ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཅིར་ཅི་སི་ཐན་གྱི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་བ།

སྤེལ་དུས 2019-06-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། དབང་འདུས།
             ཅིར་ཅི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་དང་ཆབས་ཅིག་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པར་ཞུགས་པར་ཕེབས་གྲབས་ཡོད་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས། སྤྱི་ཟླ་6པའི་ཚེས11ཉིན་ཅིར་ཅི་སི་ཐན་གྱི་གཏམ་གླེང་ཚགས་པར་ཞེས་པ་དང་། ཁར་པ་ཞེས་པའི་རྒྱལ་ཁབ་འཕྲིན་གཏོང་ཁང་གི་སྨྱན་སྦྱོར་ཐོག འགོ་བརྗོད་དུ་ཀྲུང་ཅིའི་མཛའ་བཤེས་ཀྱི་སྡོང་པོའི་ལོ་འདབ་རྒྱས་ཤིང་དུས་ནམ་ཡང་ལྗང་ཐིང་ངེར་གནས་པར་སྨོན་ཞེས་འཁོད་པའི་མཚན་བཀོད་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།
             རྩོམ་ཡིག་ནང་། ཀྲུང་ཅི་རྒྱལ་ཁབ་གཉིས་པོའི་མི་དམངས་ཁྱིམ་མཚེས་ཡིན་ཞིང་། སྲོལ་རྒྱུན་མཛའ་བཤེས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། ཀྲུང་ཅིའི་འབྲེལ་བས་རྒྱལ་སྤྱིའི་དུས་བབ་ཀྱི་ཉམས་སད་ཐེག་ཡོད་པ་དང་། རྒྱལ་ཁབ་གཉིས་པོས་སྐྱིད་སྡུག་མཉམ་མྱོང་དང་། ཕྱར་བ་གྲུ་འདེགས་བྱས་ཡོད་ཅིང་། མིང་དོན་མཚུངས་པའི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་པ་ཡག་པོ། སྤུན་ཟླ་ཡག་པོ་བཅས་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་མཉམ་ལས། གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་ཁབ་བར་གྱི་འབྲེལ་བ་གསར་པའི་དཔེ་མཚོན་གཏོད་ཡོད།
             ཀྲུང་གོ་དང་ཅིར་ཅི་སི་ཐན་བར་གྱི་ཆབ་སྲིད་ཀྱི་ཡིད་རྟོན་ཉིན་རེ་བཞིན་བརྟན་དུ་འགྲོ་བཞིན་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ཡུན་རིང་མ་སོང་བར། ཕྱོགས་གཉིས་པོས་ལོ་རྒྱུས་ཐོག་ནས་གནས་པའི་མཐའ་མཚམས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་པ་དང་། ཀྲུང་གོ་དང་ཅིར་ཅི་སི་སན་གྱི་སྤྱི་ལེ1000ཡི་ཐུན་མོང་མཚམས་ཐིག་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྦྲེལ་ཐག་ཏུ་གྱུར་ཡོད།
             ཀྲུང་གོ་དང་ཅིར་ཅི་སི་ཐན་གྱི་དངོས་སྒྲུབ་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཅིར་ཅི་སི་ཐན་ནི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་རྒྱབ་སྐྱོར་དང་ཐེ་ཞུགས་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཕྱོགས་གཉིས་པོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། རྨང་གཞིའི་སྒྲིག་ཆས། དྲ་སྦྲེལ་སོགས་ཁྱབ་ཁོངས་ནང་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཁག་ཅིག་ཐོབ་ཡོད།
             ཀྲུང་གོ་དང་ཅིར་ཅི་སི་ཐན་བར་གྱི་མི་ཆོས་རིག་གནས་སྤེལ་རེས་དེ་བས་ཚ་ཚ་འུར་འུར་དུ་འགྱུར་བཞིན་ཡོད་ཅེས་འཁོད་ཡོད།
             རྩོམ་ཡིག་ནང་། ང་ཚོས་ཅིར་ཅི་སི་ཐན་བར་གྱི་འཐབ་ཇུས་ཐད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། མཐོ་རིམ་བར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ། སྲིད་གཞུང་དང་། གྲོས་ཚོགས་ཁང་། སྲིད་ཏང་། ས་གནས་རིམ་ཁག་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། བདག་དབང་དང་། བདེ་འཇགས། མངའ་ཁོངས་ས་ཆ་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་མུ་མཐུད་ཕན་ཚུན་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ། རྙོག་འཛིང་ཆེ་ལ་འགྱུར་བ་མང་བའི་རྒྱལ་སྤྱིའི་དུས་བབ་འོག་ལག་གདང་དཔུང་སྦྲེལ་བྱེད་པ། རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འཐབ་ཇུས་བདེ་འཇགས་དང་གོང་འཕེལ་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོ་དར་རྒྱས་སྟོབས་འབྱོར་ལྡན་པར་འགྱུར་ཆེད་མཉམ་དུ་འབད་འཐབ་བྱེད་འདོད་ཡོད།
