བཀྲས་ལྷུན་དགོན་གྱི་ལུས་རྩལ་མགྲན་བསྡུར་གསར་པ་ཞིག
སྤེལ་དུས 2019-11-08
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ཚེས་5ཉིན་རྣམ་པ་གསར་རྐྱང་གི་ལུས་རྩལ་འགྲན་ཚོགས་ཤིག་དགེ་ལུགས་པའི་དགོན་སྡེ་ཆེན་པོ་དྲུག་གི་གྲས་ཤིག་ཡིན་པའི་བོད་ལྗོངས་གཞིས་རྩེ་བཀྲས་ལྷུན་དགོན་དུ་གཉེར་བ་དེ་ནི་དགོན་སྡེ་དེས་གཉེར་བའི་མེ་ཟོན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དེ་རེད།
ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྔར་བས་གཏིང་ཟབ་སྤེལ་ཆེད། ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་གཞིས་རྩེའི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བཀྲས་ལྷུན་དགོན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་དང་མཉམ་དུ་སྐབས་འདིའི་མེ་ཟོན་ལུས་རྩལ་འགྲན་ཚོགས་འདི་བཞིན་གཉེར་བ་ཞིག་རེད།
ལུས་རྩལ་འགྲན་ཚོགས་དེ་བཀྲས་ལྷུན་དགོན་དོ་དམ་ཨུ་ལྷན་གྱི་འགན་ནུས་སྡེ་ཚན་ཁག་དང་། དགོན་སྡེར་བཅའ་སྡོད་མངགས་གཏོང་ཁང་། རྒྱ་ཆེའི་དགེ་འདུན་པ་བཅས་ལས་གྲུབ་པའི་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་གིས་པར་རིས་ལ་བལྟས་ནས་མི་མངོན་པའི་རྐྱེན་ངན་འཚོལ་བ་དང་། མེ་གསོད་ཆུ་མདའ་དམིགས་འབེན་ལ་འཕེན་པ། ཆུ་ཁྲིད་མཐུད་རྒྱུག་འགྲན་བསྡུར། མེ་གསོད་ཡོ་ཆས་མཐུད་རྒྱུག་གིས་མེ་གསོད་པ་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པ་རེད། ལུས་རྩལ་བྱེད་སྒོ་དེའི་དམིགས་ཡུལ་ནི་དགོན་སྡེར་བཅའ་སྡོད་ལས་དོན་མི་སྣ་དང་རྒྱ་ཆེའི་དགེ་འདུན་པ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཐོག་མེ་ཟོན་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ་དགོན་སྡེའི་མེ་ཟོན་ལས་དོན་སྤུས་ཚད་མཐོ་པོ་ཞིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
ལུས་རྩལ་གྱི་བྱེད་སྒོའི་མགྲན་ཞུགས་པ་ཚོས་སྤྱང་གྲུང་དོད་ལ་མཐུན་སྒྲིལ་རོགས་རེས་དང་། མེ་གསོད་ཀྱི་བྱ་སྤྱོད་ཚད་དང་ལྡན་ལ་གནད་ལ་འཁེལ་བ་བཅས་ཀྱི་ཐོག་ནས་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་གསོ་སྦྱོང་ཁྲོད་ཁོང་དུ་ཆུད་པའི་རིག་གཞུང་དང་ལག་ལེན་གྱི་རྩལ་ནུས་འདོན་སྤེལ་གང་ལེགས་བྱས་ནས་ལག་རྩལ་དང་འཐབ་རྩལ་གྱི་ཆུ་ཚད་བཟང་པོ་དག་མངོན་པར་བྱས་པ་རེད།

བཀྲས་ལྷུན་དགོན་དོ་དམ་ཨུ་ལྷན་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཉི་མ་ཆུང་ལགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་བཀྲས་ལྷུན་དགོན་གྱི་མེ་ཟོན་ལས་དོན་དེ་དགོན་སྡེར་བཅའ་སྡོད་འགན་ནུས་སྡེ་ཚན་ཁག་གི་ཐུན་མོང་འབད་བརྩོན་འོག གཏན་འགོག་གཅིག་དང་ཉུང་གཏོང་གཉིས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ནན་པོ་བྱས་པ་བརྒྱུད་མེ་ཟོན་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མེ་སྐྱོན་གྱི་ལས་འཛོལ་ཐོན་རྒྱུ་གཏན་འགོག་བྱས་ཡོད་པ་རེད། མེ་ཟོན་ལུས་རྩལ་འགྲན་ཚོགས་གཉེར་བ་དེས་དགེ་འདུན་པ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་དང་མེ་ཟོན་གྱི་གཞི་རྩའི་རྩལ་ནུས་ཆེ་རུ་བཏང་ནས་དགོན་སྡེའི་མེ་ཟོན་བདེ་འཇགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།