ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱིས་གཟི་ཚ་སྡེ་དགུའི་གདོད་མའི་སྐྱེ་ཁམས་སྲུང་སྐྱོང་བྱས་པ་ལེགས་ལ་ཡུལ་སྐོར་བའི་བྱང་ཚད་མཐོ་ཞེས་བསྔགས་བརྗོད་བྱེད།

སྤེལ་དུས 2019-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
            ཀྲུང་གོ་བོད་ལྗོངས་དྲ་བའི་འཕྲིན། “དངོས་གནས་མཛེས་པོ་འདུག པར་ཇི་ལྟར་རྒྱབ་ཀྱང་ དེ་ལྟར་མཛེས།” “དེ་ནི་‘ཧང་སངས’ཞེས་པའི་ཡིག་འབྲུ་གཉིས་ཀྱིས་བརྗོད་ན་ཆོག་པ་ཞིག་རེད།” “ཡུལ་ལྗོངས་ཚང་མ་བལྟ་རྒྱུ་ཡིན།” ཟླ་10པའི་ཚེས་9ཉིན། འཇར་མན་གྱི་ཡོ་རོབ་གླིང་གི་ཕྱི་སྡོད་རང་མི་གསར་པའི་དྲ་བའི་ལག་བསྟར་སྤྱི་ཁྱབ་རྩོམ་སྒྲིག་པ་ཀའོ་ཞང་ལགས་ཀྱིས་གཟི་ཚ་སྡེ་དགུའི་གདོད་མའི་སྐྱེ་ཁམས་ཁོར་ཡུག་དང་དྭངས་གཙང་གི་མཁའ་རླུང་། མཐིང་མདོག་གི་མཚོ་མོ་བཅས་ལ་ལྟ་ཞོར་དུ་དེ་ལྟར་བསྔགས་བརྗོད་ཡང་ཡང་བྱས་པ་རེད།
པར་འདི་ནི་གཟི་ཚ་སྡེ་དགུའི་ལྗོངས་ཁུལ་ཞིག་ཡིན།
            ཉིན་དེར། 2019ལོའི་“ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱིས་ཀྲུང་གོ་(སི་ཁྲོན་བོད་རིགས་ས་ཁུལ)ཤེས་རྟོགས་བྱ་བའི་འགྲུལ་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་མཁན་གྱི་སྨྱན་སྦྱོར་ཚན་པ་67སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་གི་གཙང་རྩ་གྲོང་རྡལ་དུ་གནས་པའི་གཟི་ཚ་སྡེ་དགུར་སླེབས། ཕུ་དོག་ལ་མདའ་ཡངས་པའི་རི་རྩེ་ལུང་ཤུར་དང་། ཧྲུའུ་ཀྲང་ལུང་བ། ཚལ་པ་ལུང་བ་བཅས་ལ་ལྟ་སྐོར་བྱས་ནས་“གཟབ་མཆོར་ལེགས་པར་སྤྲས་པའི་”གཟི་ཚ་སྡེ་དགུ་ཡི་སྒེག་ཉམས་དང་ལྷ་ཡུལ་ ལྟ་བུའི་མཛེས་ལྗོངས་ལྟ་ན་སྡུག་པ་མིག་གི་དགའ་སྟོན་དུ་གྱུར། 
པར་འདི་ནི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གསར་འགོད་པས་གཟི་ཚ་སྡེ་དགུའི་ལྗོངས་ཁུལ་གྱི་རི་རྩེ་ལུང་བ་ནས་མཛེས་ལྗོངས་པར་ལེན་བཞིན་པ་ཡིན།
