ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཅང་ཤིས་སུ་གཟིགས་ཞིབ་གནང་བ་དང་འབྲེལ་དབུས་རྒྱུད་ས་ཁུལ་དར་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2019-05-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
             ཟླ་5ཚེས་20དང་22ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་ཤིས་སུ་གཟིགས་ཞིབ་གནང་ནས་དབུས་རྒྱུད་ས་ཁུལ་དར་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
             ཟླ་5ཚེས་20དང་22ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་ཤིས་སུ་གཟིགས་ཞིབ་གནང་ནས་དབུས་རྒྱུད་ས་ཁུལ་དར་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཀན་ཀྲོའུ་གྲོང་ཁྱེར་ཡུས་ཏུའུ་རྫོང་ཤིན་ཧྲན་གྲོང་རྡལ་ཐན་ཐོའུ་གྲོང་ཚོའི་མང་ཚོགས་ལ་གཟིགས་པ་དང་འབྲེལ་ཡུལ་མི་སྤུན་ཟླ་ཚོར་བྱམས་བརྩེའི་ངང་ཕྱག་གཏོང་བཞིན་པ།
             རང་རྒྱལ་འདི་ཉིད་སྔར་བཞིན་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་དུས་སྐབས་སུ་གནས་རུང་འཕྲད་པའི་རྒྱལ་སྤྱིའི་དུས་བབ་ཉིན་བཞིན་སྣེ་མང་རྙོག་འཛིང་ཅན་དུ་འགྲོ་བཞིན་ཡོད། ང་ཚོས་རྒྱལ་སྤྱི་དང་རྒྱལ་ནང་གི་འགལ་རྐྱེན་སྣ་ཚོགས་ཀྱི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ནས། དཀའ་ངལ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཨང་བསར་བྱེད་དགོས། ང་ཚོས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་ཞིབ་འཇུག་བཀོད་སྒྲིག་ལ་སྤྱི་འདོམས་དང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཇུས་འགོད་བྱས་ནས་བྱ་སྤྱོད་སྤེལ་བ། གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་བཅས་བྱ་རྒྱུ།
             གཅིག་ནས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཉིས་ནས་འགག་རྩའི་ཁྱབ་ཁོངས་ཀྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། གསུམ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། བཞི་ནས་གསར་དར་ཐོན་ལས་བཀོད་སྒྲིག་དང་གཞན་སྒྱུར་དང་ལེན་ཧུར་ཐག་བྱེད་པ། ལྔ་ནས་ཆུ་ཚད་མཐོ་པོའི་སྒོ་དབྱེ་བྱེད་རྒྱ་ཆེ་རུ་གཏོང་བ། དྲུག་ནས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། བདུན་ནས་དམངས་འཚོ་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པ། བརྒྱད་ནས་སྲིད་ཇུས་ཀྱི་བྱེད་ཐབས་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
             ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་5ཚེས་20ནས་22ཉིན་བར་ཅང་ཤིས་སུ་གཟིགས་ཞིབ་གནང་ནས། དབུས་རྒྱུད་ས་ཁུལ་དར་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བཅས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་སྔར་བས་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་རང་འགུལ་ངང་མཉམ་འདྲེས་ཧུར་ཐག་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དབུས་རྒྱུད་ས་ཁུལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་དངོས་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་དབུས་རྒྱུད་ས་ཁུལ་དར་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
