ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“གནས་སྤོས”ལས་བྱུང་བའི་བདེ་སྐྱིད་འཚོ་བ།

—— རྒྱ་ཚ་རྫོང་གླིང་མདའ་ཤང་སྐུ་ཁམས་གྲོང་ཚོའི་མཐོང་ཐོས།

སྤེལ་དུས 2019-11-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་སྐུ་ཁམས་གྲོང་ཚོའི་རྣམ་པ་ཡིན་པ།
               ●2017ལོར་སྐུ་ཁམས་གྲོང་ཚོ་ཧྲིལ་པོའི་མི་འབོར་དབུལ་པོ་ཡོངས་དབུལ་སྒྲོལ་བྱུང་བ་དང་། 2018ལོར་གྲོང་ཚོ་ཧྲིལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7016ཟིན་ནས་དབུལ་པོ་གཅིག་ཀྱང་ཐོན་མེད།
               ●གྲོང་ཚོ་ཡོངས་སུ་བསྡོམས་མི་ཐེངས་168གསོ་སྦྱོང་བྱས་པ་དང་། སྣོད་བཅུད་ལས་གནས་401གསར་སྤེལ་བྱས་པ། དུད་ཚང་དབུལ་པོའི་མི་218ཐག་ཉེ་སར་ལས་ཞུགས་བྱས་པར་ཉིན་རེར་གླ་ཕོགས་སྒོར་160ཡོད།
               ལྷོ་ཁ་གྲོང་ཁྱེར་ནས་ཤར་ཕྱོགས་སུ་ཆུ་ཚོད་3ཙམ་བསྐྱོད་ཚེ་ས་བབ་མཐོ་ཚད་སྨི་3296ཡོད་པའི་རྒྱ་ཚ་རྫོང་གླིང་མདའ་ཤང་སྐུ་ཁམས་གྲོང་ཚོར་སླེབས་ཀྱི་ཡོད། སྤེན་པ་ཚེ་རིང་ནི་སྐུ་ཁམས་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཡིན་ལ། ཁོང་གིས“སྐུ་ཁམས་གྲོང་ཚོ་གནས་ཡུལ་དེ་2016ལོའི་ཟླ་8པར་རྒྱ་ཚ་རྫོང་གླིང་མདའ་ཤང་གི་གནད་སྨིན་དབུལ་སྐྱོར་གྱི་ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་གཏན་འཁེལ་བྱས་པ་རེད། མིག་སྔར། སྐུ་ཁམས་གྲོང་ཚོར་དུད་ཚང་369ཡི་མི་1269ཡོད་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་མུའུ་708ཡོད་ལ། རྣམ་གྲངས་ཀྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་2.1ཙམ་ཟིན་ཡོད་ཅེས་གསར་འགོད་པར་བརྗོད།
               སྐུ་ཁམས་གྲོང་ཚོའི་གྲོང་མིའི་ནང་རྒྱ་ཚ་རྫོང་ནས་གནས་སྤོས་བྱས་པའི་དུད་ཚང་333གྱི་མི་1121ཡོད་པ་དང་། ཆུ་གསུམ་རྫོང་ནས་གནས་སྤོས་བྱས་པའི་དུད་ཚང་25ཡི་མི་102ཡོད་པ། མཚོ་སྨད་རྫོང་ནས་གནས་སྤོས་བྱས་པའི་དུད་ཚང་11གི་མི་46བཅས་ཡོད། སྐུ་ཁམས་གྲོང་ཚོར་ཁོང་ཚོ་ཚང་མར་རང་ཉིད་ཀྱི་ཁྱིམ་གཞིས་གསར་པ་རེ་ཡོད།
               2017ལོར་གྲོང་ཚོ་ཧྲིལ་པོའི་མི་འབོར་དབུལ་པོ་ཡོངས་དབུལ་སྒྲོལ་བྱུང་བ་དང་། 2018ལོར་གྲོང་ཚོ་ཧྲིལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7016ཟིན་ནས་དབུལ་པོ་གཅིག་ཀྱང་ཐོན་མེད།
               ད་ལོ་ལོ་66ལ་སླེབས་པའི་གྲོང་མི་བསོད་ནམས་ཚེ་རིང་གིས“སྐུ་ཁམས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཆ་ལག་ཚང་བ་དང་། བྱིས་པ་གྲོང་ཚོའི་བུ་བཅོལ་ཁང་དུ་འགྲོ་རྒྱུ་ཡོད་ལ། གྲོང་མིར་ནད་ཕོག་སྐབས་འཕྲོད་བསྟེན་ཁང་ཡོད་པ་མ་ཟད། གྲོང་ཚོའི་ནང་ད་དུང་སྒོ་རྩིས་ཚོང་ཁང་དང་། ཇ་ཁང་། ཟ་ཁང་སོགས་ཡོད། དེ་སྔ་ཅ་ལག་ཉོ་དུས་རྫོང་དུ་འགྲོ་དགོས་ཀྱང་ད་ཆ་དུས་རྒྱུན་གྱི་འཚོ་བའི་མཁོ་ཆས་དག་གྲོང་ཚོ་ནས་ཉོ་ཐུབ་ཀྱི་འདུག འདི་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བས་ད་ཆ་ང་ཚོ་མི་སེར་རྣམས་ཀྱི་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་གསར་འགོད་པར་བརྗོད།
