"དམིགས་བསལ"དམག་དཔོན་གསུམ་གྱིས་པདྨ་རྫོང་གི་དམར་དམག་རྒྱང་སྐྱོད་རྗེས་དྲན་རྡོ་རིང་ལེགས་འགྲུབ་བྱུང་བར་བཀྲག་མདངས་བསྣན།
སྤེལ་དུས 2019-09-06
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། མཁར་བྱམས་ཡག
རིམ་གྱིས་ཤུགས་རྐྱེན་ཐེབས་བཞིན་པའི་ཁྲོད་དུ་གསར་བརྗེའི་རིག་གནས་ཁྱབ་སྤེལ་བྱེད་པ་དང་དེ་ལ་སྲུང་སྐྱོབ་བྱེད་པ། བདག་གཉེར་ལེགས་པོ་བྱེད་ཆེད། ཟླ8པའི་ཚེས12ཉིན། པདྨ་རྫོང་གིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་སྟེ་ལོ་འཁོར་གྱ་གསུམ་འགོར་བ་དང་དམག་བཙུགས་ནས་ལོ་འཁོར་གོ་གཉིས་ལོན་པའི་དམར་དམག་རྒྱང་སྐྱོད་རྗེས་དྲན་རྡོ་རིང་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས། མཛད་སྒོའི་སྟེང་ལ་དམིགས་བསལ་དམག་དཔོན་གསུམ་གྱིས་པདྨའི་དམར་དམག་རྒྱང་སྐྱོད་རྗེས་དྲན་རྡོ་རིང་གི་ཡོལ་བ་ཕྱེ་བར་བཀྲག་མདངས་བསྣན།
དམག་དཔོན་ཀྲུའུ་ཧུ་ཕིང་།
(དམག་སྤྱི་ཀྲུའུ་ཏེ་ཡི་ཚ་བོ)
དམག་དཔོན་ཀྲུའུ་ཧུ་ཕིང་ཁོང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་དུ་དངོས་སུ་ཕེབས་ནས་པདྨ་རྫོང་གི་དམར་དམག་རྒྱང་སྐྱོད་རྗེས་དྲན་རྡོ་རིང་ལེགས་འགྲུབ་བྱུང་བའི་མཛད་སྒོའི་སྟེང་གསུང་བཤད་གནང་སྟེ།ཁོང་གིས་གསུང་རྒྱུར། དེ་རིང་པདྨ་རྫོང་གིས་གསར་བརྗེ་ཐང་ཆེན་དུ་བདག་གི་ཨ་མྱེས་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་ཁོང་གི་འཐབ་གྲོགས་ལིའུ་པོ་ཁྲེང་དང་ཧོ་ལུང་བཅས་ཀྱི་སྐུ་བརྙན་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས་པས། ང་ཚོར་གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ལ་སྟེགས་བུ་གསར་པ་ཞིག་མཁོ་འདོན་བྱས་ཡོད། བདག་གིས་འདི་ནས་པདྨ་རྫོང་གསར་བརྗེ་ཐང་ཆེན་དུ་རྒྱང་སྐྱོད་སྐུ་བརྙན་ལེགས་འགྲུབ་བྱུང་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་བ་དང་ཆབ་གཅིག་ཏུ་དེ་རིང་གི་མཛད་སྒོར་ཞུགས་པའི་སྐུ་མགྲོན་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམ་པ།དེ་མིན་རིམ་པ་ཁག་གི་དཔོན་དམག་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན།

དམར་དམག་རྒྱང་སྐྱོད་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་གནང་བའི་མི་དམངས་དམག་དཔུང་གིས་གསར་གཏོད་བྱས་པའི་དཔའ་བོའི་བྱ་སྤྱོད་རླབས་ཆེན་ཞིག་ཡིན་ལ་མིའི་རིགས་ཀྱི་དམག་འཁྲུག་ལོ་རྒྱུས་ཐོག་གི་ངོ་མཚར་ཆེ་བའི་བྱས་རྗེས་ཤིག་ཀྱང་རེད། པདྨ་ནི་མཚོ་སྔོན་ཞིང་ཆེན་གྱི་དམར་དམག་རྒྱང་སྐྱོད་བརྒྱུད་མྱོང་བའི་ས་ཆ་གཅིག་པུ་ཡིན་པའི་ཆ་ནས་དེ་ནི་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱི་གཟི་བརྗིད་ཅིག་རེད། 