ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་སྒྲིག་སྲོལ་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས།

སྤེལ་དུས 2019-05-13 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
ཟླ་ལྔ་བའི་ཚེས་དགུ་ཉིན། རོ་མཱ་ནི་ཡཱའི་ཞེ་པུས་ཝུའུ་ནས། ཚོགས་ཞུགས་ཁོངས་མི་དག་གིས་གྲོང་སྲིད་ཐིན་གྱི་སྒོ་མདུན་ཐང་ཆེན་ནས་མཉམ་དུ་དྲན་རྟེན་འདྲ་པར་བླངས། 
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཚེས་དགུའི་ཉིན་རོ་མཱ་ནི་ཡཱའི་ཞེ་པུས་ཝུའུ་ནས་དངོས་གཞི་མིན་པའི་མཐོ་རིམ་གྲོས་ཚོགས་སྟེང་དམ་བཅའ་ཆེན་པོ་བཅུའི་བསྒྲགས་གཏམ་སྤེལ་ཏེ། ཡོ་རོབ་གླིང་གཅིག་ལ་སྲུང་སྐྱོབ་བྱེད་པ་དང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས། 
           ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་བསྒྲགས་གཏམ་ལས་བསྟན་དོན། ང་ཚོས་རང་གི་འདུ་ཤེས་བསྐྱར་སྒྲོག་བྱས་ཏེ་མཐུན་སྒྲིལ་གཅིག་གྱུར་བྱས་ན་ད་གཟོད་ཟང་ཟིང་གཏན་འཇགས་མིན་པ་དང་འགྲན་རྩོད་ཀྱིས་ཁེངས་པའི་འཇིག་རྟེན་འདིར་སྔར་ལས་སྟོབས་ལྡན་དུ་འགྱུར་སྲིད་ཟེར། ཡོ་རོབ་གླིང་དེ་འགན་ཁུར་བའི་འཛམ་གླིང་ཡོངས་ཀྱི་སྣེ་ཁྲིད་པར་འགྱུར་སྲིད་པ་དང་། མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མཉམ་ལས་གྲོགས་པོ་དག་དང་མཉམ་དུ་སྒྲིག་སྲོལ་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། ཉོ་ཚོང་གི་གོ་སྐབས་གསར་བ་བེད་སྤྱོད་གང་ལེགས་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་མཉམ་དུ་ཐག་གཅོད་བྱེད་དགོས་ཟེར། 
           བསྒྲགས་གཏམ་ཁྲོད་ཀྱི་དམ་བཅའ་ལ་གཙོ་བོ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཡོ་རོབ་གླིང་གཅིག་ལ་སྲུང་སྐྱོབ་བྱེད་པ་དང་། དཀའ་ཁག་བྱུང་བའི་སྐབས་སུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ། འབོད་སྒྲ་གཅིག་མཐུན་ཡིན་པ། མཉམ་དུ་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པ། རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འཚོ་ཐབས་དང་ཆབ་སྲིད་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་སོགས་འདུས། 
           བསྒྲགས་གཏམ་ལས་ད་རུང་རྒྱལ་ཁབ་སོ་སོས་ཆེས་གལ་ཆེ་བའི་ས་ཁུལ་དུ་དངུལ་གཏོང་མང་དུ་བྱེད་པ་དང་། དྲང་བདེན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ན་གཞོན་པ་གསོ་སྐྱོང་བྱས་ཏེ་དུས་རབས་ཉེར་གཅིག་པའི་འགྲན་རྩོད་ལ་ཁ་གཏད་འཇལ་བ་སོགས་ཁས་ལེན་བྱས། 
           ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ནན་གྱིས་བསྟན་དོན། དམ་བཅའ་དེ་དག་གིས་ང་ཚོའི་མནའ་འབྲེལ་དེ་སྔར་ལས་སྟོབས་ལྡན་དང་མ་འོངས་པ་སྔར་ལས་འོད་སྟོང་ལྡན་པར་འགྱུར་བར་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་ཟེར། 
           ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པ་དག་ཚེས་དགུ་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་རོ་མཱ་ནི་ཡཱའི་དབུས་ཕྱོགས་ཀྱི་ཞེ་པུས་ཝུའུ་གྲོང་ཁྱེར་དུ་འཛོམས་ཏེ། ཚོགས་ཡུན་ཉིན་གཅིག་ཡིན་པའི་དངོས་གཞི་མིན་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་དང་། གཙོ་བོ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་བཞི་ལོའི་བར་གྱི་འཐབ་ཇུས་འཕེལ་རིམ་ལ་གྲོས་བསྡུར་བྱས།
རྩོམ་སྒྲིག་པ། སངས་སྐྱབས།