ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཀྲུང་གོའི་གནམ་དཔྱད་རིག་པའི་སློབ་ཚོགས་2019ལོའི་རིག་གཞུང་ལོ་ཚོགས་མཚོ་ནུབ་ཁུལ་དུ་བསྡུས།

སྤེལ་དུས 2019-09-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་ཚེ།
        ཀྲུང་གོའི་བོད་ལྗོངས་དྲ་བ་འཕྲིན། ཉེ་ཆར། ཀྲུང་གོའི་གནམ་དཔྱད་རིག་པའི་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་ནུབ་ཁུལ་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས། ཀྲུང་གོའི་ཚན་རིག་གླིང་ཙི་ཅིན་ཧྲན་གནམ་དཔྱད་ཁང་གིས་འགན་སྒྲུབ་བྱས་པའི་ཀྲུང་གོའི་གནམ་དཔྱད་རིག་པའི་སློབ་ཚོགས་2019ལོའི་རིག་གཞུང་ལོ་ཚོགས་གཏེར་ལེན་ཁ་རུ་བསྡུས། རྒྱལ་ཡོངས་ས་གནས་སོ་སོའི་གནམ་དཔྱད་ཚན་ཞིབ་ལས་ཁུངས་ཀྱི་ཆེད་མཁས་པ་རྣམས་མཚོ་ནུབ་ཏུ་ལྷན་འཛོམས་བྱུང་ནས། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གསར་བར་བགྲོ་གླེང་བྱས་ཤིང་། རང་རྒྱལ་གྱི་གནམ་དཔྱད་རིག་པའི་འཚོལ་ཞིབ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་ནས་བགྲོ་གླེང་བྱས།

        རྒྱལ་ཁབ་རང་བྱུང་ཚན་རིག་མ་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་གྲངས་རིག་པ་སྡེ་ཁག་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཏུང་གོ་ཞོན་ཚོགས་འདུར་ཞུགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མིན་ཧྭེ་ཡིས་ཤིས་ཚིག་ཕུལ། ཀྲུང་གོའི་གནམ་དཔྱད་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲིག་ཅིས་ལིན་གྱིས་འགོ་རྩོམ་མཛད་སྒོར་མདོ་འཛིན་བྱས།
        འགོ་རྩོམ་མཛད་སྒོའི་སྟེང་། ཀྲུང་གོའི་ཚན་རིག་གླིང་ཙི་ཅིན་ཧྲན་གནམ་དཔྱད་ཁང་གི་ཞིབ་འཇུག་པ་ཀའོ་ཅན་ཧྭ་དང་ནན་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཞའེ་ཅིས་བའེ་གཉིས་ལ་ཀྲུང་གོའི་གནམ་དཔྱད་སློབ་ཚོགས་སྐབས་བདུན་པའི་གཟེངས་རྟགས་བྱ་དགའ་ཐོབ་ཅིང་། ཡུན་ནན་གནམ་དཔྱད་ཁང་གི་ཞིབ་འཇུག་པ་ལིས་ཡན་ལ་ཀྲུང་གོའི་གནམ་དཔྱད་སློབ་ཚོགས་སྐབས་བདུན་པའི་སྐར་མའི་གོ་ལའི་རྨང་གཞི་ཞིབ་འཇུག་གི་གཟེངས་རྟགས་བྱ་དགའ་ཐོབ།
        མིན་ཧྭེ་ཡིས་ཤིས་ཚིག་ཁྲོད་མཚོ་ནུབ་ཁུལ་ནི་ཐེངས་འདིའི་གནམ་དཔྱད་ལོ་ཚོགས་ཀྱི་གཙོ་འགན་པ་དང་གནམ་དཔྱད་ལོ་ཚོགས་བསྡུས་པའི་ས་ཆ་ཡིན་པའི་ཆ་ནས། གནམ་དཔྱད་རིག་པ་ལ་འབྲེལ་ལམ་བྲལ་ཐབས་མེད་པ་རེད། ཉེ་བའི་ལོ་འགའི་ཚུན་ལ། མཚོ་ནུབ་ཁུལ་གྱིས་ཁྱད་འཕགས་ཀྱི་ས་བབ་དང་ཁྱད་འཕགས་ཀྱི་སྐར་ཚོགས་ལ་བརྟག་པར་འོས་པའི་རང་བྱུང་ཐོན་ཁུངས་ཀྱི་གནས་བབ་ལེགས་པོ་ལ་བརྟེན་ནས། གནམ་དཔྱད་རིག་པ་བ་དང་ཚན་ཞིབ་ལས་ཁུངས་མང་པོ་གནས་འདིར་ཐོན་ཞིང་། ཀྲུང་གོའི་ཚན་རིག་གླིང་ཙི་ཅིན་ཧྲན་གནམ་དཔྱད་ཁང་དང་། གཏེར་ལེན་ཁ་གནམ་དཔྱད་ཁྱབ་གདལ་ཁང་། ཚྭ་འདམ་ཆེ་བ་ས་ཁུལ་གྱི་སྐར་མ་མིག་དམར་སྒར་ས། ལིན་ཧུའུ་ས་ཁུལ་གྱི་གློག་འོད་རིབ་མ་དང་སྨུག་ཕྱིའི་འོད་ཀྱི་ཚད་ལེན་མ་ལག་སོགས་རྒྱང་ཤེལ་ལས་གཞི་རྣམ་གྲངས་དངོས་འབེབས་བྱུང་ཡོད་ལ། ཡུས་ཁི་འཇིག་རྟེན་འཕུར་གྲུ་རང་བདག་གསར་སྤེལ་ཀུང་ཟིས་ཐོག་མར་ཕྱིར་སྡུད་མེ་ཤུགས་འཕུར་མདའ་ཚོད་ལྟ་ལིན་ཧུའུ་རུ་ལེགས་འགྲུབ་བྱུང་བ་བཅས་ཀྱིས་མཚོ་ནུབ་ཀྱི་གནམ་དཔྱད་ཚན་རྩལ་འཐབ་ཇུས་ལ་སྔར་ལས་སྐུལ་འདེད་བྱས་ནས། ཁུལ་ཡོངས་ཀྱི་ཚན་རྩལ་གསར་སྤེལ་བྱ་བར་སྐུལ་ཁྲིད་བྱས་ཤིང་། གནམ་དཔྱད་ཚན་རྩལ་ཁྱབ་གདལ་དང་ས་གཤིས་གནས་སྐོར་སོགས་ཁྱད་ལྡན་ཐོན་ལས་གསོ་སྤེལ་འཕེལ་རྒྱས་སུ་བཏང་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་འགྱུར་ལ་གོ་སྐབས་ཆེན་པོ་བསྐྲུན་དགོས་པ་བསྟན།

        ཐེངས་འདིའི་རིག་གཞུང་ལོ་ཚོགས་ཀྱིས་ཁྱབ་ཁོངས་གཙོ་བོ་དང་གནམ་དཔྱད་རིག་པའི་རིག་གཞུང་བརྗེ་རེས་ལ་སྐུལ་འདེད་དང་ཚན་རྩལ་གསར་སྤེལ་ལ་སྐུལ་འདེད་བྱེད་པ་གྲོས་གཞི་རུ་བཟུང་ནས། ནུབ་རྒྱུད་ས་ཁུལ་གྱི་གནམ་དཔྱད་ཚན་རྩལ་ཁྱབ་གདལ་ཁྱད་འཕགས་ཅན་བཞེངས་སྐྲུན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཚོ་ནུབ་ཀྱི་དཔལ་འབྱོར་འཕེལ་འགྱུར་ཐད་བྱས་རྗེས་འཇོག་པར་འབོད་སྐུལ་བྱས། དུས་ཡུན་ཉིན་གསུམ་རིང་གི་གྲོས་ཚོགས་ལས་གནམ་དཔྱད་རིག་པའི་ཡན་ལག་ཚན་ཞིབ་ཁྱབ་ཁོངས་ཀྱི་ཞིབ་འཇུག་གཙོར་བཟུང་ནས། ཚན་རིག་ཁྱབ་གདལ་གྱི་ཆེད་ཞུའི་སྙན་ཞུ་དང་ཆེད་དོན་འཆད་ཁྲིད་བྱས་པ་ལས་གཞན་ད་དུང་ཡན་ལག་ཚོགས་ར་རུ་སྙན་ཞུ་འབུལ་བའི་རྣམ་པ་བརྒྱུད་དེ་བགྲོ་གླེང་བྱས།

        ཀྲུང་གོའི་གནམ་དཔྱད་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲིག་ཅིས་ལིན་གྱིས་བཤད་རྒྱུར། ཐེངས་འདིའི་ཀྲུང་གོའི་གནམ་དཔྱད་རིག་པའི་སློབ་ཚོགས་2019ལོའི་རིག་གཞུང་ལོ་ཚོགས་འདི་མཛེས་སྡུག་གི་གཏེར་ལེན་ཁ་རུ་བསྡུས་པར་ང་ཚོར་མཚོ་སྔོན་དང་ལྷག་པར་དུ་མཚོ་ནུབ་ཁུལ་སྲིད་གཞུང་གིས་རྒྱབ་སྐྱོར་བླ་མེད་ཐོབ་ཡོད། འདི་ཡང་དེ་སྔོན་མཚོ་ནུབ་ཁུལ་ལ་ཙི་ཅིན་ཧྲན་གནམ་དཔྱད་ཁང་དུ་ཚད་ལེན་ས་ཚུགས་སྒྲིག་འཛུགས་མངགས་བཅོལ་བྱས་ཡོད་པ་ལྟར། ད་ལྟ་ལིན་ཧུའུ་རུ་ས་ཚུགས་བཙུགས་ཡོད་པ་རེད། འདི་ནི་ཀྲུང་གོའི་གནམ་དཔྱད་རིག་པར་མཚོན་ན་དགའ་འོས་པའི་དོན་དག་ཅིག་ཡིན་ལ། ང་ཚོའི་གནམ་དཔྱད་ལས་རིགས་ཀྱི་ཟུར་ཚད་ནས་བལྟས་ནའང་འདི་འདྲའི་ཐབས་ཇུས་ནི་དམངས་ཡོངས་ཀྱིས་གནམ་དཔྱད་ཀྱི་བྱེད་ལས་བསྒྲུབ་པའི་དམངས་ཕན་ལས་དོན་དངོས་འབེབས་བྱས་པ་ཞིག་ཡིན་ཕྱིར། ང་ཚོས་ཕྱོགས་ཡོངས་ནས་དམངས་ཡོངས་གནམ་དཔྱད་ལ་བརྩོན་པའི་གོ་རྟོགས་མཐོ་རུ་བཏང་ན། དུས་མཚུངས་སུ་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཀྱང་མཐོ་རུ་འགྲོ་ངེས་ཟེར།