ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཧྲེང་པི་ཏེ་པའོ་རུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་སླར་ཡང་མཇལ་འཛོམས་གནང་བ།

སྤེལ་དུས 2019-06-10 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེང་པི་ཏེ་པའོ་རུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་སླར་ཡང་མཇལ་འཛོམས་གནང་བ་རེད།
           ཕུའུ་ཅིང་གིས་ཞི་ཅིན་ཕིང་གདན་དྲངས་ནས་མཉམ་དུ་གྲུ་གཟིངས་ལ་ཞུགས་ཏེ་ཉེ་ཝ་གཙང་པོར་གཟིགས་སྐོར་གནང་བ་རེད། ཕུའུ་ཅིང་གིས་ཞི་ཅིན་ཕིང་སླར་ཡང་ཁོང་གི་ཕ་ཡུལ་ལ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། ཞི་ཅིན་ཕིང་ལ་ཧྲེང་པི་ཏེ་པའོ་ཡི་ཡུལ་སྲོལ་གོམས་གཤིས་དང་གཙང་འགྲམ་གྱི་ཁང་པ་ངོ་སྤྲོད་གནང་བ་རེད། ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་གི་ཕ་ཡུལ་ཧྲེང་པི་ཏེ་པའོ་ལ་འཚམས་འདྲི་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཡུལ་འདིའི་མཛེས་ལྗོངས་ཡིད་དུ་འོང་ཞིང་རིག་གནས་སྒྱུ་རྩལ་གྱི་རྣམ་པས་ཁེངས་འདུག ཤེས་དཔལ་གྱིས་ཕྱུག་པའི་ས་ཆ་འདིར་དེ་སྔ་ལོ་རྒྱུས་ཀྱི་གལ་ཆེའི་དོན་ཆེན་མང་པོ་ཐོན་མྱོང་ཡོད་ལ། ཕུལ་དུ་བྱུང་བའི་མི་སྣ་འབོར་ཆེན་གསོ་སྐྱོང་ཡང་བྱེད་མྱོང་ཡོད། ལྷག་པར་དུ་ཡུལ་འདིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་འཐོབ་ཆེད་བློས་གཏོང་ཆེན་པོ་བྱས་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ཨུ་རུ་སུ་དང་ཨུ་རུ་སུའི་མི་དམངས་ཀྱི་སྤོབས་པ་རེད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་དང་ཕུའུ་ཅིང་གིས་ལྷན་དུ་དེ་སྔ་ཟླ་བ་བཅུ་པའི་གསར་བརྗེའི་མེ་སྒྱོགས་དང་པོ་རྒྱག་མཁན་ཨ་ཕུ་ལེར་རྟགས་ཅན་གྱི་མཚོ་སྐོར་དམག་གྲུར་འཛེགས་ཏེ་འབྲེལ་ཡོད་ལོ་རྒྱུས་ཀྱི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་ངོས་ནས་བརྗོད་ན་ཨ་ཕུ་ལེར་རྟགས་ཅན་གྱི་མཚོ་སྐོར་དམག་གྲུར་ཐུན་མོང་མ་ཡིན་པའི་དོན་སྙིང་ལྡན་ཡོད། དེ་སྔའི་ཟླ་བ་བཅུ་པའི་གསར་བརྗེའི་མེ་སྒྱོགས་ཀྱི་སྒྲ་བསྒྲགས་རྗེས་ཀྲུང་གོར་མར་ཁེ་སི་རིང་ལུགས་དར་ཁྱབ་བྱུང་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པར་ནུས་པ་གལ་ཆེན་བཏོན་ཡོད། དེ་རྗེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་སྔོན་འགྱེལ་རྗེས་མཐུད་བྱས་པས་ཀྲུང་གོའི་གསར་བརྗེ་དང་ཀྲུང་གོ་གསར་པ་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཨ་ཕུ་ལེར་རྟགས་ཅན་གྱི་མཚོ་སྐོར་དམག་གྲུ་ཉར་ཚགས་ཡག་པོ་འདི་འདྲ་གནང་བ་ལས་ལོ་རྒྱུས་ལ་བརྩི་འཇོག་བྱེད་པ་མཚོན་ཐུབ་ཅེས་གསུངས་པས། ཕུའུ་ཅིང་གིས་འདིའི་ཐད་མོས་མཐུན་གནང་བ་དང་འབྲེལ་ལོ་རྒྱུས་ལ་བརྩི་འཇོག་བྱེད་དགོས་ངེས་རེད་ཅེས་ནན་བཤད་གནང་བ་རེད།
           དེ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དགུན་བཞུགས་ཕོ་བྲང་དུ་ཕེབས་ནས་མུ་མཐུད་གྲོས་མོལ་གནང་སྟེ་མིག་སྔའི་རྒྱལ་སྤྱིའི་དུས་བབ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་སྔར་བས་དགོངས་འཆར་བརྗེ་རེས་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།