             ཚེས་20ཉིན། ཅང་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཆི་དང་ཧྲེང་ཀྲང་དབྱི་ལན་ཧུང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་ཀན་ཀྲོའུ་གྲོང་ཁྱེར་གྱི་ཁེ་ལས་དང་། གྲོང་གསེབ། གསར་བརྗེའི་དྲན་གསོ་ཁང་བཅས་སུ་ཕེབས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཟིགས་ཞིབ་བརྟག་ཞིབ་གནང་ནས་ས་ཆ་དངོས་སུ་གསར་བརྗེའི་ཁུལ་རྙིང་གི་དབུལ་སྒྲོལ་འགག་སྒྲོལ་དང་དབུས་རྒྱུད་ས་ཁུལ་དར་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་འཕེལ་རིམ་མཁྱེན་རྟོགས་གནང་བ་རེད།
             ཡུས་ཏུའུ་ནི་ཀྲུང་དབྱང་གི་དམར་དམག་རྒྱང་སྐྱོད་བྱེད་སྐབས་མཉམ་དུ་འཛོམས་ནས་རྡོག་ཐོན་བྱ་ཡུལ་ཡིན་ཞིང་། 1934ལོའི་ཟླ་10པར། ཀྲུང་དབྱང་ལས་ཁུངས་དང་། ཀྲུང་དབྱང་དམག་ཨུད། ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་དམག་བཅས་གནས་དེར་འཛོམས་ནས་རྡོག་ཐོན་བྱས་ཏེ་ཧ་ཅང་རིང་བའི་རྒྱང་སྐྱོད་ཀྱི་ལམ་བུར་ཞུགས་ཡོད། ཚེས་20ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་མེ་འཁོར་ལ་བཞུགས་ཏེ་ཡུས་ཏུའུ་རྫོང་དུ་ཕེབས་ནས་ཀྲུང་དབྱང་གི་དམར་དམག་རྒྱང་སྐྱོད་རྡོག་ཐོན་དྲན་གསོའི་རྡོ་རིང་ལ་གུས་མཇལ་ཞུས་པ་དང་། ཀྲུང་དབྱང་གི་དམར་དམག་རྒྱང་སྐྱོད་རྡོག་ཐོན་བྱ་ཡུལ་གྱི་གནས་རྙིང་སྟེ། ཡུས་ཏུའུ་རྫོང་གྲོང་གི་ཤར་སྒོའི་གྲུ་ཁར་གཟིགས་པ་མ་ཟད་ཀྲུང་དབྱང་གི་དམར་དམག་རྒྱང་སྐྱོད་རྡོག་ཐོན་བྱ་ཡུལ་གྱི་དྲན་གསོ་ཁང་ལའང་གཟིགས་སྐོར་གནང་བ་རེད། དྲན་གསོའི་རྡོ་རིང་མདུན་དུ་ཞི་ཅིན་ཕིང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ་མ་ཟད་གུས་འདུད་ལན་གསུམ་ཞུས། ཁོང་གིས་དྲན་གསོའི་རྡོ་རིང་ལ་དལ་བུར་སྐོར་བ་བསྐྱོན་ནས་རྨང་སྟེགས་ཐོག་གི་འབུར་བརྐོས་ལ་ཞིབ་ཚགས་གཟིགས་ཏེ་སྐབས་དེ་དུས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམར་དམག་གིས་སུའུ་ཝེ་ཨེད་ས་ཁུལ་དུ་ཁྲག་བཏོན་དམར་འཛིང་བྱས་པའི་གཟི་བརྗིད་ལྡན་པའི་ལོ་ཟླར་གདུང་བ་ཆེན་པོས་དྲན་གསོ་ཞུས་པ་རེད། དྲན་གསོ་ཁང་དུ་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དམར་དམག་རྒྱང་སྐྱོད་རྡོག་ཐོན་ལོ་རྒྱུས་གནས་ཚུལ་གྱི་ངོ་སྤྲོད་གསན་པ་དང་། པར་རིས་རེ་རེ་དང་ཅ་དངོས་རེ་རེའི་མདུན་དུ་ཕེབས་མཚམས་བཞག་སྟེ་གཟིགས་པ་མ་ཟད་ཚང་མ་དང་མཉམ་དུ་སྤེལ་རེས་ཡང་སེ་གནང་ནས་སྐབས་དེ་དུས་ཀྱི་ལོ་རྒྱུས་དྲན་གསོ་གནང་བ་རེད། ཁོང་གིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད། ང་ཚོས་ངེས་པར་དུ་གསར་བརྗེའི་སྲིད་དབང་གང་ནས་བྱུང་བ་དང་ཀྲུང་གོ་གསར་པ་ཇི་ལྟར་བྱས་ཏེ་བཙུགས་པ་ཞིག་ཡིན་པ་བློ་ལ་བརྟན་པོ་བཅངས་ཏེ་རང་རེའི་ཏང་གིས་བཏོད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་པ་དང་། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས། གསར་བརྗེའི་ཕུགས་འདུན་ཐམས་ཅད་ལས་ལྷག