ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་ལོ་རྒྱུས་མདོར་བསྡུས།

སྤེལ་དུས 2019-05-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བསོད་ནམས་རྡོ་རྗེ།
          དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ནི་སྤྱི་ལོ་1942ལོར་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེའི་གཉའ་ལམ་རྫོང་ཁོངས་ལ་སྟོད་ཟུར་མཚོ་འཁྲིས་མཁར་གྱི་ཁང་དཀར་ཁྱིམ་རྒྱུད་དུ་ཕ་དབང་ཕྱུག་དང་མ་ཕུར་བུ་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་ནས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཨ་ཁུ་ཡེ་ཤེས་ཞབས་ལ་གཏུགས་ནས་བོད་ཡིག་གི་འབྲི་ཀློག་སོགས་བསླབས། དེ་རྗེས་དགོན་པའི་ཕུག་པ་ཨ་ཁུ་ཕུར་བུ་རྡོ་རྗེ་དཔལ་བཟང་པོ་ནས་ཀློག་མཐའ་འདོན་གནང་། རྒན་ཀུན་བཟང་དང་ཤེལ་དཀར་ཆོས་དྲུང་རྒན་ཚེ་རིང་དབང་འདུས་སོགས་བསྟེན་ནས་སུག་རིང་། ཚུགས་རིང་སོགས་བོད་ཡིག་དབུ་མེད་སྦྱངས། དགུང་ལོ་བཅོ་བརྒྱད་སྟེང་། གདན་ས་བཀྲ་ཤིས་ལྷུན་པོའི་བཤད་སྲོལ་འཛིན་པ་ཆོས་རྗེ་དཔལ་ལྡན་དང་ངམ་རིང་དགེ་བཤེས་དགེ་འདུན་དཔལ་བཟང་པོ། དགེ་བཤེས་འཇམ་དབྱངས་དཔལ་བཟང་པོ་བཅས་ལ་བསྟེན་ནས་བསྡུས་གྲྭ་དང་ལམ་རིམ་སྦྱངས། 1962ལོ། དགུང་ལོ་20སྟེང་རྒྱ་གར་དུ་ཕེབས་ཏེ་འཇམ་མགོན་ཉི་མ་རྒྱལ་མཚན་﹙1918-1987﹚མཆོག་ལ་བསྟེན་ནས་རྟགས་རིག བློ་རིགས། བསམ་གཟུགས། རྣམ་འགྲེལ་ཐར་ལམ་གསལ་བཤད། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། རྩ་ཤེས། མཆིམས་མཛོད། དགོངས་པ་རབ་གསལ། འགྲེལ་པ་དོན་གསལ། ལྷག་མཐོང་ཆེན་མོ་དང་སྦྱར་ནས་དབུ་མའི་ལྟ་ཁྲིད་སོགས་ལ་དཔེ་ཁྲིད་ཞུས། གཞུང་ཆེན་པོད་ལྔ་དང་པཎ་ཆེན་བསོད་ནམས་གྲགས་པའི་བསྐྱེད་རྫོགས་དབང་ལུང་དང་མན་ངག་སོགས་ཞུས། སྤང་ནང་རིན་པོ་ཆེའི་ཞལ་སྔ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཀླག་ལུང་སོགས་མནོས། མཁས་གྲུབ་ཆེན་པོ་སྤྱིན་པ་རྒྱ་མཚོ་དཔལ་བཟང་པོ་དང་ལྷན་དུ་ལོ་དྲུག་ཙམ་རིང་དྲང་ངེས་ཀྱིས་གཙོས་པའི་གཞུང་ཆེན་པོད་ལྔའི་ནང་དོན་ལ་རྩོད་པའི་ལམ་ནས་སློབ་གཉེར་མཛད། དགེ་བཤེས་ལྷ་རམས་ལྷ་སྐྱབས་པར་བསྟེན་ནས་ལེགས་བཤད་སྙིང་པོ། མཆིམས་མཛོད། མཚོ་ཊཱིཀ ཐར་ལམ་གསལ་བཤད་སོགས་ལ་གཞུང་ཚིག་གི་འབྲུ་འགྲེལ། སྤྱི་དོན་ཁོག་དབུབ། དཀའ་གནད་ཀྱི་མཐའ་དཔྱོད། འཛིན་མཚམས་ཞིབ་ཆ། སྔོན་བྱོན་མཁས་པའི་གསུང་རྒྱུན། རིགས་ལམ་གཏོང་ཚུལ། གོ་སྟོབས་འབྱིན་པའི་དོགས་སློང་སོགས་གཞུང་ཆེན་སློབ་བཤད་ཀྱི་བཀའ་སྲོལ་བཞིན་ཞིབ་ཚགས་མཐའ་ཆོད་པའི་ཟབ་ཁྲིད་ལ་གསན་བཞེས་གནང་། 
