ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དམངས་ཡོངས་ཀྱི་འདུ་ཤེས་ཇེ་མཐོར་བཏང་ནས་“དཀར་པོའི”བཙོག་སྐྱོན་རི་གཙང་ཆུ་དྭངས་དང་རིང་དུ་གྱེས་རྒྱུ།

སྤེལ་དུས 2019-10-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་བཙུགས་པའི་མཛད་སྒོ་རེད།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་འདི་ཉིད་ནི་མཚོ་བོད་ས་མཐོར་གནས་ཤིང་ས་བབ་མཐོ་ཞིང་གཟར་ལ་ས་ཁམས་དམིགས་བསལ་ཡིན་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས། ཆུའི་ཐོན་ཁུངས། གཏེར་ཁའི་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད་པས“འཛམ་གླིང་ཡང་རྩེ”དང“སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་སྲོལ་ཡོད། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་ཡ་གླིང་ཤར་མའི་གནམ་གཤིས་ཀྱི་སྙོམས་སྒྲིག་འཕྲུལ་ཆས་ལྟ་བུ་ཡིན་པས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་བསལ་གྱི་ཚབ་བྱེད་ཐབས་བྲལ་བའི་གནས་བབ་གལ་ཆེན་ལྡན་ཡོད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་རེད།
               ཉེ་བའི་ལོ་ཤས་རིང་།བོད་ལྗོངས་ཀྱིས་མཁའ་རླུང་དང་ཆུ། ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅས་ཀྱི་བྱ་འགུལ་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པས་བོད་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ར། འདམ་ར། འཁྱགས་རོམ། གངས་རི། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སོགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། ས་ཁོངས་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་བྱས་པའི《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་ལས་མངོན་པ་ལྟར་ན། བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་བཙུགས་པའི་མཛད་སྒོའི་ཐོག་དང་བླངས་པར་སྙིགས་སྣོད་ཞལ་འདེབས་རྒྱག་བཞིན་པ་རེད།
               དེ་སྔ་མིའི་རིགས་ཀྱི་ཆེས་རླབས་ཆེན་གྱི་གསར་གཏོད་གྲས་ཀྱི་གཅིག་ལ་ངོས་འཛིན་བྱེད་ཀྱིན་པའི་འགྱིག་ཤོག་དེ་ད་ཆ་ང་ཚོ་མིའི་རིགས་དང་ཐ་ན་སའི་གོ་ལ་ཧྲིལ་པོའི་ཐོག་གི་སྦགས་བཙོག་གི་ཁུངས་ཆེ་ཤོས་སུ་གྱུར་ཡོད། ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་དབྱེ་ཕྲལ་བྱེད་མི་ཐུབ་པའམ་ཡང་ན་དབྱེ་ཕྲལ་བྱས་རྗེས་ང་ཚོའི་མིག་གིས་མཐོང་མི་ཐུབ་པའི་“འགྱིག་རྫས་ཕྲ་རབ་”ཀྱིས་ང་ཚོ་འཚོ་གནས་བྱེད་སའི་ས་རྒྱུ་དང་ཆུ། མཁའ་རླུང་བཅས་ལ་སྦགས་བཙོག་ཧ་ཅང་ཆེན་པོ་བཟོས་ཡོད། འགྱིག་སྙིགསྦགས་བཙོག་དེ་འཛམ་གླིང་ཡོངས་ཀྱི་ཞིབ་འཇུག་བྱ་གཞིར་གྱུར་པ་མ་ཟད་ཐུན་མོང་གི་ངོས་འཛིན་ཡང་ཐོབ་ཡོད་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་ཁོངས་མི་ཁག་ཅིག་གིས་མཉམ་པར་བསྐྱོན་པ་རེད། 
               དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ལྷག་པར་དུ་དྲ་ཐོག་ཚོང་དོན་དང་མྱུར་སྐྱེལ། ཕྱིར་ཚོང་སོགས་ཐོན་ལས་གསར་པ་འཕེལ་རྒྱས་ཕྱིན་པ་དང་། འགྱིག་ཤོག་གི་ཟས་སྣོད་དང་འགྱིག་གི་ཐུམ་སྒྲིལ་སོགས་ཀྱི་གྲངས་འབོར་ཡང་མགྱོགས་མྱུར་འཕར་བ་མ་ཟད། མི་སེར་གྱི་རྒྱུན་གཏན་འཚོ་བ་དང་ཡུལ་སྐོར་བ་བོད་དུ་བསྐྱོད་པ་བསྟུན་གངས་ལྗོངས་ས་མཐོར་སླེབས་པ་རེད། འགྱིག་ཤོག་གི་གད་སྙིགས་གང་བྱུང་དུ་བསྐྱུར་ཚེ་འགྱིག་གི་སྦགས་བཙོག་ཐོན་སྲིད་པ་དང་། འགྱིག་གི་གད་སྙིགས་ཚད་ལྡན་ངང་ཐག་གཅོད་མ་བྱས་ཚེ་ཁོར་ཡུག་གི་ཉེན་ཁ་འཕྲད་ཀྱི་ཡོད་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
               བོད་ལྗོངས་སུ། མི་ཚོགས་འདི་འདྲ་ཞིག་ཡོད་པ་སྟེ།  ཁོང་ཚོ་ནི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཡིན་ནའང་སེམས་ཤུགས་སྔར་བཞིན་ཉམས་མེད་ཅིང་། མ་དངུལ་མེད་ཀྱང་རང་ཉིད་ཀྱི་དངུལ་བཏོན་ནས་གཟའ་མཇུག་རེར་མཉམ་དུ་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་བྱས་ཏེ་སྡེ་ཁུལ་གྱི་མང་ཚོགས་དང་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་ནས་རང་འགུལ་ངང་ཁྲོམ་གཞུང་དུ་གད་སྙིགས་འཐུས་ནས་འགྱིག་སྙིགས་སྦགས་བཙོག་བཀག་འགོག་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་གྱིན་ཡོད་ཅིང་། བྱེད་སྒོ་དེ་རིགས་ལོ་ངོ་གཉིས་རིང་རྒྱུན་འཁྱོངས་བྱས་ཡོད་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
               དགུང་གྲངས76ལ་སླེབས་པའི་བགྲེས་སོང་བཀྲ་ཤིས་ནི་སེམས་ཤུགས་ལྡན་པ་ཞིག་ཡིན་ཏེ། ཁོང་གིས་གཟའ་འཁོར་རེ་རེར་ཚོགས་པ་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོ་སྤེལ་གྱི་ཡོད་ལ། ཐག་རིང་ཤོས་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་འགྱིག་སྙིགས་འཐུ་བར་བསྐྱོད་ཀྱི་ཡོད་པ་རེད། ཁོང་གིས“ཁྱིམ་མིས་ང་རང་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག འདིས་ང་ལ་མུ་མཐུད་དུ་འབད་བརྩོན་བྱེད་པའི་སེམས་ཤུགས་སྤྲད་དེ་སྤྱི་ཚོགས་ཀྱི་ཆེད་དུ་ནུས་པ་གང་ལྕོགས་ཀྱི་བྱ་བ་འགའ་རེ་བསྒྲུབ་པ་ཡིན་ལ། དེ་ནི་ཆུ་གཙང་ས་དྭངས་སྲུང་སྐྱོབ་དང་། དེ་བས་ཀྱང་ང་ཚོར་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱས་པ་ཡིན་པས། ན་གཞོན་གྱི་སྟོབས་ཤུགས་དེ་བས་མང་བ་ཞིག་འདིའི་ནང་ཞུགས་ཐུབ་པའི་རེ་བ་ཡོད”ཅེས་རྒན་བཀྲ་ཤིས་དང་འདྲ་བར་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་དང་ལས་བཟོ་དེ་བས་མང་པོ་ཁོར་ཡུག་སྲུང་སྐྱོང་ཁྲོད་ཞུགས་ནས་དཔུང་ཁག་སྔར་བས་སྟོབས་ཆེར་ཕྱིན་ནས་ད་ཆ་མི་100ལྷག་ཙམ་གྱི་གཞི་ཁྱོན་ལ་སླེབས་ཡོད་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
               རི་གཙང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ།གངས་འཁྱགས་གངས་ཐང་ནི་གསེར་རི་དངུལ་རི་ཡིན། རྒན་རྒོན་དེ་དག་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་དཔུང་ཁག་ནང་ཞུགས་ནས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་བྱ་རྒྱུ་དེ་བྱ་གཞག་ཅིག་ཏུ་བརྩིས་པ་དེ་ནི་སེམས་གཏིང་ནས་རྐང་འོག་གི་ས་ཆ་དེར་དགའ་ཞེན་དང་དོ་ཁུར་བྱེད་པ་ཞིག་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