ཕུགས་བསམ་དང་དད་སེམས་ཀྱི་མེ་ལྕེ་འབར་ཚེ་ནམ་ཡང་འཆི་མི་སྲིད། ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་དང་རྒྱང་སྐྱོད་ཀྱི་ལམ་བར་དུ་ཏང་དང་དམར་དམག་གིས་ཕུགས་བསམ་དང་དད་སེམས་བརྟན་པོ་དང་འགྱུར་མེད་ཀྱི་གསར་བརྗེའི་བློ་སྟོབས་ལ་བརྟེན་ནས་དཀའ་ངལ་ཆེན་པོ་རེ་རེ་བཞིན་ཁྱད་དུ་བསད་པ་དང་དཀའ་བ་ཇི་ཙམ་འཕྲད་པ་དེ་ཙམ་གྱིས་དཔའ་སྟོབས་ཆེ་རུ་ཕྱིན་ཏེ་མཐར་རྒྱལ་ཁ་བླངས་ནས་བསམ་ཚོད་ལས་འདས་པའི་ངོ་མཚར་བཏོད་ཡོད། ང་ཚོས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་མི་རུང་ལ་གསར་བརྗེའི་ཕུགས་འདུན་དང་གསར་བརྗེའི་དམིགས་ཡུལ་ཡང་བརྗེད་མི་རུང་བར་མུ་མཐུད་གསར་བརྗེའི་དར་ཆ་མཐོན་པོར་བསྒྲེངས་ཏེ་རྒྱང་སྐྱོད་ཀྱི་རླབས་ཆེའི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།  ད་ཆ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་ཆེན་པོ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པར་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་པོ་དང་འགྱུར་མེད་ཀྱི་གསར་བརྗེའི་བློ་སྟོབས་ལ་སྔར་བཞིན་བརྟེན་དགོས་པའི་ནན་བཤད་གནང་བ་རེད།
             དྲན་གསོ་ཁང་གི་ཐོག་སོ་དང་པོར་ཞི་ཅིན་ཕིང་གིས་ཡུས་ཏུའུ་རྫོང་གི་དམར་དམག་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མིར་མཇལ་འཕྲད་གནང་ཞིང་། ཁོང་གིས་གསར་བརྗེའི་དམག་འཁྲུག་ལོ་རབས་སུ་ཅང་ཤིས་བས་གསར་བརྗེར་རྒྱལ་ཁ་ཐོབ་ཆེད་རང་སྲོག་བློས་གཏོང་ཚད་མེད་བྱས་ཡོད་ལ་ལེགས་སྐྱེས་ཀྱང་ཧ་ཅང་ཆེན་པོ་ཕུལ་ཡོད། ད་ཆ་རྒྱལ་ཁབ་འཕེལ་རྒྱས་བྱུང་ཡོད་ལ་མི་དམངས་ཀྱི་འཚོ་བ་ཡང་ལེགས་སུ་ཕྱིན་ཡོད་པས་ང་ཚོས་ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་བ་ལྟར་གསར་བརྗེའི་སྔོན་བྱོན་པ་དང་སྔོན་གཤེགས་དཔའ་བོ་བརྗེད་མི་རུང་ལ་གསར་བརྗེའི་ཁུལ་རྙིང་གི་ཡུལ་མི་སྤུན་ཟླ་རྣམས་ཀྱང་བརྗེད་མི་རུང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོའི་གསར་བརྗེར་ལེགས་སྐྱེས་འབུལ་མཁན་དམར་དམག་རྒན་གྲས་དང་བློ་མཐུན་རྒན་གྲས་དང་དེ་བཞིན་དམར་དམག་གི་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མིར་ཐུགས་ཁུར་དང་ལྟ་རྟོག་ཡག་པོ་བྱེད་དགོས་ཞེས་བརྩེ་བ་ཟབ་མོས་གསུངས་པ་རེད། ད་དུང་ཞི་ཅིན་ཕིང་གིས་ཁོང་ཚོ་གཟུཌ་པོ་བདེ་ཐང་དང་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ་རེད།
             དྲན་གསོ་ཁང་གི་ཕྱིའི་ཐང་ཆེན་དུ་དགའ་སྤྲོས་མྱོས་པའི་མང་ཚོགས་འཛོམས་ནས“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང”“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ལས་ཁག་སོང”ཞེས་བོས་པ་དང་། ཞི་ཅིན་ཕིང་གིས་ཚང་མར་ད་ལྟ་ང་ཚོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་དུ་སྐྱོད་བཞིན་ཡོད་པས། ང་ཚོས་སྔ་འཛིན་ཕྱི་གཏོད་ཀྱིས་མུ་མཐུད་འབད་བརྩོན་བྱེད་དགོས་ཞེས་གསུངས།