               ད་ཆ། སྐུ་ཁམས་གྲོང་ཚོའི་གྲོང་མི་ཡོངས་སྨན་བཅོས་འགན་བཅོལ་ནང་ཞུགས་ཡོད་ལ། གྲོང་མིའི་བུ་ཕྲུག་རྣམས་ལ་འོས་འགན་སློབ་གསོའི་དུས་མཚམས་དང་མཐོ་འབྲིང་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭར་འགྲོ་མུས་ཀྱི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་ཡོད་པ་དང་། གྲོང་ཚོ་ཡོངས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མས་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་ལོངས་སྤྱོད་བྱེད་ཀྱི་ཡོད། མིག་སྔའི་བར། གྲོང་ཚོ་ཡོངས་ཀྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་ཡོད།
               གྲོང་མིའི་ཡོང་འབབ་ལ་འགན་ལེན་བྱ་ཆེད། སྐུ་ཁམས་གྲོང་ཚོས་དབང་པོ་སྐྱོན་ཅན་ལ་དབང་པོ་སྐྱོན་ཅན་གྱི་ཁ་གསབ་དོན་འཁྱོལ་བྱས་པ་དང་། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ལ་སྲིད་ཇུས་ཀྱི་ཐ་སྐྱོང་བྱེད་པ། ངལ་ནུས་ཡོད་པའི་མིར་ལས་ཞུགས་གསོ་སྦྱོང་དང་སྣོད་བཅུད་ལས་གནས་སྤྲད་དེ་འབབ་འཕར་ཡོང་བ་བཅས་བྱས་ཡོད། མིག་སྔར། གྲོང་ཚོ་ཡོངས་སུ་བསྡོམས་མི་ཐེངས་168གསོ་སྦྱོང་བྱས་པ་དང་། སྣོད་བཅུད་ལས་གནས་401གསར་སྤེལ་བྱས་པ། དུད་ཚང་དབུལ་པོའི་མི་218ཐག་ཉེ་སར་ལས་ཞུགས་བྱས་པར་ཉིན་རེར་གླ་ཕོགས་སྒོར་160ཡོང་གི་ཡོད།
               ད་ལོ་ལོ་30ལ་སླེབས་པའི་ཕུན་ཚོགས་ཆོས་སྒྲོན་ན་ནིང་སྐུ་ཁམས་གྲོང་ཚོར་གནས་སྤོས་བྱས་པ་དང་། ཁོང་གིས“ད་ཆ། ང་ཚོ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལོངས་སྤྱོད་ཐུབ་ནས་ནང་མི་ཡོངས་སྨི་ངོས་གྲུ་ཉིས་བརྒྱ་ལྷག་ཙམ་ཡོད་པའི་དཀར་ཆ་དོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་ལ། ལོ་གཅིག་གི་ཡོང་འབབ་ནང་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་དང་། དབྱར་རྩྭ་དགུན་འབུའི་ཡོང་འབབ་ཡོད་པ་མ་ཟད། ད་དུང་ཕྱིར་གླ་པ་རྒྱུག་པའི་ཡོང་འབབ་ཀྱང་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག ང་ཚོས་ཏང་གི་བཀའ་དྲིན་སེམས་ལ་བཅངས་ནས་ནམ་ཡང་བརྗེད་མི་སྲིད”ཅེས་གསར་འགོད་པར་བརྗོད།
               “གནས་སྤོ་ཐུབ་པ་དང་། གཞིས་ཆགས་པ། ཕྱུག་པོ་ཆགས་པ”བཅས་ཀྱི་དམིགས་ཚད་ལ་གཞིགས་ནས། མིག་སྔའི་བར་སྐུ་ཁམས་གྲོང་ཚོས་རིམ་རྩིས་བྱས་ན་གཡོས་སྦྱོར་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན། འབྲས་ཤིང་འདེབས་འཛུགས། ཨར་ལས་ལྕགས་ཧྲེང་བཟོ་རྩལ་སོགས་རྩལ་ནུས་གསོ་སྦྱོང་མི་ཐེངས་784བྱས་པ་རེད། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རོགས་རམ་འོག་སྐུ་ཁམས་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང་། ཀུང་སིར་རོགས་རེས་ཚོགས་ཆུང་5ཡོད་པའི་ནང་སྣོད་བཅུད་གསོ་ཚགས་རོགས་རེས་ཚོགས་ཆུང་དང་། དཔལ་འབྱོར་འབྲས་ཤིང་འདེབས་འཛུགས་དང་ཕྱིར་ཚོང་རོགས་རེས་ཚོགས་ཆུང་། ཞིང་འབྲོག་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་རོགས་རེས་ཚོགས་ཆུང་། ངལ་ནུས་ཕྱིར་གཏོང་རོགས་རེས་ཚོགས་ཆུང་། ཞིང་འཕྲུལ་ཁྱབ་གདལ་རོགས་རེས་ཚོགས་ཆུང་བཅས་ཡོད་པ་རེད། གྲོང་ཚོ་ཡོངས་ཀྱི་ངལ་ནུས་574རོགས་རེས་ཚོགས་ཆུང་ཁག་ཏུ་བཀོད་སྒྲིག་བྱས་ཏེ་མི་ཚང་མར་ལས་སྟེགས་ཡོད་པ་དང་། ལས་ཀ་ཡོད་པ། ཡོང་འབབ་ཡོད་པ་བཅས་བྱས་ཡོད།
               གཞན་ཡང་། གནས་སྤོའི་མང་ཚོགས་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་རྒྱུར་འགན་ལེན་བྱ་ཆེད། སྐུ་ཁམས་གྲོང་ཚོས་ས་ཆ་གསར་སྤེལ་རྣམ་གྲངས་དང་། དཔལ་འབྱོར་ནགས་ཚལ་འདེབས་འཛུགས་རྣམ་གྲངས། སྣོད་བཅུད་གསོ་ཚགས་རྣམ་གྲངས་སོགས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་གྲོང་མིའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།