1936ལོར་དམར་དམག་གིས་གསར་བརྗེའི་ས་བོན་སྨར་ཁོག་ཆུ་བོའི་འགྲམ་རྒྱུད་དང་རི་ཁུལ་རྩྭ་ཐང་དང་འབྲོག་པའི་སྦྲ་གུར་སོགས་སུ་གཏོར་བ་ཡིན་ལ། དམར་དམག་སྙིང་སྟོབས་དང་གསར་བརྗེའི་རིག་གནས་ཀྱང་ཡུལ་འདིར་ཁྱེར་ཡོང་བ་རེད། དུས་དེ་ནས་བཟུང་། གསར་བརྗེའི་ལོ་རྒྱུས་ཀྱི་རྗེས་ཤུལ་དེ་དག་ས་གནས་དེ་གའི་མངོན་གསལ་དོད་པའི་སློབ་གསོའི་དཔྱད་གཞི་དང་བསམ་པའི་སྟོབས་ཤུགས་ཆེན་པོ་རུ་གྱུར་ཏེ། མི་རབས་ནས་མི་རབས་སུ་པདྨའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཤུགས་རྐྱེན་ཐེབས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཡིད་ལ་དམ་པོར་འཛིན་པ་དང་གསར་བརྗེའི་ཀུན་སྤྱོད་རྒྱུན་འཛིན་བྱེད་བཞིན་ཡོད།
དམག་དཔོན་ལིའུ་མེང་།
(དམག་སྤྱི་ལིའུ་པོ་ཁྲེང་གི་བུ)
དམག་དཔོན་ལིའུ་མེང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་དུ་པདྨ་རྫོང་གི་རྒྱང་སྐྱོད་དྲན་གསོའི་རྡོ་རིང་ལེགས་འགྲུབ་བྱུང་བ་ཤེས་རྟོགས་བྱུང་རྗེས། ཆེད་དུ"མཉམ་དུ་རྒྱང་སྐྱོད་མཐུན་སྒྲིལ་རོལ་དབྱངས་དཀྲོལ་ཏེ། རྒྱ་བོད་གཉིས་ཀྱིས་འཕེལ་རྒྱས་ཀྱི་གྲུ་གཟིངས་གཏོང་།”ཞེས་པའི་ཤིས་ཚིག་སྐུར་ཡོང་བ་རེད།
དམག་དཔོན་ཧུ་ཅེ་ཧྲེང།
(དམག་སྤྱི་ཧུ་ལུང་གི་བུ་མོ)
པདྨ་རྫོང་གི་དམར་དམག་རྒྱང་སྐྱོད་རྗེས་དྲན་རྡོ་རིང་ལེགས་འགྲུབ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཨུའི་རྒྱུན་ཨུ།པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་པེ་ཅིང་དུ་སློབ་སྦྱོང་བྱེད་བཞིན་པའི་པདྨ་རྫོང་ཨུའི་རྒྱུན་ཨུ་དྲིལ་སྒྲོག་པུའུ་པུའུ་ཀྲང་ལུའོ་ཡོན་པང་ཆེད་དུ་དམག་དཔོན་ཧུ་ཅེ་ཧྲེང་གི་སྐུ་མདུན་དུ་འཚམས་འདྲིར་མངག
པུའུ་ཀྲང་ལུའོ་ཡོན་པང་གིས་དམག་དཔོན་ཧུ་ཅེ་ཧྲིན་ལ་ཉེ་བའི་ལོ་ཤས་རིང་པདྨ་རྫོང་གི་དམར་དམག་ལུང་བའི་སྒོ་འབྱེད་དང་དར་སྤེལ་བཏང་བའི་གནས་ཚུལ། མཚོ་སྔོན་དམར་དམག་རྒྱང་སྐྱོད་རྗེས་དྲན་རྡོ་རིང་ལེགས་འགྲུབ་བྱུང་བའི་གནས་ཚུལ་བཅས་ཞིབ་ཅིང་ཕྲ་བའི་སྒོ་ནས་སྙན་ཞུ་ཞུས།
དམག་དཔོན་ཧུ་ཅེ་ཧྲེང་གིས་པུའུ་ཀྲང་ལུའོ་ཡོན་པང་གི་སྙན་ཞུ་བྱས་པར་གསན་རྗེས་ཧ་ཅང་དགའ་སྤྲོ་ཆེན་པོ་བྱུང་སྟེ། ཁོ་མོས་གསུང་རྒྱུར། བདག་གི་ཨ་ཕས་བཤད་ན་དམར་དམག་རྒྱང་སྐྱོད་པདྨར་བརྒྱུད་སྐབས་ང་ད་དུང་སྒྲིལ་གཟན་དུ་ཡོད་ཟེར། ལོ་རབས་བརྒྱད་ཅུའི་ནང་ང་རང་པདྨར་འགྲོ་མྱོང་ལ།དེ་ནི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་པའི་ས་ཆ་ཞིག་རེད། ཁྱེད་ཚོས་རྒྱང་སྐྱོད་རྗེས་དྲན་གྱི་ཆེད་དུ་སྒྲུབ་པའི་ལས་དོན་དང་བོད་རིགས་སྤུན་ཟླས་གསར་བརྗེར་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། པདྨ་མི་དམངས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་ཡིན།
མཇུག་མཐར། དམག་དཔོན་ཆེན་མོ་ཧོ་ཅེ་ཧྲེང་གིས<<ཡབ་ཆེན་གྱི་གངས་རི་དང་ཡུམ་ཆེན་གྱི་རྩྭ་ཐང>>ཞེས་པའི་དཔེ་ཆའི་སྟེང་ཁོ་མའི་མཚན་བཀོད་དེ་ཧྲུའུ་ཅི་ཤ་བོ་སྐྱབས་ལ་བསྐུར་བ་མ་ཟད། པུའུ་ཀྲང་ལུའོ་ཡོན་པང་ལ་དངོས་སུ་བརྒྱུད་སྤྲོད་བྱེད་དགོས་པའི་བཀའ་མངག་གནང་བ་རེད།