             ཡུས་ཏུའུ་རྫོང་ལ་དམིགས་བསལ་གྱི་ས་བབ་ལེགས་ཆ་དང་གནམ་གཤིས་ཀྱི་ཁྱད་ཆོས་ལྡན་པས་སྔོ་ཚལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་འཚམ་པོ་ཡོད། ཞི་ཅིན་ཕིང་ཙེ་ཧྲན་ཕུའུ་ཤིས་སྔོ་ཚལ་ཐོན་ལས་གླིང་གི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོར་ཕེབས་ནས་ཡུས་ཏུའུ་རྫོང་གི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། སྔོ་ཚལ་འདེབས་བཞིན་པའི་ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་ཐོན་ལས་གླིང་གིས“སྣེ་འདྲེན་ཁེ་ལས+མཉམ་ལས་ཁང+ཞིང་དུད་དང་དུད་ཚང་དབུལ་པོའི”འཕེལ་རྒྱས་གཏོང་ཐབས་ལ་བརྟེན་ནས་ཡུལ་མིའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པས་ལོ་རེར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་གཅིག་ཙམ་བྱུང་ཡོད་ཅེས་ཞུས་པ་རེད། ཞི་ཅིན་ཕིང་གིས་བྱ་ཐབས་དེར་བསྔགས་བརྗོད་ཆེན་པོ་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མི་རིགས་བསྐྱར་དར་ཡོང་བ་དེ་རེད། ཏང་ཀྲུང་དབྱང་གིས་ཐབས་བརྒྱ་ཇུས་སྟོང་ངང་མི་སེར་ལ་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་པའི་བསམ་བློ་གཏོང་གི་ཡོད། རྡོ་ཐལ་ལས་ཀྱིས་དགུང་ཟླའི་འོད་ཀྱི་ནི། ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས་ཞེས་པ་ལྟར་སླད་ཕྱིན་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་ངེས་རེད་ཅེས་གསུངས།
             དེ་རྗེས། ཞི་ཅིན་ཕིང་ཙེ་ཧྲན་གྲོང་རྡལ་ཐན་ཐོའུ་གྲོང་ཚོར་ཕེབས་ནས་གྲོང་ཚོའི་བཀོད་པ་དང་རྣམ་པར་གཟིགས་ཞིབ་གནང་བ་རེད། དམར་དམག་གི་རྗེས་རབས་པ་དམག་ཞབས་ཐིམ་པའི་དམག་མི་སུན་ཀོན་ཧྥ་སྤྱི་ཁྱབ་ཧྲུའུ་ཅིའི་མདུན་དུ་བཅར་ནས་ནང་མི་ཚང་མའི་ཚབ་ཞུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཁྱིམ་དུ་སྐུ་མགྲོན་ལ་གདན་དྲངས་པ་རེད། སུན་ཀོན་ཧྥའི་ཁྱིམ་དུ་ཞི་ཅིན་ཕིང་གིས་ཐབ་ཚང་དང་། ཉལ་ཁང་། སྒོ་ར། གསང་སྤྱོད་བཅས་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་འབྲེལ། ཁོང་ཚོའི་ཁྱིམ་གྱི་སྡོད་ཁང་དང་གཙང་སྦྲ་ཡག་པོ་ཡོད་པར་དགྱེས་ཚོར་ཆེན་པོ་བྱུང་བ་རེད། དེ་རྗེས། ཞི་ཅིན་ཕིང་གིས་སུན་ཀོན་ཧྥ་ཡི་ནང་མི་དང་། ས་གནས་དེ་གའི་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པ་དང་ལྷན་དུ་ཅི་འཕྲོས་མོལ་འཕྲོས་གནང་ནས་ཁོང་ཚོའི་ཁྱིམ་གྱི་ཡོང་འབབ་དང་། བུ་དང་མནའ་མ་གང་དུ་ལས་ཞུགས་བྱེད་མིན། ཕྲུ་གུ་སློབ་གྲྭ་གང་དུ་སྐྱོད་མིན། སློབ་གྲྭར་ཕྲུ་གུའི་ལྟོ་ཆས་ཡག་པོ་ཡོད་མེད། ཁྱིམ་ལ་ད་དུང་དཀའ་ངལ་དང་རེ་བ་གང་ཡོད་མེད་བཅས་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་བ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་ལོ་འདི་དག་རིང་གྲོང་ཚོའི་དུད་ཚང་དབུལ་པོ་109ཚང་མ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་ཞུགས་ཡོད་ལ། ད་དུང་གྲོང་ཚོར་ལས་ཞུགས་དབུལ་སྐྱོར་འཁོར་ཁང་བསྐྲུན་ཡོད་པས་ཡུལ་མི་ཚོ་ཕྱི་ལ་གླ་པ་རྒྱུག་པར་བསྐྱོད་ཆོག་པ་མ་ཟད། ཁྱིམ་གྱི་སྒོ་འགྲམ་དུའང་ལས་ཞུགས་ཐུབ་ནས་རྒན་རྒོན་དང་ཕྲུ་གུར་ལྟ་རྟོགས་ཐུབ་ཀྱི་འདུག