ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“བཅུ་གཅིག་ཟུང”སླེབས་ལ་ཉེ་བའི་དུས་འདིར་ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་མྱུར་སྐྱེལ་བརྟན་པོའི་ངང་འཁོར་སྐྱོད་བྱེད་ཐུབ་པར་འགན་ལེན་བྱས་པ་རེད།

སྤེལ་དུས 2019-11-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མྱུར་སྐྱེལ་ལས་སྒོ་བྲིན་པའི་དུས་ཀྱི་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་ནས་མྱུར་སྐྱེལ་ལས་སྒོ་བྲིན་པའི་དུས་ཀྱི་འཁོར་སྐྱོད་བརྟན་པོ་དང་ལམ་ཁ་བདེ་འཇགས་ངང་ཤར་གཏོང་ཐུབ་རྒྱུར་འགན་ལེན་ཡོང་ཆེད། ཚེས་5ཉིན། ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་མྱུར་སྐྱེལ་ལས་སྒོ་བྲིན་པའི་དུས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་ཚོགས་འདུ་འཚོགས་ཏེ་ནུས་ཤུགས་ཡོད་རྒུས་མྱུར་སྐྱེལ་ལས་རིགས་བྲིན་པའི་དུས་ཀྱི་འཁོར་སྐྱོད་བརྟན་པོ་ཡོང་ཐུབ་རྒྱུའི་འགན་ལེན་བྱས་པ་དང་། བདེ་འཇགས་ཀྱི་“བཅུ་གཅིག་ཟུང”དང་ཞབས་ཞུའི་“བཅུ་གཅིག་ཟུང”།  ལྗང་མདོག་གི་“བཅུ་གཅིག་ཟུང”བཅས་ལ་ནུས་ཤུགས་ཡོད་རྒུས་བཏོད་པ་རེད། 
              མྱུར་སྐྱེལ་ལས་སྒོ་བྲིན་པའི་དུས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་ནི་ མྱུར་སྐྱེལ་ཁེ་ལས་ཁག་གི་ལོ་ཧྲིལ་པོའི་ལས་དོན་གྱི་མཇུག་རྒྱུགས་ཆེན་པོ་ལྟ་བུ་ཞིག་ཡིན་ལ། “ཐོག་མའི་སེམས་འདུན་མི་བརྗེད་པར། འགན་ཁྲི་ཡིད་ལ་བརྟན་པོ་ངེས་”ཞེས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་དང་། 2019ལོའི་ལྷ་ས་གྲོང་ཁྱེར་སྦྲག་སྲིད་ལས་རིགས་ཕྱོགས་ཡོངས་ནས་མཇུག་བསྒྲིལ་ཏེ་2020ལོར་སླེབས་སྐབས་གོམ་སྟབས་ཡག་པོ་སྤོས་ནས་ལས་འགོ་ཡག་པོ་འཛུགས་པར་གྲ་སྒྲིག་གང་ལེགས་བྱེད་པ་ཞིག་ཡིན་པ་མ་ཟད། སང་ལོའི་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་ བཏིང་སྟེ། ལྷ་ས་གྲོང་ཁྱེར་མྱུར་སྐྱེལ་ལས་རིགས་ཀྱི་འཕེལ་རྒྱས་རྣམ་པ་བཟང་པོ་ ཇེ་བརྟན་དུ་གཏོང་ཞིང་ལྷ་ས་གྲོང་ཁྱེར་མྱུར་སྐྱེལ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ ཆེད་ལའང་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན།
              2019ལོའི་མྱུར་སྐྱེལ་ལས་སྒོ་བྲིན་པའི་དུས་ནི་ཟླ་11པའི་ཟླ་སྟོད་ནས་2020ལོའི་ལོ་གསར་(ཟླ་1པོའི་ཚེས་25)སྔ་ནུབ་ཏུ་ཁྱོན་བསྡོམས་ཉིན་85ཡོད་པ་རེད། སྔོན་དཔག་བྱས་ན་“བཅུ་གཅིག་ཟུང (ཟླ་11པའི་ཚེས་11ཉིན)”དང་། “བཅུ་གཉིས་ཟུང(ཟླ་12པའི་ཚེས་12ཉིན།)” ཡེ་ཤུའི་འཁྲུངས་སྐར་དང་2020ལོའི་སྤྱི་ལོའི་ལོ་གསར་། དཔྱིད་གསར་དུས་ཆེན་གོང་བཅས་སུ་དྲ་ཐོག་ཚོང་དོན་བྲིན་ཚོང་གིས་ལས་སྒོའི་གྲངས་འབོར་མངོན་གསལ་གྱི་འཕར་ངེས་པ་དང་། “བཅུ་གཅིག་ཟུང”རིང་(ཟླ་11པའི་ཚེས་11ཉིན་ནས་ཚེས་18ཉིན)ཚོང་ཁ་རྒྱུགས་པའི་རྩེར་སོན་དུས་སྐབས་སླེབས་ངེས།།  