ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་བོད་གཞུང་ལམ་གྱི་འགྲིམ་འགྲུལ་འགག་པའི་གནད་དོན་བརྒྱུད་རིམ་ལྡན་པའི་ངང་ཐག་གཅོད་བྱེད་དགོས་ཞེས་ནན་བཤད་གནང་བ།

སྤེལ་དུས 2019-11-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ཟླ་1ཚེས་11ཉིན་གྱི་གནས་སྐྱིད་ལུང་ཤུར་གྱི་འགྲིམ་འགྲུལ་འགག་པའི་གནད་དོན་བརྒྱུད་རིམ་ལྡན་པའི་ངང་ཐག་གཅོད་བྱ་རྒྱུའི་སྐོར་གྱི་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་གསན་པ་དང་སྦྲགས། མིག་སྔར་ལྷག་པའི་དཀའ་ངལ་ཐག་གཅོད་བྱ་རྒྱུའི་ཞིབ་འཇུག་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཐོག་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། གནས་སྐྱིད་ལུང་ཤུར་གྱི་འགྲིམ་འགྲུལ་འགག་པའི་གནད་དོན་བརྒྱུད་རིམ་ལྡན་པའི་ངང་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་འགོད་མཛུབ་ཁྲིད་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་ལ་སྤྲོད་རྒྱུ་དང་སྟབས་བདེ་དང་ཕན་པ་དངོས་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། མཐུན་སྦྱོར་མཉམ་འགུལ། རྩ་ལག་མཉམ་བཅོས། ཐབས་མང་མཉམ་སྤྱོད་བཅས་བྱས་ཏེ། མཚོ་བོད་གཞུང་ལམ་གྱི་འགྲིམ་འགྲུལ་འགག་པའི་གནད་དོན་བརྒྱུད་རིམ་ལྡན་པའི་ངང་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཟབ་ཏུ་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
             ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཕུགས་ཀྱི་འཕེལ་རྒྱས་སྤྱི་འདོམས་དང་ཐབས་མང་མཉམ་སྤྱོད་བྱས་ནས་འགྲིམ་འགྲུལ་འགག་པའི་གནད་དོན་བརྒྱུད་རིམ་ལྡན་པའི་ངང་ཐག་གཅོད་བྱེད་པར། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡུན་རིང་དགོས་མཁོ་དང་ཟུང་སྦྲེལ་གྱིས་ཕྱོགས་མང་པོས་ཤུགས་བརྒྱབ་སྟེ་མཉམ་ཤུགས་ཆགས་པར་བྱེད་པ་དང་། འགྲིམ་འགྲུལ་འགག་པ་དང་ཤོང་ཚད་ལས་བརྒལ་བའི་བཅོས་སྒྲིག་ལས་དོན་དམ་འཛིན་བྱས་ནས་འགྲིམ་འགྲུལ་འགག་པའི་གནོན་ཤུགས་ཞི་ལྷོད་དུ་བཏང་སྟེ། གཞུང་ལམ་བདེ་འཇགས་དང་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱེད་དགོས། སྒྲིག་འཛུགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་འགག་པ་བཅོས་སྒྲིག་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་དབར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། གནས་སྐྱིད་ལུང་ཤུར་ཞིབ་བཤེར་ས་ཚིགས་ཀྱི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ནས། ཞིབ་བཤེར་ས་ཚིགས་ཀྱིས་ལས་དོན་སྔར་བས་ཡག་པོ་སྤེལ་རྒྱུར་གཞི་རྩའི་འགན་སྲུང་མཁོ་འདོན་བྱེད་དགོས་པ་མ་ཟད། ད་དུང་དམིགས་ཚད་གནད་དོན་ལ་དམ་པོར་དམིགས་ནས་དུས་བཀག་ལྟར་བཀོད་གཏོང་དང་དུས་ཐོག་ཏུ་གནས་ཚུལ་ལྡོག་འདྲེན་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས་མཚོ་བོད་གཞུང་ལམ་གྱི་འགྲིམ་འགྲུལ་འགག་པའི་གནད་དོན་མཉམ་དུ་ཐག་གཅོད་བྱེད་དགོས།
རྩོམ་སྒྲིག་པ། སངས་སྐྱབས།