ས་ཞིང་ནང་བཤུག་བྱས་པའི་ཡོང་འབབ་ཡོད་ལ་ངལ་རྩོལ་གྱི་ཡོང་འབབ་ཀྱང་ཡོད། ད་དུང་དུད་ཚང་དབུལ་པོར་ཁེ་སྤོགས་བགོ་བཤའི་ཡོང་འབབ་ཀྱང་ཡོད་པས་དུད་ཚང་དབུལ་པོ་95དབུལ་སྒྲོལ་ཐུབ་ཡོད་ཅེས་ཞུས་པ་རེད། དེ་དག་གསན་རྗེས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ང་རང་ད་ཐེངས་ཅང་ཤིས་ལ་ཡོང་བའི་དམིགས་ཡུལ་ནི་གསར་བརྗེའི་སུའུ་ཝེ་ཨེད་ཁུལ་དང་། ཡུལ་མི་ཚོའི་འཚོ་བ་ལེགས་སུ་ཕྱིན་ཡོད་མེད། གསར་བརྗེའི་ཁུལ་རྙིང་དུས་བཀག་བཞིན་དབུལ་སྒྲོལ་ཐུབ་མིན་བཅས་ལ་ལྟ་བར་ཡོང་བ་ཡིན། དབུལ་སྒྲོལ་འགག་སྒྲོལ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད་པས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མུ་མཐུད་ཤུགས་བརྒྱབ་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ་གསར་བརྗེའི་ཁུལ་རྙིང་གི་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་དར་རྒྱས་ཕན་ཚུན་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་བསྐྲུན་ནས་གྲོང་གསེབ་ཀྱི་བསམ་པའི་ཉམས་འགྱུར་དང་། སྡོད་མལ་ཁོར་ཡུག སྣོད་བཅུད་ཁོར་ཡུག སྤྱི་ཚོགས་རྣམ་པ་བཅས་གསར་པ་ཐོན་པ་དང་ཡུལ་མིར་མི་རྣམས་ཡིད་སྨོན་སྐྱེ་བའི་ཞིང་སྡེའི་འཚོ་བ་སྐྱེལ་དུ་འཇུག་དགོས་པའི་ནན་བཤད་གནང་བ་རེད།
             གྲོང་ཚོ་ནས་འགྱེས་སྐབས། ཡུལ་མི་ཚོ་གྲོང་ཚོའི་ལམ་མདོར་འཛོམས་ནས་གཅིག་མཇུག་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བདེ་ཞུས་པ་དང་གྲོང་མི་ལ་ལ་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ཆུ་ཡང་ཤོར་བ་རེད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་བཏང་གནང་ནས་ཡུལ་མི་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ་རེད།
             ཚེས་21ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ནན་ཁྲང་དུ་དབུས་རྒྱུད་ས་ཁུལ་དར་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུར་ཧྲན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལེ་ཧུའེ་ཉིང་དང་། ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཅིན་པིན། ཅང་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཆི། ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཅང་ཁྲའོ་ལེང་། ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཅ་ཧའོ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥོང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
             ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དབུས་རྒྱུད་ས་ཁུལ་དར་འཕེལ་ལ་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གིས་བཏིངས་པའི་ཐབས་ཇུས་གལ་ཆེན་ཞིག་རེད། དབུས་རྒྱུད་ས་ཁུལ་དར་འཕེལ་གྱི་ལས་དོན་ལེགས་པར་སྒྲུབ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། མིག་སྔར། དབུས་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་གནས་ཚུལ་ཡག་པོ་ཡོད་པས་དབུས་རྒྱུད་ས་ཁུལ་འཕེལ་རྒྱས་ལ་མདུན་ལམ་ཆེན་པོ་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་དམ་པོར་དམིགས་ནས་དུས་བསྟུན་མདུན་སྐྱོད་དང་ལས་དོན་ཏན་ཏིག་བསྒྲུབས་ནས་དབུས་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