གཞན་ཡང་ད་ལོའི་“བཅུ་གཅིག་ཟུང”ཉིན་གྱི་ལས་སྒོ་བྲིན་པའི་དུས་དང་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་གྱི་དུས་ཚོད་གཅིག་ཏུ་འཁེལ་ཡོད་སྟབས་ལས་སྒོའི་གྲངས་འབོར་ལྡབ་འགྱུར་གྱིས་འཕར་བ་དང་ཆབས་ཅིག་བདེ་འཇགས་འགན་ལེན་གྱི་འཁུར་བོའང་ལྕི་རུ་ཕྱིན་ཡོད།  ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་2019ལོའི་མྱུར་སྐྱེལ་ལས་སྒོ་བྲིན་པའི་དུས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཅུས་ཀྲང་ཚོགས་ཆུང་གི་ཙུའུ་ཀྲང་བྱས་པ། ཅུས་ཀྲང་གཞོན་པ་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བྱས་པ། འགོ་ཁྲིད་ཚོགས་ཆུང་གི་གཞུང་ལས་ཁང་དེ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་ཁག་ནང་དུ་བཙུགས་པ། འབྲེལ་ཡོད་ཚན་ཁག་དང་སྐུར་སྐྱེལ་ཁེ་ལས་ཁག་གི་འགན་ཁུར་བས་ཁོངས་མི་བྱས་ཏེ་མྱུར་སྐྱེལ་ལས་སྒོ་བྲིན་པའི་དུས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་གྱི་འགན་འཁུར་རྒྱུ་ཡིན་པ་རེད།

              དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་《2019ལོའི་མྱུར་སྐྱེལ་ལས་སྒོ་བྲིན་པའི་དུས་ཀྱི་ཞབས་ཞུ་འགན་སྲུང་ལས་དོན་ཇུས་གཞི》པར་འགྲེམས་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ལ་དམིགས་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐབ་ས་གཉིས་སུ་ཤར་ནུབ་མཐུན་སྦྱོར་རྒྱུན་འཁྱོངས་དང་རྒྱལ་ཡོངས་མཉམ་འགུལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། “མི་བྱེད་པ་གཉིས་”(དྲ་བ་ཡོངས་ཀྱི་ནུས་པ་མི་ཤོར་བ་དང་། ལྷུ་ཚིགས་གལ་ཆེན་འབར་གས་མི་འབྱུང་བ)དང་། “འགན་ལེན་གསུམ་”(ཤར་བགྲོད་འགན་ལེན་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་འགན་ལེན)བཅས་མངོན་འགྱུར་ཡོང་བ་དམིགས་འབེན་དུ་བཟུང་སྟེ། “བྲིན་དུས་གཡོལ་ནས་ཟོག་སྐྱེལ་དང་དོ་སྙོམས་བྱས་ནས་སྐུལ་འདེད་གཏོང་བའི”ལམ་སྲོལ་གཙོ་བོའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། སྤུས་ཚད་ སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། ཞབས་ཞུ་དང་བདེ་འཇགས་གཉིས་ཀ་འགངས་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཀ་གལ་ཆེན་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བྲིན་དུས་ཀྱི་ལས་རིགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་བདེ་འཇགས་ཀྱི་“བཅུ་གཅིག་ཟུང”དང་། སྤུས་ཚད་ཀྱི་“བཅུ་གཅིག་ཟུང”།  ཞབས་ཞུའི་“བཅུ་གཅིག་ཟུང”།  ལྗང་མདོག་གི་“བཅུ་གཅིག་ཟུང”བཅས་ལ་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་རེད།