             ང་ཚོས་ཅིར་ཅི་སི་ཐན་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་མགྱོགས་སུ་གཏོང་བ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡོང་བ་བྱེད་པ། ཞིང་ལས་དང་། རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཉོ་ཚོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
             ང་ཚོས་ཅིར་ཅི་སི་ཐན་དང་མཉམ་དུ་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བསྟར་ཐོག མཉམ་ཤུགས་སྒྲིལ་ནས་ངན་པའི་སྟོབས་ཤུགས་གསུམ་དང་། དུག་འཚོང་། རྒྱལ་ཁོངས་ལས་བརྒལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་བཅས་ལ་རྡུང་རྡེག་བཏང་ནས། རྒྱལ་ཁབ་་གཉིས་པོའི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་དང་། ས་ཁུལ་གྱི་འཆམ་མཐུན་བརྟན་ལྷིང་གི་བདེ་འཇགས་ཁོར་ཡུག་མཉམ་དུ་གཏོད་འདོད་ཡོད།
             ང་ཚོས་ཅིར་ཅི་སི་ཐན་ཕྱོགས་བར་མི་ཆོས་རིག་གནས་སྤེལ་རེས་རྒྱ་བསྐྱེད་གཏོང་འདོད་ཡོད། གྲོགས་པོ་ཇི་ཙམ་གཤིབ་ན་དེ་ཙམ་གྱིས་ཉེ་རུ་འགྲོ་བ་དང་། ཁྱིམ་མཚེས་བར་འགྲོ་འོང་ཇི་ཙམ་མང་བ་བྱས་ན་དེ་ཙམ་གྱི་ཉེ་རུ་འགྲོ། ཕྱོགས་གཉིས་པོས་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། གཞོན་ནུ། སྨྱན་སྦྱོར། མཉམ་འབྲེལ་གནའ་དཔྱད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་དེ་བས་ཉེ་རུ་དང་། བརྩེ་བ་དེ་བས་ཟབ་ཏུ་འགྲོ་བ་བྱེད་འདོད་ཡོད།
             ང་ཚོས་ཅིར་ཅི་སི་ཐན་དང་རྒྱལ་སྤྱིའི་མཉམ་ལས་དམ་ཟབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་སྐད་ཆ་ཤོད་རེས་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་ཐོག་མཉམའ་བྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་གྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོབ་བྱེད་པ། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་དང་།
             རྩོམ་ཡིག་ནང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་བདེ་འཇགས་དང་དཔལ་འབྱོར། མི་ཆོས་རིག་གནས། ཕྱི་ཕྱོགས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ངན་པའི་སྟོབས་ཤུགས་གསུམ་ལ་རྡུང་རྡེག་ཚ་ནན་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་རྒྱལ་ཁབ་ཁག་གི་གོང་འཕེལ་འཐབ་ཇུས་དང་ས་ཁུལ་མཉམ་ལས་གྲོས་འགོ་དང་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཉོ་ཚོང་དང་མ་འཇོག མཉམ་འབྲེལ་མཉམ་མཐུད། ནུས་ཁུངས། གསར་གཏོད། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་པ། ལྟ་ཞིབ་རྒྱལ་ཁབ་དང་གླེང་མོལ་རོགས་པ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་དང་རོགས་པའི་འབྲེལ་བ་རྒྱ་ཆེར་ཤུགས་ཆེན་གཏོང་བ་བཅས་བྱས་ནས། དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་གི་ཡོད།
             ཅིར་ཅི་སི་སེ་ཐན་གྱིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེ་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཚུན། རང་སྒྲིག་འཛུགས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ཕན་འབྲས་ཆེ་བའི་ལས་དོན་འབོར་ཆེན་སྒྲུབ་ཡོད། རྒྱལ་ཁབ་ཁག་གི་ཐུན་མོང་འབད་བརྩོན་འོག པི་ཧྲེན་ཁེ་ཁེའི་དབུ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་གོང་འཕེལ་དེ་བས་ཆེབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། ས་ཁུལ་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་སྐྲུན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད་པ་རེད།