             ཞི་ཅིན་ཕིང་གིས་རང་རྒྱལ་འདི་ཉིད་སྔར་བཞིན་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་དུས་སྐབས་སུ་གནས་རུང་། འཕྲད་པའི་རྒྱལ་སྤྱིའི་དུས་བབ་ཉིན་བཞིན་སྣེ་མང་རྙོག་འཛིང་ཅན་དུ་འགྲོ་བཞིན་ཡོད། ང་ཚོས་རྒྱལ་སྤྱི་དང་རྒྱལ་ནང་གི་འགལ་རྐྱེན་སྣ་ཚོགས་ཀྱི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ནས། དཀའ་ངལ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཨང་གསར་བྱེད་དགོས། ང་ཚོས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་ཞིབ་འཇུག་བཀོད་སྒྲིག་ལ་སྤྱི་འདོམས་དང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཇུས་འགོད་བྱས་ནས་བྱ་སྤྱོད་སྤེལ་བ། གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་བཅས་བྱེད་པ་ནི་གལ་འགངས་ཆེ་ཤོས་རེད་ཅེས་གསུངས།
             ཞི་ཅིན་ཕིང་གིས་དབུས་རྒྱུད་ས་ཁུལ་དར་འཕེལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཐད་དགོངས་འཆར་8བཏོན་གནང་བ་སྟེ། གཅིག་ནས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རེས་སྐོར་གསར་པའི་ཚན་རྩལ་དང་ཐོན་ལས་གསར་བརྗེར་རང་འགུལ་ངང་མཉམ་འདྲེས་བྱེད་པ། གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ལག་རྩལ་ཁྱབ་ཁོངས་ཁག་ཏུ་བཀོལ་སྤྱོད་མགྱོགས་པོ་བྱས་ནས། བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་སྤུས་ཚད་གསར་སྒྱུར་དང་། ལས་ཆོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་འགག་རྩའི་ཁྱབ་ཁོངས་ཀྱི་རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱབ་སྐྱོར་སྲིད་ཇུས་གསར་གཏོད་བྱེད་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ། རང་བརྟེན་ཤེས་བྱའི་བདག་དབང་ཡོད་པའི་ལྟེ་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་མགྱོགས་པོ་བྱེད་པ། མ་རྩོམ་ལག་རྩལ་གསར་གཏོད་ལ་སྔར་བས་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། རྒྱལ་སྤྱིའི་ཆུ་ཚད་མཐོ་ཤོས་དང་ཡང་ཡང་བསྡུར་བ། བརྟན་པོ་དང་། དྲང་གཞག ཡོངས་བསྒྲགས་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པ་ནས། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ཆུང་དུ་གཏོང་དགོས། བཞི་ནས་གསར་དར་ཐོན་ལས་བཀོད་སྒྲིག་དང་གཞན་སྒྱུར་དང་ལེན་ཧུར་ཐག་བྱེད་པ་དང་། ཤར་རྒྱུད་མཚོ་རྒྱུད་དང་རྒྱལ་སྤྱིའི་འབྲེལ་ཡོད་ས་ཁུལ་དང་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁེ་ལས་ཁག་གཅིག་ཚུར་འགུག་དང་ལེན་བྱེད་དགོས། ལྔ་ནས་ཆུ་ཚད་མཐོ་བའི་སྒོ་དབྱེ་བྱེད་རྒྱུ་ཆེ་རུ་གཏོང་བ་དང་། གོ་སྐབས་དམ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