ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“དབུལ་སེལ་རྒུད་སྐྱོབ། དགེ་སྨོན་མཉམ་འཇུག”ཅེས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2019-11-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་12ཉིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་གཙོ་སྒྲུབ་མཛད་པའི་“དབུལ་སེལ་རྒུད་སྐྱོབ། དགེ་སྨོན་མཉམ་འཇུག”ཅེས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་བགྲོ་གླེང་ཚོགས་འདུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས།
བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
              ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་འགོ་ཚུགས་མཛད་སྒོར་ཕེབས་ནས་གསུང་བཤད་གནང་བ་དང་།  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བཞད་པ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་བཅས་ཀྱིས་ཤིས་ཚིག་ཕུལ།  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཆོན་པའོ་ཡེན་གྱིས་མཐུན་ཚོགས་འཐུས་མིའི་ངོས་ཐད་ནས་ཤིས་ཚིག་བརྗོད་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ་འབྲི་གུང་ཆུང་ཚང་རིན་པོ་ཆེ་དང་ཧུའུ་ནན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་དཔོན་ཧྲུན་ཧོའེ་ཡིས་གསུང་བཤད་གནང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་།  བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲུབ་མཐའ་སོ་སོའི་མིང་དུ་གྲགས་པའི་དགོན་ཆེན་གྱི་འགན་འཛིན་པ་དང་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་སློབ་འཐུས་མི། ཞིང་ཆེན་གཞན་གྱི་བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ། རྒྱ་བརྒྱུད་ནང་བསྟན་དང་ལྷོ་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ།  དེ་མིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མཁས་པ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་བཤེས་དང་སློབ་མའི་འཐུས་ཚབ་སོགས་མི་བརྒྱ་ལྷག་འགོ་ཚུགས་མཛད་སྒོར་ཞུགས་ཡོད།  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རྒྱུན་ལས་འགོ་གཙོ་གཞོན་པ་ཝང་ཁྲང་ཡེའུ་ཡིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་མཛད་པ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་བྱ་བའི་སྐོར་གྱི་གནས་ཚུལ་སྙན་ཞུ་གནང་། 
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བཞད་པས་ཤིས་ཚིག་གསུངས་པ།
བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
              ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་“དབུལ་སེལ་རྒུད་སྐྱོབ། དགེ་སྨོན་མཉམ་འཇུག”ཅེས་པ་དེ་ཡིན་ལ། དེའི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་བྱ་སྤྱོད་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་སྡོམ་ཁྲིམས་གཙང་མ་སྲུང་བ་དར་སྤེལ་དང་གསུང་རབ་ལ་ཐོས་བསམ་བྱེད་པ། ཆོས་ལུགས་དར་སྤེལ་བཏང་ནས་དམངས་ལ་ཕན་པ་བསྒྲུབ་པ་དང་།  སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། དད་ལྡན་མང་ཚོགས་ཀྱིས་ལས་ལ་བརྩོན་ནས་ཕྱུག་འགྱུར་ལ་འབད་པ་དང་། སྟོབས་ཤུགས་ཡོད་རྒུས་དབུལ་ཕོངས་ལས་ཐར་ཐབས་བྱེད་པ། རང་འགུལ་ངང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་དངོས་ཡོད་འཚོ་བ་བསྐྲུན་པར་ཁྲིད་སྟོན་བྱ་རྒྱུ་བཅས་རེད། བོད་བརྒྱུད་ནང་བསྟན་གྱིས་གཙོ་བྱས་པའི་རྒྱ་ཆེའི་ནང་བསྟན་ལས་རིགས་ཁག་གི་མི་སྣས་རྒྱབ་སྐྱོར་བྱས་ཏེ་ཧུར་ཐག་ངང་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་ལ། ཁྱོན་བསྡོམས་དགོངས་འགྲེལ་གྱི་དཔྱད་རྩོམ་90ལྷག་ཙམ་འབྱོར་ཡོད།
ཚོགས་ཞུགས་པ་རྣམ་པའི་མཉམ་པར།
              དུས་ཡུན་ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་འདུའི་ཐོག་གཏམ་བཤད་གཙོ་བོ་དང་ཚོ་ཆུང་ཁག་བགོས་ཀྱི་གཏམ་བཤད་ཟུང་འབྲེལ་བྱས་པ་དང་། ཕན་ཚུན་བགྲོ་གླེང་དང་དཔྱད་གླེང་ཟུང་འབྲེལ་བྱེད་པ། དཔྱད་གླེང་དང་ཆེད་མཁས་པའི་དཔྱད་བརྗོད་ཟུང་འབྲེལ་བཅས་ཀྱི་བྱེད་ཐབས་སྤྱད་དེ། སྣ་མང་ཅན་གྱི་རྩ་འཛུགས་རྣམ་པ་བརྒྱུད་ཚོགས་ཞུགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆེད་མཁས་པ་བར་གྱི་བགྲོ་གླེང་བྱེད་ཤུགས་ཆེ་རུ་བཏང་ཡོད།