ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་དགོངས་པའི་སློབ་སྦྱོང་རྩ་གནད་དམག་དཔུང་ཡོངས་ལ་བཀྲམ།

སྤེལ་དུས 2019-05-22 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམག་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་དགོངས་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲོད་ཀྱི་མཛུབ་སྟོན་གོ་གནས་བརྟན་པོར་ཆགས་པར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྟོབས་ལྡན་དམག་དཔུང་བགྲོད་ལམ་དུ་བསྐྱོད་པ་དང་དུས་རབས་གསར་བའི་སྟོབས་ལྡན་དམག་དཔུང་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་ཡིས་རྩ་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་དགོངས་པའི་སློབ་སྦྱོང་རྩ་གནད་འགྲེམ་སྤེལ་བྱས་ནས་མིག་སྔར་དམག་དཔུང་ཡོངས་ལ་བཀྲམ།
           ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་བརྡ་ཐོ་བཏང་སྟེ། དམག་ཡོངས་ཀྱིས་རྩ་འཛུགས་བྱས་ཏེ་རྩ་གནད་སློབ་སྦྱོང་དང་བཀོལ་སྤྱོད་བཟང་བོ་བྱེད་དགོས། རྩ་གནད་སློབ་སྦྱོང་བྱེད་པ་དེ་ཏང་ཨུའི་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་དང་ལས་བྱེད་པའི་རིགས་གཞུང་སློབ་སྦྱོང་། དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་གྲྭ་ཆེན་མོའི་ཆབ་སྲིད་རིགས་གཞུང་བསླབ་ཚན་དུ་བཀོད་སྒྲིག་བྱས་ནས་སློབ་ཁྲིད་བྱེད་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་སྟོབས་ལྡན་དམག་དཔུང་གི་འགན་འཁྲི་ཁག་ཁུར་བྱེད་པ་བརྗོད་དོན་ཡིན་པའི་སློབ་གསོའི་ནང་དོན་དུ་བཞག་ནས། དཔོན་དམག་གིས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བར་སྣེ་ཁྲིད་བྱེད་དགོས་པའི་རེ་བ་བཏོན།
རྩོམ་སྒྲིག་པ། སངས་སྐྱབས།