ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྙེ་མོའི་བོད་སྤོས་ཀྱི་2019ལོའི་ཐོན་རྫས་གསར་པའི་ཕྱིར་འགྲེམ་ཚོགས་འདུ་ཁྲེན་ཏུའུ་རུ་སྤེལ་བ།

སྤེལ་དུས 2019-10-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
              ཉེ་བའི་ལོ་འགར། བོད་ལྗོངས་ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་དུ་དར་རྒྱས་གོང་འཕེལ་སོང་བ་དང་བསྟུན་ནས། མི་རིགས་སྲོལ་རྒྱུན་གྱི་ལག་བཟོས་དངོས་རྫས་དང་ཁྱད་ལྡན་ཐོན་རྫས་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ལ། བོད་ལྗོངས་ཡུལ་སྐོར་ཁྲོམ་རར་ཤིན་ཏུ་བྲིན་པ་མ་ཟད། ཁྱད་ལྡན་ཐོན་རྫས་མང་དག་ཅིག་བོད་ནས་ཕྱིར་ཐོན་ཏེ། ཚོང་ལམ་རྒྱ་ཆེར་ཕྱེ་བ་དང་། རྒྱལ་ནང་གི་ཚོང་ར་དེ་ལས་ཆེ་བར་བྲིན་ཁ་རྒོད་པ་བྱུང་། ལོ་ངོ་སྟོང་ཕྲག་ལ་རྒྱུན་འཛིན་བྱས་པའི་བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྟེ་སྙེ་མོའི་བོད་སྤོས་ཀྱང་དེའི་གྲས་ཀྱི་གཅིག་ཡིན། 

              རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་གི་བར་སྐབས་སུ། མཐོ་སྒང་ནས་ཐོན་པའི་དྲི་ངད་འདིས་ཁྲེན་ཏུའུ་ཧྲིལ་པོ་ཁྱབ་པར་བྱས་ལ། གུང་གསེང་གི་གོ་སྐབས་བེད་སྤྱད་དེ་“སྙེ་མོའི་བོད་སྤོས་ཀྱི་དྲི་ངད་ཁྲིན་ཏུའུ་ལ་ཁྱབ།”ཅེས་བྱ་བའི་2019ལོའི་ཐོན་རྫས་གསར་པའི་ཕྱིར་འགྲེམ་ཚོགས་འདུ་ཁྲེན་ཏུའུ་ཅིན་ལི་སྲང་ལམ་གྱི་གྲགས་ཆེན་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཚོང་རྟགས་“ལྗོངས་བླའི་འཚོ་བ”ཞེས་པར་སྤེལ། ལོ་ངོ་སྟོང་ཕྲག་ལ་རྒྱུན་འཛིན་བྱས་པའི་སྙེ་མོའི་བོད་སྤོས་ནི་དྲི་བསུང་འཇམ་ལ་སྣ་བར་ཞིམ་པའི་སྟེང་། ཕྱི་གཟུགས་ལ་གསར་གཏོད་ཀྱི་ཐུམ་སྒྲིལ་དང་། རྒྱུ་ཆ་གཙང་མ། རིགས་སྣ་འཛོམས་པོ་བཅས་ཆ་ཀུན་ནས་ཚང་བས། ཐོན་རྫས་གསར་པ་ཕྱིར་བཏོན་མ་ཐག་ཏུ་གྲོང་ཁྱེར་གྱི་མི་འབོར་ཆེན་གྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། གུང་གསེང་གི་བར་སྐབས་སུ་ཁྲེན་ཏུའུ་རུ་ཚོང་ཤིན་ཏུ་བྲིན་ལ་ཁྲོམ་རར་བརྒྱུད་མར་སྤེལ་ཐུབ་པ་བྱུང་། 
