ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྐབས་བཅུ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་ནས་བསྡུས་པ།

སྤེལ་དུས 2019-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
སྐབས་བཅུ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དགེ་སློབ་མཉམ་པར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ཟླ་10པའི་ཚེས་17ཉིན་གྱི་སྔ་དྲོར།   ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་ཁང་དང་པེ་ཅིང་བོད་ལུགས་སྨན་ཁང་།   བོད་ལུགས་གསོ་རིག་ཁང་བཅས་ཀྱིས་མཉམ་དུ་འགན་སྒྲུབ་མཛད་པའི་ཉིན་བདུན་རིང་གི་སྐབས་བཅུ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་མཛད་སྒོའི་ཚོགས་འདུ་པེ་ཅིང་བོད་ལུགས་སྨན་ཁང་ནས་བསྡུས།   ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭར་བོད་ལྗོངས་ཀྱི་མིང་དུ་གྲགས་པའི་སྨན་པ་རྒན་པ་སློབ་དཔོན་དགའ་བའི་རྡོ་རྗེ་ལགས་གདན་འདྲེན་ཞུས་ནས《ལག་ལེན་གཅེས་བཏུས་ཀུན་གསལ་སྣང་མཛོད་ཀྱི་དགོངས་འགྲེལ་དེལ་དམར་ཞལ་ལུང》ཞེས་པ་སློབ་ཁྲིད་གནང་།   བོད་ལྗོངས་དང་མཚོ་སྔོན།  སི་ཁྲོན།  ཀན་སུའུ།  ཡུན་ནན།  ནང་སོག་དང་དེ་མིན་པེ་ཅིང་ནས་ཡོང་བའི་སློབ་མ་150ལྷག་ཟབ་སྦྱོང་འཛིན་གྲྭར་ཞུགས་ཡོད།
              དབུ་ཚུགས་མཛད་སྒོའི་སྟེང་།  གཙོ་སྒྲུབ་ལས་ཁུངས་ཀྱི་སྐུ་ཚབ་པས་སློབ་དཔོན་དགའ་བའི་རྡོ་རྗེ་ལགས་ལ་ཁ་བཏགས་འབུལ་བ་དང་།   པེ་ཅིང་བོད་ལུགས་སྨན་ཁང་གི་འགོ་གཙོ་སྒྲོལ་དཀར་སྐྱབས་ཀྱིས་སྐབས་སོ་སོའི་ཟབ་སྦྱོང་འཛིན་གྲྭའི་གནས་ཚུལ་དང་གྲུབ་འབྲས་གཙོ་བོ།  དེ་མིན་པེ་ཅིང་བོད་ལུགས་སྨན་ཁང་གི་འཕེལ་རྒྱས་དང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་།
              རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་སྨན་སྲིད་ཁང་གི་སྐོར་ཞིབ་པ་མོང་ཆིན་པིན་གྱིས་ཤིས་ཚིག་གསུང་སྐབས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་གྲངས་ཉུང་མི་རིགས་ཀྱི་གསོ་རིག་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ལུགས་གསོ་རིག་ལས་དོན་དང་མི་རིགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་གཏོང་བ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་སྒྲིལ། ཞབས་ཞུའི་ནུས་པ་མཐོར་འདེགས། མི་རིགས་ཀྱི་ཁྱད་ཆོས་དར་སྤེལ་གཏོང་བ་མཐའ་འཁྱོངས་བཅས་བྱས་ཏེ།  གྲངས་ཉུང་མི་རིགས་ཀྱི་གསོ་རིག་གོམ་པ་བརྟན་པོའི་ངང་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  ཐེངས་འདིའི་སྐབས་འདིའི་ཟབ་སྦྱོང་འཛིན་གྲྭས་རྒྱལ་ཁབ་ཀྱི་མི་རིགས་གསོ་རིག་སྲིད་ཇུས་བྱེ་བྲག་ཏུ་ལག་བསྟར་གནང་བ་ཞིག་ཡིན་ལ།  སློབ་མ་ཚོས་ཟབ་སྦྱོང་གི་སྐབས་སུ་ཕན་ཚུན་བགྲོ་གླེང་བྱེད་པར་ཤུགས་སྣོན་པ་དང་སློབ་སྦྱོང་ནན་ཏན་བྱས་ཏེ།  མི་རིགས་ཀྱི་གསོ་རིག་བྱ་གཞག་དེ་རང་ཉིད་ཀྱི་འགན་འཁྲི་རུ་བརྩིས་ནས་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
              ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་ཤིས་ཚིག་གསུང་སྐབས་བསྟན་དོན།  སྐབས་སོ་སོའི་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་ཆེ་བ་དང་། སློབ་མའི་ཡོང་ཁུངས་ཁྱབ་ཆེ་བ། སྤྱི་ཚོགས་ཀྱི་གདེང་འཇོག་བཅས་ལེགས་པས།   བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་བོད་ལུགས་གསོ་རིག་གི་རིག་གཞུང་ཞིབ་འཇུག་གི་ཆུ་ཚད་དང་ནད་ཐོག་སྨན་བཅོས་ཀྱི་ཆུ་ཚད་ལ་སྐུལ་འདེད་ལེགས་པོ་ཐེབས་ཡོད།  དེ་དང་ཆབས་ཅིག་ཟབ་སྦྱོང་འཛིན་གྲྭ་འདི་རྒྱལ་ནང་གི་བོད་ལུགས་གསོ་རིག་ལས་རིགས་ཁྲོད་དུ་ཁས་ལེན་བྱེད་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད་པ་དང་།   སློབ་མའི་ཡོང་ཁུངས་དེ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ནས་པེ་ཅིང་དང་ནང་སོག  ཧྲན་ཞི་སོགས་ས་ཆ་མང་པོར་ཁྱབ་པ་དང་།   ཟབ་སྦྱོང་ནང་ཞུགས་མཁན་སློབ་མ་མི་ཐེངས་ཆིག་སྟོང་ལྷག་ཟིན་པས།  འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་འདུག  རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་འདི་ཡང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་ལ་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ།  བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་གསོ་རིག་ལས་མིའི་ཞིབ་འཇུག་གི་ནུས་པ་ཆེ་རུ་གཏོང་བ་དང་བོད་ལུགས་གསོ་རིག་གི་བྱང་ཚད་མཐོ་རུ་གཏོང་བ། བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བསྟན།
སྐབས་བཅུ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭར་ཞུགས་པའི་སློབ་མ་རྣམ་པ།
              དགྲ་འདུལ་གྱིས་ནན་གྱིས་བསྟན་དོན།  ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭར་སློབ་དཔོན་དགའ་བའི་རྡོ་རྗེ་ལགས་ཆེད་དུ་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་པར་གདན་དྲངས་བ་ཡིན་ལ།  གཙོ་བོ《ལག་ལེན་གཅེས་བཏུས་ཀུན་གསལ་སྣང་མཛོད་ཀྱི་དགོངས་འགྲེལ་དེལ་དམར་ཞལ་ལུང》ཞེས་པ་སློབ་ཁྲིད་གནང་རྒྱུ་རེད།   འདིའི་དམིགས་ཡུལ་ནི་ཚང་མས་བར་ཐག་ཉེ་ས་ནས་ཆེད་མཁས་པའི་སློབ་ཁྲིར་ཉན་པ་དང་། ཐད་ཀར་ངོ་ཐུག་ནས་དྲི་གཞིའི་དོགས་པ་སེལ་བར་བྱས་ཏེ།  ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བ་དང་།  ཁྱོན་ཡོངས་ནས་ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པས། ཟབ་སྦྱོང་ནང་ཞུགས་མཁན་སློབ་མ་རྣམ་པས་གོ་སྐབས་ལ་གཅེས་སྤྲས་དང་།  ནན་ནན་ཏིག་ཏིག  རྣམ་འགྱུར་ཡང་དག་དང་སྤྲོ་སེམས་ཆེན་པོས་ཟབ་སྦྱོང་ཁྲོད་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་སློབ་པ་གོ་ཆོད་པ་བཅས་ཡོང་བར་བྱེད་དགོས་ཞེས་གསུངས།