ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

“སྨྱན་བྱད་མཉམ་བསྲེས་ཀྱི་འཕེལ་རྒྱས་ལ་ཤུགས་བསྣན་ནས། རྣམ་པ་གསར་བའི་གཙོ་རྒྱུགས་སྨྱན་བྱད་འཛུགས་དགོས།”ཞེས་པའི་མཉམ་བསྲེས་སྨྱན་བྱད་ཀྱི་འཕེལ་རྒྱས་གླེང་སྟེགས་ཟི་ལིང་དུ་འཚོགས།

སྤེལ་དུས 2019-09-09 ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། རྩོམ་པ་པོ།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས6ཉིན།   མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་གཙོ་སྒྲུབ་གནང་ཞིང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འགན་སྒྲུབ་གནང་བའི“སྨྱན་བྱད་མཉམ་བསྲེས་ཀྱི་འཕེལ་རྒྱས་ལ་ཤུགས་བསྣན་ནས།   རྣམ་པ་གསར་བའི་གཙོ་རྒྱུགས་སྨྱན་བྱད་འཛུགས་དགོས། ”ཞེས་པའི་མཉམ་བསྲེས་སྨྱན་བྱད་ཀྱི་འཕེལ་རྒྱས་གླེང་སྟེགས་ཟི་ལིང་གྲོང་ཁྱེར་རུ་འཚོགས།   ཀྲུང་དབྱང་གི་སྨྱན་བྱད་དང་ཞིང་ཆེན་རིམ་པའི་སྨྱན་བྱད། མཐོ་རིམ་སློབ་གྲྭ་ཁག་གཅིག་གི་འགོ་ཁྲིད་དང་ཆེད་མཁས་པ།   དེ་མིན་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་བཅས་གླེང་སྟེགས་སྟེང་ཞུགས་ཏེ།   གཞུང་ལུགས་ཞིབ་འཇུག་ནས་ལག་ལེན་བེད་སྤྱོད་དང་། སྨྱན་བྱད་མཉམ་བསྲེས་ནས་སྨྱན་བྱད་འཕེལ་རྒྱས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་དཔྱད་བསྡུར་བྱས།  
            གླེང་སྟེགས་སྟེང་།   མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་། པེ་ཅིང་ཉིན་རེའི་ཚགས་པར་སྡེ་ཚོགས།   ཐེན་ཅིན་ཧེ་ཧི་སྨྱན་བྱད་རྒྱུད་སྤེལ་ལྟེ་གནས། ཀྲེ་ཅིང་ཉིང་རེའི་ཚགས་པར་སྡེ་ཚོགས།   ཞིན་ཧྭ་ཚགས་པར་སྨྱན་བྱད་རྒྱུད་སྤེལ་སྡེ་ཚོགས། ཏ་ཀྲུང་ཚགས་པར་སྡེ་ཚོགས།   ཀའེ་ཀྲིག་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས་འཐུས་ཚབ་པས་གཏམ་བཤད་སྤེལ།   ཀྲེ་ཅིང་ཞིང་ཆེན་ཁྲང་ཞིན་རྫོང་དང་ཅང་ཞི་ཞིང་ཆེན་ཧྥིན་དབྱི་རྫོང་། སི་ཁྲོན་ཞིང་ཆེན་རིན་ཧྲུག་རྫོང་བཅས་ཀྱིས་རྫོང་རིམ་པའི་མཉམ་བསྲེས་སྨྱན་བྱད་ལྟེ་གནས་འཛུགས་སྐྲུན་ཐད་ལ་ཉམས་མྱོང་བརྗེ་རེས་དང་དཔྱད་བསྡུར་གཏིང་ཟབ་བྱས་པ་མ་ཟད་།   མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་པེ་ཅིང་ཉིན་རེའི་ཚགས་པར་སྡེ་ཚོགས་དང་། ཐེན་ཅིན་ཧེ་ཧི་སྨྱན་བྱད་རྒྱུད་སྤེལ་ལྟེ་གནས།   ཞིན་ཧྭ་ཚགས་པར་སྨྱན་བྱད་རྒྱུད་སྤེལ་སྡེ་ཚོགས། ཏ་ཀྲུང་ཚགས་པར་སྡེ་ཚོགས་བཅས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་བཞིན་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚགས་པར་ཁང་རྣམས་ལ་སྒྲོམ་གཞི་ནང་ཚུད་ཀྱི་གྲོས་མཐུན་གན་རྒྱ་བཞག
            ཕྱི་དྲོར།   ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་དཔོན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན།   མི་དམངས་སློབ་ཆེན་སྨྱན་བྱད་མཉམ་བསྲེས་དངོས་བཤེར་ཁང་གི་སྤྱིའི་འགན་འཛིན་པ་སུང་ཅན་ཝུའུ་ལགས་གདན་དྲངས་ནས《5Gདུས་སྐབས་ཀྱི་སྨྱན་བྱད་མཉམ་བསྲེས་ཀྱི་གོ་སྐབས་གསར་བ》ཅེས་པའི་འཆད་ཁྲིད་གནང་།   འཆད་ཁྲིད་ལས་སྨྱན་བྱད་མཉམ་བསྲེས་ཀྱི་ངོ་བོ་དང་འགུལ་ནུས་གསལ་འགྲེལ་བྱས་ཤིང་། 5G ལག་རྩལ་ཀྱི་ཁྱད་ཆོས་གཞི་བཟུང་ནས་ཇི་ལྟར་གཞི་གྲངས་འཚོལ་བསྡུ་དང་ཆ་འཕྲིན་སྒྲོག་སྤེལ་བྱེད་པ་དང་།   5G དུས་སྐབས་སུ་ཇི་ལྟར་སྨྱན་བྱད་མཉམ་བསྲེས་ཀྱི་གོ་སྐབས་དམ་འཛིན་དང་ཐབས་ལམ་འཚོལ་ཞིབ་བྱ་དགོས་པ་བཅས་ཕྱོགས་མང་པོ་ནས་ཞིབ་བརྗོད་བྱས་པས།   ཚོགས་ཞུགས་མི་སྣ་རྣམས་ལ་བློ་སྐྱེད་མི་དམན་པ་བྱུང་། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར། )
རྩོམ་སྒྲིག་པ། སངས་སྐྱབས།