              སྙེ་མོའི་བོད་སྤོས་ནི་བོད་ལྗོངས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དང་། རྒྱལ་ཁབ་ས་ཁམས་སྲུང་སྐྱོབ་ཀྱི་མཚོན་རྟགས་ཐོན་རྫས་ཡིན་པའི་ཆ་ནས། ལོ་ངོ་1300ལྷག་གི་སྔོན་དུ་བོད་ཀྱི་ཡི་གེ་གསར་དུ་གཏོད་པ་པོ་ཐོན་མི་སམ་བྷོ་ཊས་ཐང་གི་སྤོས་བཟོ་ཐབས་དང་བོད་ཀྱི་གསོ་རིག་རིག་གནས་མཉམ་དུ་བསྲེས་ཏེ་གསར་གཏོད་གནང་བ་ལས་བྱུང་བ་ཡིན། ཐེངས་འདིའི་རྒྱལ་སྟོན་དུས་ཆེན་གྱི་ཐོན་རྫས་གསར་པའི་ཕྱིར་འགྲེམ་ཚོགས་འདུ་ནི་ཐོན་ལས་གནས་འགྱུར་བྱུང་རྗེས། སྙེ་མོའི་བོད་སྤོས་ཚོང་རྟགས་2019ལོའི་ཐོན་རྫས་གསར་པ་ཐོག་མར་ཕྱིར་བཀྲམ་པ་ཡིན་ཏེ། ཁྲེན་ཏུའུ་ཡི་ཁྱད་ཆོས་ལྡན་པའི་གནས་ཡུལ་ཅིན་ལི་རུ་ཕྱིར་བཏོན་པ་ཡིན་པས། སྔར་ལས་ལྷག་པར་བོད་སྤོས་ཕྱིར་འཚོང་གི་ཁྲོམ་ར་རྒྱ་བསྐྱེད་པར་བྱེད་པ་དང་། སྙེ་མོའི་བོད་སྤོས་མཐོ་སྒང་ནས་ཕྱིར་ཐོན་ཏེ་རྒྱལ་ཡོངས་ལ་ཕྱོགས་པར་གཞོགས་འདེགས་བྱེད་པ་ཞིག་རེད།
              “སྤོས་ནི་ཉིན་རྒྱུན་དུ་བདུག་པ་དང་། རིག་གནས་ནི་ཕྱོགས་བཞིར་སྤེལ།”ཅེས་བྱ་བའི་རིག་གནས་བསམ་བློ་རྒྱུན་འཛིན་བྱེད་པའི་སྒོ་ནས། སྙེ་མོའི་བོད་སྤོས་ཀྱིས་དྲ་ལམ་དང་དྲ་ཕྱིའི་སྟེགས་བུ་གང་ཡང་རུང་བར་བརྟེན་ནས། “ཁྱད་ཆོས་ཅན་དང་། ཁྱད་པར་ཅན། སྣ་མང་ཅན། འཚོ་གཟུགས་ཅན།”བཅས་དམིགས་སུ་ཚང་བའི་ཐོན་རྫས་ཕྱིར་བཏོན་ཏེ། ཕྱོགས་ཡོངས་ནས་འཛད་སྤྱོད་པའི་བཀོལ་སྤྱོད་དགོས་མཁོ་སྐོང་ཐུབ་པར་བྱས། ཐོན་རྫས་ཀྱི་ཐད་ནས་དུས་ཐོག་མར་ལུས་ཟུངས་བདེ་ཐང་དང་། བློ་རིག་སྒྲིམ་པ། ལུས་ཁམས་གསོ་བར་བྱེད་པ་བཅས་རིགས་ཆེན་པོ་3གྱི་ཐོན་རྫས་རིགས་18ཡོད། 

              བྱ་འགུལ་གྱི་ཡུལ་དངོས་སུ། དེར་བདུག་པའི་དྲི་བསུང་ཆལ་ཆིལ་ལྡང་བའི་བོད་སྤོས་ཀྱིས་གྲོང་མི་དང་ཡུལ་སྐོར་བ་འབོར་ཆེན་ཞིག་གི་ཡིད་ཀྱི་དང་བ་དྲངས་ཏེ་ཚུར་ལྟ་སྐོར་དང་། དྲི་མ་སྣོམ་པ། རོལ་མྱོང་བྱེད་དུ་འོངས་ལ། བོད་ཡུལ་གྱི་ཁྱད་ཆོས་ལྡན་ལ་རིག་གནས་རྒྱུན་འཛིན་དང་གོང་སྤེལ་གྱི་གསང་གྲངས་སྦྲེལ་བར་བྱས་པའི་ལོ་ངོ་སྟོང་ཕྲག་གི་དྲི་བསུང་ལ་ཡུལ་སྐོར་བའི་བསྔགས་བརྗོད་ཆེན་པོ་འཐོབ། སྤོས་ཉོས་པའི་ཧྲན་ཏུང་གི་ཡུལ་སྐོར་བ་སྐུ་ཞབས་ལི་ལགས་ཀྱིས་བཤད་རྒྱུར། སྙེ་མོའི་བོད་སྤོས་ནི་མཐོ་སྒང་ནས་ཐོན་པའི་དྲི་བསུང་གི་ལེགས་སྐྱེས་ཡིན་པས། དེ་ལེགས་སྐྱེས་སུ་བྱས་ཏེ་གཉེན་ཉེ་གྲོགས་པོར་འབུལ་བར་བདེ་ལ། གྲ་དག་ཅིང་སྤུས་ལེགས་ལ་རིག་གནས་ཀྱི་དོན་སྙིང་ཡང་ལྡན་ཟེར། རྒྱལ་སྟོན་དུས་ཆེན་སྐབས་སུ། ཁྲིན་ཏུའུ་ལ་སླེབས་པའི་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་སྐུ་ཞབས་ལི་དང་འདྲ་བར་བོད་སྤོས་ཉོས་ཏེ་ཕྱིར་ཁྱིམ་དུ་ལོག་པས། སྙེ་མོའི་བོད་སྤོས་ཀྱི་ཚོང་ཤིན་ཏུ་བྲིན་པོ་བྱུང་། 
              རྒྱུས་ལོན་བྱུང་བར་གཞིགས་ན། ཐེངས་འདིའི་སྙེ་མོའི་བོད་སྤོས་ཕྱིར་འགྲེམ་ཚོགས་འདུར་ཐོན་རྫས་གསར་པ་ཁྲོམ་བསྒྲགས་བྱེད་པ་ལས་གཞན། དར་རྒྱས་འདུ་འཛི་རྒོད་པའི་ཅིན་ལི་སྒོ་ཚོང་ཁང་དུ་ཡུན་རིང་གི་སྙེ་མོའི་བོད་སྤོས་འགྲེམ་འཚོང་དམིགས་གནས་ཡང་བཀོད་སྒྲིག་བྱས་ལ། རིམ་པ་རྗེས་མར་སྔར་བས་ཀྱང་དམིགས་གནས་འགྲེམ་འཚོང་གི་ཁྲོམ་ར་རྒྱ་བསྐྱེད་བྱས་ཏེ། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བའི་མྱོམ་རོལ་དང་མངགས་ཉོར་སྟབས་བདེ་བསྐྲུན་བྱ་རྒྱུ་རེད། འཚོང་མཁན་འགན་ཁུར་བས་བཤད་རྒྱུར། ཉེ་བའི་ལོ་འགར། བོད་ལྗོངས་མི་རིགས་ལག་བཟོས་ཐོན་རྫས་ལ་ཁྲོམ་ར་དང་འཛད་སྤྱོད་པའི་ཁས་ལེན་ཇེ་ཐོབ་ནས་ཇེ་ཐོབ་ཡིན་པ་དང་། ཁྲོམ་རའི་དགོས་མཁོའི་ཚད་ཀྱང་ཆེ་ཆེར་འཕར་བ་བྱུང་། སྙེ་མོའི་བོད་སྤོས་ནང་ལོགས་སུ་འདྲེན་པའི་ཐོག་མའི་འདུན་པ་ནི་འཛད་སྤྱོད་པའི་དགོས་མཁོ་སྐོང་བ་མ་གཏོགས། ཐབས་ལམ་འདི་བརྒྱུད་ནས་ལོ་རྒྱུས་ཡུན་རིང་བ་དང་། དུས་རབས་ཀྱི་འགྲོས་དང་མཉམ་པའི་རྣམ་པ་གསར་པའི་བོད་སྤོས་ཐོན་རྫས་འདི་དག་བོད་ནས་ཕྱིར་ཐོན་ཏེ། ནང་ལོགས་སུ་དྲངས་ནས་མི་དེ་བས་མང་པོ་ཞིག་གིས་བོད་སྤོས་ཀྱི་རིག་གནས་དང་ལག་རྩལ་རྣལ་མར་རྒྱུས་ལོན་བྱ་རུ་འཇུག་པའི་རེ་བ་དེ་བས་ཆེ་ལ། རིག་གནས་ཡིད་སྤྲུལ་ཐོན་རྫས་ལ་ཆ་མཚོན་ན། སྒོས་སུ་སྟོབས་ཤུགས་གསར་པ་ཞིག་བསྩལ་བའང་ཡིན་ཞེས་ཟེར།