              ལྷ་སའི་ཀྲུང་ཐུང་མྱུར་སྐྱེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཝུའེ་ཅན་པིན་གྱིས་མཐོ་རླབས་རིང་ལས་གཉེར་དྲ་ཚིགས་ཁག་གི་མྱུར་སྐྱེལ་དངོས་རྫས་བཙིར་གནོན་མི་ཐེབས་པ་དང་། སྡེབ་གསོག་མི་བྱེད་པ། འགོར་འགྱངས་དང་གཏོར་སྐྱོན་མི་ཕོག་པ་བཅས་འགན་ལེན་བྱ་ཆེད། ཀྲུང་ཐུང་མྱུར་སྐྱེལ་ཀུང་སིས་ཆེད་མངགས་བྲིན་པའི་དུས་ཀྱི་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཀུང་སིར་ད་ལྟ་འབྱེད་ལེན་ལྟེ་གནས་གཉིས་ཡོད་པ་དང་། མནའ་འབྲེལ་དྲ་ཚིགས་24དང་ཡན་ལག་ཀུང་སི་6བཅས་ཡོད་ལ། གལ་ཏེ་དྲ་ཚིགས་ཁག་ལ་སྒྲིག་ཆས་འབོར་ཆེན་སྤྲོད་པའི་དཀའ་ངལ་འཕྲད་ཚེ་འཕྲལ་མཁོའི་འགོ་ཁྲིད་ཚོ་ཆུང་གིས་ཀུང་སིའི་ནང་སྲིད་མི་སྣས་གློ་བུར་དུ་བྱུང་བའི་གནས་ཚུལ་ལ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།

              “ཉིན་ལྟར་དབྱེ་གཏོང་དུས་ཚོད་དེ་སྔའི་ཞོགས་པའི་ཆུ་ཚོད་11:30ནས་ད་ལྟ་ཆུ་ཚོད་9:30བར་སྔ་སྣུར་བྱས་ཏེ་དབྱེ་གཏོང་དུས་ཚོད་ཇེ་རིང་དུ་གཏོང་བ་དང་ལས་ཕྱོད་ཆེ་རུ་བཏང་ནས་མྱུར་སྐྱེལ་དངོས་རྫས་བདེ་འཇགས་ངང་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས།” ཞེས་ཝུའེ་ཅན་པིན་གྱིས་མིག་སྔར་ཀུང་སིར་ཁྱོན་བསྡོམས་གློག་སྒུལ་རླངས་འཁོར་192དང་ལས་ཞུགས་མི་སྣ་455ཡོད་པ་དང་། བྲིན་རྒྱུགས་ཆེ་བའི་དུས་ལ། ཀུང་སིས་ཀྱང་མི་ཤུགས་དང་དངོས་ཤུགས་ཐོན་ཁུངས་མང་དུ་གཏོང་རྒྱུ་མ་ཟད། དྲ་ཚིགས་ཁག་དང་ཡན་ལག་ཀུང་སི་ཁག་ལ་ལྟ་སྐུལ་ཚོད་འཛིན་གྱི་སྒྲིག་ཆས་བཀོད་སྒྲིག་བྱས་ནས་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བཤད།
              ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་《2019ལོའི་མྱུར་སྐྱེལ་ལས་སྒོ་བྲིན་པའི་དུས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་ཇུས་གཞིར་》གསལ་འགྲེལ་བྱས་པ་དང་འབྲེལ་མྱུར་སྐྱེལ་གྱི་མཇུག་སྣེའི་དྲ་ཚིགས་ཐོ་འགོད་ལས་དོན་ཐད་སྔར་བས་བཀོད་སྒྲིག་བྱས་པ་དང་། ལས་རིགས་ཡོངས་ཀྱིས་ཆབ་སྲིད་ཀྱི་ས་ཚིགས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྐུལ་སློང་དང་བཀོད་སྒྲིག་གཏིང་ཟབ་བྱེད་པ། བདེ་འཇགས་དང་འཕྲལ་མཁོའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ཉེན་ཁ་སྣ་ཚོགས་འགོག་ཟོན་དང་སེལ་ཐབས་བྱེད་པ། ལས་རིགས་བདེ་འཇགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་སྲུང་སྐྱོབ་བཅས་བྱེད་དགོས། 