            2017ལོའི་ཟླ་8པའི་ཚེས་8ཉིན་གྱི་ཆུ་ཚོད་21དང་སྐར་མ་19ཡི་ཐོག་གཟི་ཚ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་7.0ཅན་བྱུང་ནས་“མི་ཡུལ་གྱི་ལྷ་ཡུལ་”དུ་གྲགས་པའི“བྱིས་སྒྲུང་གི་འཇིག་རྟེན”ལྟ་བུའི་གཟི་ཚ་སྡེ་དགུ་ལ་རྨ་ཤུལ་ཆེ་ཆུང་27བཞག  ལོ་2དང་ཉིན་49ཡི་བསྐྱར་གསོ་བྱས་མཐར་“སྒེག་ཉམས་དོད་པའི”གཟི་ཚྭ་སྡེ་དགུ་ཟླ་9པའི་ཚེས་27ཉིན་སླར་ཡང་ཕྱི་ཕྱོགས་སུ་སྒོ་ཕྱེས་ཤིང་གནས་འདི་སྔར་བཞིན་ལྟ་ན་སྡུག་ཅིང་ཡིད་དབང་འཕྲོགས།
པར་འདི་ནི་མུ་ཏིག་གྲམ་པའི་རྦབ་ཆུ་སྟེ་ལྷང་ལྷུང་རྔམ་བརྗིད་ཀྱིས་འབབ་པ་དགུ་ཚིགས་སྐྱ་མོ་མཁའ་ནས་བབས་པ་འདྲ། 
པར་འདི་ནི་མེ་ཏོག་སྣ་ལྔའི་རྒྱ་མཚོ་ཡིན། 
            རྒྱ་མཚོའི་གཏིང་གི་ཀལ་ཧྭ་དིམ་བསགས་དང་ཚོན་མདངས་བཀྲ་བའི་ཆུ་རྩྭ། མཚོ་འགྲམ་གྱི་ཁ་དོག་སྣ་ལྔའི་ལྗོན་པའི་གྲིབ་གཟུགས་བཅས་ཀྱི་རྐྱེན་པས། མེ་ཏོག་སྣ་ལྔའི་རྒྱ་མཚོ་ལ་ངང་སེར་དང་། སྔོ་ནག  སྔོ་ལྗང་། མཐིང་ནག་སོགས་ཀྱི་ཚོས་མདངས་ཤར་བས་“མེ་ཏོག་སྣ་ལྔའི་རྒྱ་མཚོ”ཞེས་“གཟི་ཚ་སྡེ་དགུའི་སྙིང་བཅུད”དུ་གྲགས།
            “ཡུལ་ལྗོངས་ནི་རི་མོ་ཞིག་དང་མཚུངས་ཏེ། ཁྱེད་ཀྱིས་གང་ཞིག་རི་བོ་ཡིན་པ་དང་གང་ཞིག་དེའི་གཟུགས་བརྙན་ཡིན་པ་གཏན་ནས་མི་ཤེས།” ཨོ་སི་ཁྲུ་ལི་ཡའི་ཨེ་ཤེ་ཡ་དང་ཨོ་སི་ཁྲུ་ལི་ཡའི་སྨྱན་སྦྱོར་ལག་བསྟར་སྤྱི་གཅོད་པ་སུའོ་ཅང་གིས་ཧ་ལས་པའི་ངང་“ཕྱོགས་གང་ལ་བལྟས་ཀྱང་དངོས་གནས་ཡིད་དབང་འཕྲོགས། གང་འདོད་དུ་བརྙན་པར་ཞིག་བླངས་ཀྱང་བརྙན་པར་ཡག་པོ་ཞིག་རེད། ཨོ་སི་ཁྲུ་ལི་ཡའི་གྲོགས་པོ་མང་པོ་ཞིག་གིས་ངའི་གྲོགས་ཚོམས་མཐོང་རྗེས་གཟི་ཚ་སྡེ་དགུ་ལ་ཡུལ་སྐོར་དུ་གང་འདྲ་བྱས་ཏེ་ཡོང་དགོས་ཚུལ་སྐོར་སྐད་ཆ་འདྲི་བཞིན་འདུག”ཅེས་བརྗོད།  
            གཟི་ཚ་སྡེ་དགུ་ཡི་ལམ་ངོས་གཙང་ཞིང་། ཕར་འགྲོ་ཚུར་འོང་གི་ཡུལ་སྐོར་རླངས་འཁོར་དང་གོ་རིམ་ལྡན་པའི་ངང་འགྲོ་བཞིན་པའི་ཡུལ་སྐོར་བ་དག་མཐོང་སྐབས་རྒྱ་ཡིག་སྨྱན་སྦྱོར་གྱི་གསར་འགོད་པས་གཟི་ཚ་སྡེ་དགུ་ཡི་དཔལ་ཡོན་ཡུལ་སྐོར་གྱི་འཁོར་ཡུག་ལེགས་པོ་འདི་ལ་བསྔགས་བརྗོད་ཡང་ཡང་བྱས་ཤིང་། ཁོང་གིས་“ཕྱི་རྒྱལ་དུ་ཡུན་རིང་བསྡད་པས། ད་ཆ་རྒྱལ་ནང་དུ་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་ཡོད་པ་བསམ་ཡུལ་ ལས་འདས་པ་ཞིག་རེད”ཅེས་དང་། “ཡུལ་སྐོར་བའི་བྱང་ཚད་ཧ་ཅང་མཐོ་ཞིང་བག་ཆགས་ཧ་ཅང་ཟབ་མོ་ཞིག་བཞག་སོང་།” “གདོད་མའི་སྣོད་བཅུད་སྲུང་སྐྱོང་བྱས་པ་ཧ་ཅང་ལེགས། གནོད་ཚེ་ཕོག་ རྗེས་བསྐྱར་སྐྲུན་གྱི་ལས་དོན་ཡང་ཧ་ཅང་ཡག་པོ་དང་གདུངས་འདེགས་འཕྲབ་ལམ་དག་ཀྱང་བཟོ་བསྐྲུན་ལེགས་པོ་བྱས་འདུག་པས་ང་རང་བསམ་ཡུལ་ལས་འདས་སོང་”ཞེས་བཤད་པ་རེད།  
པར་འདི་ནི་ཚོན་མདོག་སྣ་ལྔའི་རྫིང་བུ་སྟེ་གཟི་ཚ་སྡེ་དགུའི་མཚོ་ཆུང་ཤོས་ཡིན་ལ་དང་རྒྱ་ཁྱོན་སྨི་གྲུ་བཞི་5645ལས་མེད། འོན་ཀྱང་ཚོན་མདངས་ཕུན་སུམ་ཚོགས་ཤོས་ཡིན།
པར་འདི་ནི་རྔམ་རི་ནང་རྦབ་ཆུ་ཡིན་ཞིང་། རྔམ་རི་ནང་རྦབ་ཆུ་ནི་གཟི་ཚ་སྡེ་དགུའི་རྦབ་ཆུ་མང་པོའི་ཁྲོད་ནས་གཞི་རྒྱ་ཆེ་ཤོས་ཡིན་པས། ལྗོངས་ཁུལ་གྱི་དབུས་སུ་ཆགས་པས་གཟི་ཚ་སྡེ་དགུའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། 
            “སྣང་བ་ཧ་ཅང་སྐྱིད་བྱུང་།” ཨ་རི་ནས་ཕེབས་པའི་《ཀྲུང་གོ་དང་ཨ་རིའི་གསར་འགྱུར་》གྱི་འགོ་གཙོ་ཅང་ཝུའེ་ཡིས།  “དེ་སྔོན་ཚང་མས་བོད་རིགས་ས་ཁུལ་གྱི་བག་ཆགས་ནི་ཚང་མ་བཀག་སྡོམ་དང་རྗེས་ལུས་ཤིག་ཏུ་འདོད་ཀྱང་། ད་ཐེངས་དེ་འདྲ་ཞིག་གཏན་ནས་མིན་པ་ཤེས་སོང་། ལྗོངས་ཁུལ་དོ་དམ་བྱེད་ཚུལ་ལེགས་ལ་ཡུལ་སྐོར་བའི་བྱང་ཚད་ཀྱང་ཧ་ཅང་མཐོ། རྗེས་ཕྱོགས་འདི་འདྲའི་བྱེད་སྒོ་མང་པོ་སྤེལ་ནས་ཕྱི་མི་རྣམས་ལ་བོད་ཁུལ་གྱི་འཕེལ་རྒྱས་ཤེས་སུ་འཇུག་རྒྱུའི་རེ་བ་ཡོད”ཅེས་བསྔགས་བརྗོད་བྱས། 
པར་འདི་ནི་སྡོང་ཚོམ་ཡིན་ལ། སྔ་ཕྱི་ལེ་དབར་དུ་མའི་བར་དུ་ཚོམ་བུ་ཆེ་ཆུང་19བྱས་ཏེ་སྐས་དབྱིབས་སུ་ཆགས། 
པར་འདི་ནི་མཚོ་རིང་ཡིན་ལ་Sདབྱིབས་ལྟར་ཆགས་ཤིང་གཟི་ཚ་སྡེ་དགུའི་ལྗོངས་ཁུལ་ཁྲོད་ནས་ས་བབ་མཐོ་ཤོས་དང་མཚོ་ངོས་ཀྱི་ཞེང་ཚད་ཆེ་ཤོས་ཀྱི་མཚོ་ཡིན།
            རབ་དབེན་དགོན་ནི་གཟི་ཚ་སྡེ་དགུའི་ལྗོངས་ཁུལ་དུ་ཆགས་པ་དང་། བོད་ཀྱི་བསྟན་འབྱུང་ལོ་རྒྱུས་སུ་བཀོད་པ་ལྟར་ན། ད་ལྟའི་བར་དུ་ལོ་ངོ་ ཆིག་སྟོང་གི་ལོ་རྒྱུས་ལྡན་ཞིང་གཡུང་དྲུང་བོན་གྱི་དགོན་པ་ཡིན། དགོན་ས་ནི་ཉེ་འདབས་ཀྱི་རབ་དབེན་གྲོང་ཚོར་དབང་བས་“རབ་དབེན་དགོན”ཞེས་འབོད་ཀྱིན་ཡོད། ད་ལྟའི་དགོན་པའི་མཁན་པོ་ནི་བླ་མ་འབུམ་ཁ་སྐལ་བཟང་རིན་ཆེན་ཞུ་བ་དེ་ཡིན།