་ཧུར་ཐག་ཞུགས་པ། ཐོན་ནུས་དང་སྒྲིག་ཆས་སྤུས་ལེགས་འཛམ་གླིང་གི་གར་སྟེགས་ཆེན་པོ་དང་རྒྱལ་སྤྱིའི་ཁྲོམ་ར་ཆེན་པོར་སྐྱོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤུས་རྟགས་དང་ལག་རྩལ་སྐད་གྲགས་ཆོད་པར་བྱེད་དགོས། དྲུག་ནས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་དང་། སྣོད་བཅུད་སྲུང་སྐྱོང་དང་སླར་གསོ། ཁོར་ཡུག་འཛུགས་སྐྲུན་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་བསྲི་ཚགས་དང་ལེགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་དབུས་རྒྱུད་འཛུགས་སྐྲུན་བྱེད་དགོས། བདུན་ནས་དམངས་འཚོ་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་པ། ལས་ཞུགས་ལས་གནས་སྔར་བས་མང་པོ་གཏོད་པ། དམངས་འཚོའི་ཞན་ཆ་མགྱོགས་མྱུར་གསབ་པ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྒྲིག་བྱེད་སྟངས་གསར་གཏོད་བཅས་བྱེད་དགོས། བརྒྱད་ནས་སྲིད་ཇུས་ཀྱི་བྱེད་ཐབས་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུས་རྒྱུད་ས་ཁུལ་དར་འཕེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་བྱེད་ཐབས་ཞིབ་འཇུག་བྱས་ནས་བཏོན་ཏེ་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས།
             ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་ནས་མི་འགྱངས་བར“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས”པའི་བརྗོད་དོན་གཙོ་བོའི་སློབ་གསོ་བཀོད་སྒྲིག་བྱེད་མཁན་ཡིན་པས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ཕན་འབྲས་ཐོན་པར་བྱེད་དགོས། འདི་ལོ་ནི་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ་ཡིན་པས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འདི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་ལས་བྱེད་པར་སྤྲོ་སེམས་སྔར་བས་ཆེན་པོས་དབུས་རྒྱུད་ས་ཁུལ་དར་འཕེལ་གཏོང་བའི་རླབས་ཆེན་བྱ་གཞག་ལ་ཞུགས་སུ་འཇུག་དགོས།
             ཚེས་22ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅང་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས། ཅང་ཤིས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་དང་། ཅང་ཤིས་ལྷོ་རྒྱུད་ཀྱི་ཀྲུང་དབྱང་སུའུ་ཝེ་ཨེད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འཕེལ་རིམ་གལ་ཆེན་ལ་ཁས་ལེན་གནང་བ་དང་སྦྲགས། ཅང་ཤིས་ལ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། བརྟན་པོ་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། གསར་བརྗེའི་ཁུལ་རྙིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་དཔེ་སྟོན་ཧུར་ཐག་བྱེད་པ་དང་དབུས་རྒྱུད་ས་ཁུལ་དར་འཕེལ་གཏོང་བར་སྔོན་ཐོན་བརྩོན་ལེན་ལ་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་ཅང་ཤིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་པའི་ཐུགས་རེ་ཡང་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།