              ཚོགས་འདུའི་ཐོག་བསྟན་དོན། ཁེ་ལས་ཁག་གིས་མྱུར་སྐྱེལ་ལས་སྒོ་བྲིན་པའི་དུས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།  ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ་ཐག་གཅོད་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་རྣམ་པའི་ཐོག་ནས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། མྱུར་སྐྱེལ་གྱི་མཇུག་མཐའི་ས་ཚིགས་ཀྱི་ཞབས་ཞུ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་ཅིང་། མཇུག་མཐའི་ས་ཚིགས་ཀྱི་མི་སྣ་དང་ལས་ར། རླངས་འཁོར་བཅས་གསོག་འཇོག་ལ་ཤུགས་སྣོན་རྒྱག་པ། བྲིན་པའི་དུས་སུ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་བ། མཇུག་མཐའི་ས་ཚིགས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། བདེ་འཇགས་འགོག་སྲུང་འཛིང་རགས་བཙུགས་ནས་“བདེ་འཇགས་རྨང་གཞིར་བྱེད་པའི”འདུ་ཤེས་འཛུགས་དགོས། ཁེ་ལས་ཀྱི་བདེ་འཇགས་གཙོ་བོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སྐུར་སྐྱེལ་ཐབས་ལམ་གྱི་“ལམ་ལུགས་ཁག་གསུམ”དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། འབྱུང་རྩ་ནས་འཛུལ་སྒོའི་འགག་སྒོ་དམ་འཛིན་ཡག་པོ་བྱེད་པ། ཚད་གཞི་མཐོ་བའི་སྒོ་ནས་བདེ་འཇགས་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་ནས་ཐབས་ལམ་བདེ་འཇགས་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་པ། འཕྲལ་མཁོའི་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་འཕྲལ་མཁོའི་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས། ཁེ་ལས་ཁག་གིས་ཆེད་དོན་འཕྲལ་མཁོའི་སྔོན་ཇུས་དང་ཆ་འཕྲིན་སྙན་ཞུ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འཕྲལ་མཁོའི་འགོག་ཟོན་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། ཐོལ་བྱུང་གི་གནས་ཚུལ་འཕྲད་སྐབས་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་ཐག་གཅོད་འོས་འཚམ་བྱས་ཏེ་གནོད་འཚེའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་གང་ཐུབ་དང་ཚོད་འཛིན་བྱེད་དགོས། “ལྗང་མདོག་ཐུམ་སྒྲིལ”འཛུགས་སྐྲུན་བྱས་ཏེ་ལྗང་མདོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། “9571”ལས་གྲྭར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་འདུ་ཤེས་འཛུགས་པ། “བཅུ་གཅིག་ཟུང”རིང་ཐུམ་སྒྲིལ་བྱེད་ཐལ་ཤོར་བ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ནས“སྦགས་བཙོག་འགོག་བཅོས”ཀྱི་འགག་སྒྲོལ་ལས་དོན་ལ་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་ཆེན་པོས་ལེགས་སྐྱེས་འབུལ་དགོས།