ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ནི་ཀྲེར་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ།

སྤེལ་དུས 2019-05-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བསྟན་འཛིན་འཇམ་དཔལ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༨ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཧྥུའུ་དང་མཇལ་མོལ་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས། ཀྲུང་གོ་དང་ནི་ཀྲེར་ནི་གྲོགས་པོ་ཡག་པོ་དང་། རོགས་པ་ཡག་པོ། སྤུན་གྲོགས་བཟང་པོ་བཅས་ཡིན་ཞེས་གསུངས་པ་དང་།
            ཞི་ཅིན་ཕིང་གིས། ཁྱེད་དང་སླར་ཡང་མཇལ་འཕྲད་བྱུང་བས་ཧ་ཅང་དགའ་པོ་བྱུང་། ཁྱེད་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ནི་ཀྲེར་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་བྱ་གཞག་ཆེད་འབད་བརྩོན་ལྷོད་མེད་གནང་དང་གནང་མུས་ཡིན་པས། ངོས་ནས་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ཙུང་ཐུང་སྐུ་ཞབས་ཀྱིས་ལས་འགན་བཞེས་ཚུན། ཀྲུང་གོ་དང་ནི་ཀྲེར་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གཡུར་ཟའི་འབྲས་བཟང་སྨིན་ཡོད། ཀྲུང་གོས་ནི་ཀྲེར་དང་ལྷན་དུ་འབད་བརྩོན་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་རྒྱ་བསྐྱེད་གཏོང་བ་བརྒྱུད། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོ་དང་ནི་ཀྲེར་རྒྱལ་ཁབ་གཉིས་པོས་ཕན་ཚུན་དབར་གྱི་སྲོག་ཤིང་ཁེ་ཕན་དང་ཆེས་དོ་ཁུར་བྱེད་པའི་གནད་དོན་ཐད་མུ་མཐུད་ནས་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱ་དགོས་པ་དང་། རྒྱལ་སྐྱོང་སྲིན་འཛིན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ཧུར་ཐག་བྱེད་དགོས། ཀྲུང་གོ་དང་ནི་ཀྲེར་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་འགོ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ། ནུས་རྒྱུ། ཞིང་ལས་བཅས་ཁྱབ་ཁོངས་ཁག་གི་མཉམ་ལས་རྣམ་གྲངས་གལ་ཆེན་དོན་འཁྱོལ་ཡག་པོ་བྱ་དགོས། ནི་ཀྲེར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་། ས་ཁུལ་གྱི་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་ཆེད་འབད་བརྩོན་ལྷོད་མེད་གནང་བར་ཀྲུང་གོས་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་ཧེ་ལེ་རྒྱལ་ཁབ་ལྔ་ཚོགས་པའི་མཉམ་འབྲེལ་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་རྒྱབ་སྐྱོར་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་གནད་དོན་གལ་ཆེ་རིགས་ཐད་སྐད་ཆ་ཤོད་རེས་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ནི་ཀྲེར་ཕྱོགས་ལ་ཀྲུང་གོས་སྨན་བཅོས་སོགས་དམངས་འཚོའི་རོགས་རམ་བྱ་འདོད་ཡོད་པ་དང་། ནི་ཀྲེར་ཕྱོགས་དབར་རིག་གནས་དང་། གཞོན་ནུ། བུད་མེད། རིག་མཛོད་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་རྒྱ་བསྐྱེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་དབར་རྒྱུས་མངའ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གསུངས་གནང་ཡོད།
            ཞི་ཅིན་ཕིང་གིས། རྒྱལ་ཁབ་ཁག་ནས་རང་ཉིད་ཀྱི་རྒྱལ་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་པའི་རྒྱང་རིང་དམིགས་འབེན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ན། ང་ཚོ་ལེགས་གྲུབ་ཡོང་ངེས་རེད་ཅེས་ནན་གསུངས་གནང་ཡོད།
            དབྱི་སུའུ་ཧྥུའུ་ཡིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཀྲུང་གོའི་མི་དམངས་རྣམས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་གཡུར་བཟའི་གྲུབ་འབྲས་ཐོབ་པར་བཀྲ་ཤིས་ལེགས་ཞུ་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོའི་ཁོག་ཡངས་རང་བཞིན་གྱི་དཔལ་འབྱོར་འཕར་སྣོན་ལ་བརྟེན་ནས་མི་འབོར་འབོར་ཆེན་དབུལ་སྒྲོལ་ཐུབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ཁྲོད་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་གནང་བ་དང་། དུས་ཡུན་རིང་པོའི་ནང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་འབད་བརྩོན་ལྷོད་མེད་གནང་བར་ནི་ཀྲེར་གྱིས་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་དམིགས་འབེན་ལ་ནི་ཀྲེར་གྱིས་རྒྱབ་སྐྱོར་ཞུ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་ཐོག་ནས་མཉམ་རྒྱལ་ནི་སྟོང་པ་ཞིག་མིན་པའི་འདུ་ཤེས་མངོན་པ་དང་། འཛམ་གླིང་ཡོངས་ལ་ཕན་པ་བསྐྲུན་བཞིན་ཡོད། ཀྲུང་གོས་བཅོས་མིན་དང་ལྷག་བསམ་དག་པའི་འདུ་ཤེས་ཐོག་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནས་བསྔགས་བརྗོད་ཞུ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནས་བཏོན་གནང་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་བྱ་སྤྱོད་ཆེན་པོ་བརྒྱད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་ཀྱི་བྱ་གཞག་དང་དེང་རབས་ཅན་གྱི་འཕེལ་རིམ་ནང་ཀྲུང་གོའི་དབར་གྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པ་དང་། ནི་ཀྲེར་གྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ནང་ཧུར་ཐག་ཞུགས་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
            མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་ཐུན་མོང་ཐོག་འབྲེལ་ཡོད་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་མཛད་ཡོད་པ་རེད།
            མཇལ་མོལ་མ་གནང་གོང་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་དབྱི་སུའུ་ཧྥུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་གནང་བ་དང་། ཕེང་ལི་ཡོན་དང་། ཡང་ཅེ་ཁྲེ། ཚའོ་ཅན་མིང་། ཝང་དབྱི། ཧོ་ལི་ཧྥེང་། ལིའུ་ཤིན་ཁྲེང་སོགས་ལྷན་ཞུགས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།