པར་འདི་ནི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གསར་འགོད་པས་རབ་དབེན་དགོན་དུ་བླ་མ་འབུམ་ཁ་སྐལ་བཟང་རིན་ཆེན་ལ་བཅར་འདྲི་ཞུ་བ་ཡིན།
            སྨྱན་སྦྱོར་གྱི་གསར་འགོད་པ་ཚོའི་དྲི་བར་དམིགས་ནས་བླ་མ་འབུམ་ཁ་སྐལ་བཟང་རིན་ཆེན་གྱིས་ཚང་མར། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོས་རྒྱུན་ལྡན་གྱི་སྒོམ་སྒྲུབ་ཕུད་རིག་གནས་ཤེས་བྱའང་སློབ་དགོས་ཀྱིན་ཡོད། ཡོན་ཚད་ལའང་གདེང་འཇོག་བྱེད་སྟངས་ནན་པོ་ཡོད་དེ། མིག་སྔར་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་རིམ་པ་གསུམ་ལས་གྲུབ་པའི་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་ལམ་ལུགས་གསར་པ་དེའི་ནང་དམའ་རིམ་གྱི་མཚན་གནས་ལ་“མཚན་ཉིད་པ”ཟེར་ཞིང་།  ཤེས་རམས་པའི་མཚན་གནས་དང་མཚུངས་པ་ཡིན། འབྲིང་རིམ་གྱི་མཚན་གནས་ལ་“འབྲིང་རམས་པ”ཟེར་ཞིང་། རབ་འབྱམས་པའི་མཚན་གནས་དང་མཚུངས། མཐོ་རིམ་མཚན་གནས་ནི་འབུམ་རམས་པའི་མཚན་གནས་དང་མཚུངས་ཤིང་། དེར་“མཐོ་རམས་པ་”ཞེས་ཟེར། 
            སྨྱན་སྦྱོར་ཚོགས་པའི་གསར་འགོད་པ་མང་ཆེ་བས། ཁོང་ཚོ་བོད་རིགས་ས་ཁུལ་དུ་ཡོང་ཐེངས་དང་པོ་ཡིན་ཞིང་། སྔོན་ཆད་བོད་བརྒྱུད་ནང་བསྟན་ལ་རྒྱུས་མངའ་མེད་པ་དང་བོད་མི་རིགས་ཀྱི་རིག་གནས་ཀྱང་ཉུང་ཙམ་ལས་ཤེས་ཀྱིན་མེད། ད་རེས་རགས་ཙམ་རྒྱུས་ལོན་བྱུང་ཞེས་བརྗོད་ཀྱི་འདུག  “ང་ལ་མཚོན་ན་སྔོན་ཆད་མཚར་སྣང་དང་གུས་ཤིང་སྐྲག་པ་གཉིས་ཀ་ཡོད། དགེ་འདུན་པའི་བག་ཆགས་ནི་སྔོན་ཆད་གློག་བརྙན་ནས་བྱུང་བ་ཡིན་པས་ རྒྱང་ཐག་ཧ་ཅང་རིང་བའི་ཚོར་བ་སྦྱིན། ད་ལྟ་ངོ་འཕྲད་ནས་བསམ་ཚུལ་བརྗེ་རེས་བྱས་པས་ཁོང་ཚོ་ཚང་མ་ངང་རྒྱུད་ཞི་ཞིང་དུལ་ལ་དད་ལྡན་མང་ཚོགས་ཀྱིས་སེམས་སུ་གཙིགས་ཆེན་འཛིན་བཞིན་ཡོད་པ་མཐོང་བྱུང་”ཞེས་འཇར་མན་གྱི་《ཡོ་རོབ་གཞོན་ནུའི་ཚགས་པར་》གྱི་འགོ་གཙོ་ལེའོ་ཀྲི་ཕེས་དེ་ལྟར་བརྗོད།