               ཀུན་གྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་ཆེད་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་རི་གཙང་ཆུ་དྭངས་སྲུང་སྐྱོང་དེ་བས་ཡག་པོ་བྱེད་པ་ངོས་ཟིན་ཐོབ་ཆེད། “མི་ཚང་མ་ཞུགས་པ་དང་རང་ཉིད་ནས་འགོ་བཙུགས་པའི”རྣམ་པ་བཟང་པོ་ཞིག་གཏོད་དགོས། ཟླ་10པའི་ཚེས་20ཉིན་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ལྷ་སར་ཚུགས་ཤིང་མིག་སྔར་མཐུན་ཚོགས་ཀྱི་དང་བླངས་པའི་མི་གྲངས་100ལྷག་ཙམ་ཟིན་ཡོད་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
               བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུས་ཀྱི་འགན་འཁུར་པས་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ནི་ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱི་ཁོར་སྲུག་སྲུང་སྐྱོང་ལ་དགའ་པོ་བྱེད་པའི་མི་སྣས་ཐུན་མོང་ཐོག་བཙུགས་པའི་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཤིག་ཡིན་ལ། དེ་བཙུགས་པ་དེས་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་ལས་དོན་ལ་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་བསྐྲུན་རྒྱུ་མ་ཟད། རྒྱ་ཆེའི་གྲོང་མི་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་ལ་དགའ་པོ་བྱེད་མཁན་ཚོར་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་ལས་སྟེགས་ཀྱང་བསྐྲུན་ནས་སླད་ཕྱིན་བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ནུས་པ་དེ་བས་ཆེ་བ་འདོན་རྒྱུ་རེད་ཅེས་བསྟན།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
               བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས“མཐུན་ཚོགས་འཛུགས་རྒྱུ་གྲ་སྒྲིག་བྱས་ཚུན་དུ‘འགྱིག་སྙིགསའགོག་པའི’ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ཏེ། ཕྱི་རོལ་དུ་གད་སྙིགས་འཐུ་བའི་བྱེད་སྒོ་ཐེངས་བརྒྱ་ཙམ་སྤེལ་ནས‘མི་ཚང་མས་ཤེས་རྟོགས་དང་མཉམ་ཞུགས་བྱ་རྒྱུའི’དྲིལ་སྒྲོག་གི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ཅིང་། མཐུན་ཚོགས་ཀྱི་དང་བླངས་པ་དང་དེ་བཞིན་ཉེ་འགྲམ་གྱི་མང་ཚོགས་ལ‘ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ཁོར་ཡུག་སྲུང་སྐྱོང་། ལྗང་མདོག་འཛད་སྤྱོད་བཅས’ཀྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཐེངས་གཅིག་རང་བཞིན་གྱི་འགྱིག་བཟོས་ཐོན་རྫས་སྤྱོད་རྒྱུ་བཀག་འགོག་བྱེད་པ་དང་། རང་རྟོགས་ངང་ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་ལག་ལེན་བསྟར་ནས་ཐུན་མོང་ཐོག་མཛེས་སྡུག་དང་བདེ་སྡོད། འཆམ་མཐུན་གྱི་འཚོ་བའི་ཁོར་ཡུག་བསྐྲུན་ཡོད”ཟེར།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
               འགོ་ཚུགས་མཛད་སྒོའི་མཇུག་ཏུ། མཐུན་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་པས་ད་དུང་ཕྱི་རོལ་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་བྱེད་སྒོ་སྤེལ་ནས་ལྷ་ས་གྲོང་ཁྱེར་པིན་ཧོ་སྤྱི་གླིང་དུ་གད་སྙིགས་འཐུས་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།
འདི་ནི་བོད་རང་སྐྱོང་ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དང་བླངས་པས་གད་སྙིགས་འཐུ་བཞིན་པ་རེད།