ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པར་བརྟེན་ནས་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐུལ་བྱེད་པའི་བཞུགས་མོལ་ཚོགས་འདུ་མཚོ་ནུབ་ཁུལ་དུ་བསྡུས།

སྤེལ་དུས 2019-09-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་ཚེ།

        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་དྲུག་ཉིན། ཞིང་ཆེན་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པར་བརྟེན་ནས་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐུལ་བྱེད་པའི་བཞུགས་མོལ་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་刘宁ཚོགས་འདུར་ཞུགས་ནས་གཏམ་བཤད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། སེམས་ཞིབ་མོས་འཆར་འགོད་འཐེན་པ། བྱེད་ཕྱོགས་སྟོབས་ལྡན་དུ་བསྒྱུར་བ་བཅས་ལ་འབད་ནས། ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པར་བརྟེན་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་དགོས་ཤིང་། བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་སྐུལ་འདེད་བྱེད་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱས་མཐར། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས།

        ལིག་ཉིང་གིས་ཁུལ་དྲུག་གིས་རང་རྟོགས་སྒོས་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པ་འཕེལ་རྒྱས་སུ་བཏང་བར་ཁས་ལེན་ཡང་དག་བྱས་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཐོང་ཆེན་ཚད་མཐོན་པོ་གནང་བར་བཀའ་དྲིན་ཞུས། ཁོས་བསྟན་དོན། དུས་རབས་གསར་པར་ཞུགས་པ་ནས་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པ་ནི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། དབུལ་ཐར་མངོན་འགྱུར་བྱུང་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་བསྐྱར་དར་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་བླང་བྱ་གསར་པར་ཁ་གཏད་གཞལ་བ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ཁ་གཏད་གཞལ་བ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འོས་འགན་གསར་པར་ཁ་གཏད་གཞལ་བ། ས་གཤིས་ས་ཁམས་དང་རང་བྱུང་ཆ་རྐྱེན་གྱི་རང་བྱུང་ཚོད་འཛིན་ལ་ཁ་གཏད་གཞལ་བ་བཅས་ཀྱི་ངོས་ཐད་ནས་བཤད་ན། ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པ་ནི་མཚོ་སྔོན་གྱི་ཁུལ་སོ་སོའི་བར་གྱི་ནུས་ཁུངས་ཁ་གསབ་དང་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བ་ལ་ཅིས་ཀྱང་འཚམ་པའི་བགྲོད་ལམ་མ་ནོར་བ་ཞིག་ཡིན་ཞེས་བསྟན།  
        ཧྲིན་ཀྲང་གཞོན་པ་བང་ལིས་མུན་གྱིས་གྲོས་ཚོགས་ལ་འགོ་འཛིན་མཛད། ཁུལ་ཨུའི་ཧྲུའུ་ཅིའམ་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བིན་གོ་ཏུང་གིས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཚྭ་འདམ་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མིན་ཧའེ་དང་། དེ་མིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་མཚོ་ནུབ། མཚོ་ལྷོ། ཡུལ་ཤུལ། མགོ་ལོག རྨ་ལྷོ་བཅས་ཁུལ་དྲུག་གི་སྲིད་གཞུང་གི་འགན་ཁུར་མི་སྣ་ཐེངས་འདིའི་ཚོགས་འདུར་ཞུགས་ལ། ཁུལ་དྲུག་གི་སྲིད་གཞུང་དང་ཞིང་ཆེན་གྱི་རོགས་སྐྱོར་མཉམ་ལས་གཞུང་སྒྲུབ་ཁང་། ཞིང་ཆེན་རྩ་འཛུགས་པུའུ་ཡི་འགན་ཁུར་བས་གྲོས་ཚོགས་སྟེང་གཏམ་བཤད་གནང་། མཚོ་ནུབ་ཁུལ་སྲིད་གཞུང་། ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁུལ་སོ་སོའི་སྲིད་གཞུང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་བར ༼  ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པར་བརྟེན་ནས་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐུལ་བྱེད་པའི་ཐབས་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་  ༽ གྲོས་མཐུན་ཡི་གེའི་སྟེང་མིང་རྟགས་བཀོད།
        གྲོས་ཚོགས་ཀྱི་སྐབས་སུ་ཚོགས་ཞུགས་མི་སྣ་རྣམས་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་འགྲེམས་སྟོན་ཁུལ་དང་། གཏེར་ལེན་ཁ་བཟོ་ལས་གླིང་ཁུལ་གྱི་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་ཐོན་ལས་གླིང་སོགས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས།