིམ་འགྲུལ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་ཕུད་སྟག་ལུང་དགོན་གྱི་འདུ་ཁང་ལ་ཡང་རྒྱལ་ཁབ་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་འོག་རིག་དངོས་ཉམས་གསོ་བྱེད་སྟངས་གཞིར་བཟུང་ཉམས་གསོ་བྱེད་ཀྱི་ཡོད་ཅེས་གསུངས། 
པར་འདི་ནི་དགེ་འདུན་པ་ཞིག་གིས་ཡིག་གཟུགས་ཕྱག་བྲིག་གནང་བཞིན་པ་རེད།
པར་འདི་ནི་གྲྭ་བཙུན་ཚོས་ཡུལ་དངོས་སུ་ཡིག་གཟུགས་བརྩམས་ཆོས་ལ་གཟིགས་སྐོར་གནང་བཞིན་པ་རེད།
པར་འདི་ནི་གྲྭ་བཙུན་ཚོས་ཡུལ་དངོས་སུ་ཡིག་གཟུགས་བརྩམས་ཆོས་ལ་གཟིགས་སྐོར་གནང་བཞིན་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ལྷ་ས་གྲོང་ཁྱེར་གྱིས་ཆོས་ལུགས་པའི་སྡེ་རུ་ཡིག་གཟུགས་འགྲན་བསྡུར་གཉེར་ཐེངས་ཐོག་མ་མིན་ཏེ། ཆུ་ཤུར་རྫོང་ཤུག་གསེབ་དགོན་གྱི་བསྟན་འཛིན་དབང་མོ་ནི་དེ་སྔར་ཡང་ཆུ་ཤུར་རྫོང་གིས་རྩ་འཛུགས་བྱས་པའི་ཆོས་ལུགས་སྡེའི་ཡིག་གཟུགས་འགྲན་བསྡུར་ནང་ཞུགས་ཤིང་དེའི་ཁྲོད་ནས་འབུར་དུ་ཐོན་ནས་གྲོང་ཁྱེར་རིམ་པའི་ཡིག་གཟུགས་འགྲན་བསྡུར་ནང་ཞུགས་པ་རེད། བོད་ཡིག་ཡིག་གཟུགས་སྦྱངས་ནས་ལོ་ངོ6ལས་སོང་མེད་ནའང་། ཡུལ་དངོས་སུ་གྲྭ་བཙུན་མང་པོའི་ཡིག་གཟུགས་བརྩམས་ཆོས་ལ་བལྟས་རྗེས་ཁོང་མོས་རང་ཉིད་ཀྱིས་སྔར་བཞིན་དཀའ་སྤྱད་སྦྱོང་བརྡར་བྱེད་དགོས་པར་ངོས་འཛིན་གནང་གི་འདུག 
             ལྷ་ས་གྲོང་ཁྱེར་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་བསོད་ནམས་ཚེ་རིང་གིས་གསར་འགོད་པར་ད་ཐེངས་འགྲན་བསྡུར་ནང་ཞུགས་མཁན་གྲྭ་བཙུན་100ལྷག་ཙམ་ནི་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་8དང་དེ་བཞིན་གཙུག་ལག་ཁང་དང་འབྲས་སྤུངས་དགོན། དགའ་ལྡན་དགོན། སེ་ར་དགོན་སོགས་དགོན་སྡེ་ནས་ཡིན་ལ། གྲྭ་བཙུན་ཚོས་དེར་མིང་ཐོ་བཀོད་ནས་ཟབ་ཞུགས་བཟང་པོ་གནང་ཡོད། “འགྲན་བསྡུར་ནི་ཕྱོགས་གཅིག་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ཆེའི་གྲྭ་བཙུན་ལ་རིག་གནས་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ཆེད་ཀྱང་རེད། སླད་ཕྱིན་ང་ཚོས་ཀྱང་བྱེད་སྒོ་འདི་འདྲ་དེ་བས་མང་པོ་སྤེལ་ནས་རྒྱ་ཆེའི་གྲྭ་བཙུན་ཚོས་རིག་གནས་ཤེས་བྱ་སློབ་སྦྱོང་དང་རང་ངོས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པར་རྟིང་སྐུལ་གནང་རྒྱུ་ཡིན”ཞེས་ཟེར།
             ད་རེས་ཀྱི་ཡིག་གཟུགས་འགྲན་བསྡུར་དཔྱད་འདེམས་ཨུ་ལྷན་གྱི་འགན་འཁུར་བཞིན་པའི་ཀྲུང་གོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྣམ་རྒྱལ་དབང་གྲགས་ཀྱིས་ཡུལ་དངོས་ཀྱི་ཕུལ་བྱུང་ཡིག་གཟུགས་མང་པོར་དཔྱད་འདེམས་བྱེད་རྒྱུ་ནི་ཤིན་ཏུ་ཁག་པོ་ཞིག་རེད་ལ། དེ་དང་ཆབས་ཅིག་ཁོང་གིས་གསར་འགོད་པར་དེ་སྔོན་ངས་ཡིག་གཟུགས་འགྲན་བསྡུར་འདི་འདྲའི་དཔྱད་འདེམས་པའི་འགན་འཁུར་མྱོང་ཡོད་ཅིང་།  གྲྭ་བཙུན་དག་གི་ཡིག་གཟུགས་ནི་ལོ་རེ་ནས་ལོ་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད། “དེས་ནི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཡིག་གཟུགས་སྒྱུ་རྩལ་ཁྱབ་གདལ་གཏོང་རྒྱུར་ཕན་ཐོགས་ལྡན”ཞེས་ཟེར།