ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཀར་མཛེས་བྲག་མགོ་ནས་ལོ་ཁྲི10ལྷག་ལོན་པའི་སྟ་རེ་ཞིག་རྙེད་འདུག

སྤེལ་དུས 2019-12-02 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།

          སྤྱི་ཟླ11ཚེས25ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་མགོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། བྲག་མགོ་རྫོང་སིབ་མོ་གྲོང་རྡལ་ངར་མེ་སྡེ་པའི་ཁོངས་ནས་ལོ་ངོ་ཁྲི10ལྷག་ལོན་པའི་རྡོ་བཟོས་སྟ་རེ་ཞིག་གསར་རྙེད་བྱུང་།
          བྲག་མགོ་ནི་ཤེ་ཆུའི་འབབ་རྒྱུན་དུ་གནས་ཤིང་། གནའ་སྔ་མོ་ནས་བཟུང་མིའི་རིགས་འཚོ་གནས་བྱེད་པ་འཚམ་པའི་ཡུལ་ཞིག་རེད། བྲག་མགོ་ནས་སྔ་རྗེས་སུ་ལོ་ཁྲི5ལོན་པའི་གནའ་མིའི་འགྱུར་རྡོ་དང་། ལོ་ཁྲི1.2ལོན་པའི་རྡོ་ཆས་གསར་མའི་གནའ་ཤུལ། དེ་བཞིན་ལོ་ངོ་སྟོང་ཕྲག་དུ་མ་ལོན་པའི་རྡོའི་པུར་སྒམ་ལས་གྲུབ་པའི་བང་སོ་ཁྱུའི་སོགས་གསར་རྙེད་བྱུང་།

     2019ལོའི་ཟླ4པར།  སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས་སི་ཁྲོན་ནུབ་རྒྱུད་ས་མཐོར་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་བརྟག་དཔྱད་བྱེད་རིང་བྲག་མགོ་རྫོང་ཁོངས་སུ་རྡོ་ཆས་རྙིང་པའི་ས་ཚིགས6རྙེད་པ་དང་། དེའི་ནང་སིབ་མོ་གྲོང་རྡལ་ངར་མེ་སྡེ་པ་དང་དེ་བཞིན་ཉི་མོ་ཡུལ་ཚོ་བྲག་མདའ་སྡེ་པ་ནས་སྟ་རེ་ཞིག་གསར་རྙེད་བྱུང་།
     2019ལོའི་ཟླ8པར།  སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས་པེ་ཅིན་སློབ་ཆེན་གྱི་གྲོང་ཁྱེར་དང་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲང་ཅ་ཧྥུའུ་ཡི་རྟོག་ཞིབ་ཚོགས་པ་གདན་དྲངས་ནས་ས་གནས་དེ་གའི་རྡོ་ཆས་རྙིང་པའི་ས་ཚིགས་ཁག་ཅིག་ལས་གནའ་བོའི་དུས་དང་ཡུལ་ལ་དབྱེ་ཞིབ་བྱས་ཏེ་སྟ་རེ་གཉིས་ལ་མུ་མཐུད་དབྱེ་ཞིབ་བྱ་དགོས་པའི་ངོས་འཛིན་བྱས།

          2019ལོའི་ཟླ10པར། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས་སླར་ཡང་བྲག་མགོ་རུ་གནའ་རྫས་རྟོག་ཞིབ་བརྟག་དཔྱད་བྱེད་པར་བསྐྱོད་དེ་སྟ་རེ་གནས་པའི་ས་ཚིགས་གཉིས་ཀྱི་རིག་གནས་ཀྱི་ནང་དོན་འཚོལ་ཞིབ་བྱེད་པ་དང་སྦྲགས། ཐེངས་རྗེས་མའི་སྔོག་འདོན་ལས་དོན་ལ་གྲ་སྒྲིག་ལེགས་པོ་བྱ་ཆེད་སླར་ཡང་བརྟག་དཔྱད་གཏིང་ཟབ་བྱ་རྩིས་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། བྲག་འགོ་རྫོང་ཁོངས་ནས་རྙེད་པའི་སྟ་རེ་ནི་མིག་སྔར་ས་རིམ་ཟིན་ཐོ་རུ་བཀོད་པའི་སྟ་རེ་དག་ལས་ས་བབ་མཐོ་ཤོས་དེ་ཡིན་པ་དང་། ད་ཐེངས་སྟ་རེ་སྔོག་འཚོལ་བྱས་པ་དེས་མདོ་དབུས་མཐོ་སྒང་ལ་མིའི་རིགས་གནས་སྤོ་དང་བརྗེ་རེས། མི་དང་ས་ཆའི་བར་གྱི་འབྲེལ་བར་རིམ་འགྱུར་བྱུང་སྟངས་སོགས་ལ་གོ་བ་གསར་པ་ལེན་པར་རིག་གཞུང་དོན་སྙིང་གལ་ཆེན་ལྡན་ནོ། །
རྩོམ་སྒྲིག་པ། བདེ་སྒྲོལ།