          1974ལོར་ཉི་ཧོང་གི་ཨོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོས་གདན་ཞུས་ལྟར་(日本大谷大学)བོད་ཀྱི་ཆོས་དང་རིག་གཞུང་ལ་ཉམས་ཞིབ་སློབ་ཁྲིད་གནང་། གཞན་ཡང་ཉི་ཧོང་ན་རྒོ་ཡ་གཙུག་ལག་སློབ་ཆེན་(名古屋大学)དང་། ཐཱོ་ཁྱོ་ཕྱི་རྒྱལ་སྐད་ཡིག་གཙུག་ལག་སློབ་ཆེན།(东京外国语大学) ཨི་ཝ་ཐེ་གཙུག་ལག་སློབ་གྲྭ་ཆེན་མོ།(岩手大学) ཨོ་ས་ཁ་གཙུག་ལག་སློབ་གྲྭ་ཆེན་མོ།(大阪大学) ཧི་རོ་ཤི་མ་གཙུག་ལག་སློབ་གྲྭ་ཆེན་མོ།(广岛大学) ཁྱོ་ཐོ་གཙུག་ལག་སློབ་གྲྭ་ཆེན་མོ།(京都大学) ཐོོ་ཧོ་ཁུ་གཙུག་ལག་སློབ་གྲྭ་ཆེན་མོ།(东北大学) ཌི་ཨུ་ཁོ་ཁུ་སློབ་གྲྭ་ཆེན་མོ།(龙谷大学) ཁན་ས་ཨི་གཙུག་ལག་སློབ་གྲྭ་ཆེན་མོ།(关西大学) ཧ་ན་རྫོ་ནོ་གཙུག་ལག་སློབ་གྲྭ་ཆེན་མོ།(花园大学)ཐཱོ་ཁྱོ་གཙུག་ལག་སློབ་ཆེན་(东京大学)བཅས་སུ་གདན་ཞུ་གནང་ནས་ཕར་ཕྱིན་དང་དབུ་མ། མཛོད། འདུལ་བ། ལམ་རིམ། སྤྱོད་འཇུག བློ་སྦྱོང་དང་། ལྷག་ཏུ་དྲང་ངེས་ལེགས་བཤད་སྙིང་པོ་དང་རྗེ་རིན་པོའི་ཆེའི་ལམ་རིམ་ཆེ་ཆུང་གི་གཞུང་གཙོས་པའི་བོད་ཀྱི་གཙུག་ལག་རིག་གནས་སློབ་ཁྲིད་གནང་། གཞན་ན་རི་ཐའི་སློབ་གཉེར་ཁང་(成田山佛教研究所)གི་གདན་ཞུའི་ཉམས་ཞིབ་པ་གནང་པ་བཅས་ཀྱིས་བོད་ཀྱི་ཆོས་དང་རིག་གནས་ཉི་ཧོང་གི་ཕྱོགས་སུ་དར་བར་ཕྱག་རྗེས་ཆེན་པོ་བཞག ། 
          ཁོང་གིས་དགེ་རྒན་གྱི་ཕྱག་ལས་གནང་རིང་སློབ་མ་ཉིས་བརྒྱ་ལྷག་བསྐྱངས་ནས་ཉི་ཧོང་དུ་བོད་རིག་པའི་ཞིབ་འཇུག་གི་དཔུང་སྡེ་ཆེན་པོ་བཙུགས། 2008ལོར་ལས་འཁྱུར་ངལ་གསོ་གནང་རྗེས་ཉི་ཧོང་ཁྱོའོ་ཐོའོ་གྲོང་ཁྱེར་དུ་གངས་ལྗོངས་ནང་རིག་མཐུན་ཚོགས་བཙུགས་ཏེ་མུ་མཐུད་དུ་གཞུང་དོན་འཆད་འགྱུར་རྩོམ་གསུམ་ལ་གཞོལ། ཁོང་ལས་འཁྱུར་ངལ་གསོ་གནང་སྐབས་ཉི་ཧོང་གི་ཚགས་པར་ཆེ་ཤོས་ཉིན་རེ་གསར་ཤོག﹙2008ལོའི་སྤྱི་ཟླ་2པའི་ཚེ་20ཉིན་གྱི་ཉིན་རེའི་གསར་ཤོག﹚ཅེས་པའི་སྟེང་ཁོང་གིས་སློབ་མ་བསྐྱངས་ཚུལ་དང་རིག་གཞུང་ཞིབ་འཇུག་གི་ཕྱག་རྗེས་ལ་གཟེངས་བསྟོད་དང་། ཉི་ཧོང་གི་བོད་རིག་པའི་ཡབ་ཆེན་ཞེས་པའི་མཚན་སྙན་བསྩལ་ནས་གདེང་འཇོག་ཆེན་པོ་གནང་། ཨོ་ཐ་ནི་གཙུག་ལག་སློབ་ཆེན་གྱི་མཚན་འཛིན་སློབ་དཔོན་ཆེན་མོའི་མཚན་གནས་བསྩལ། 2012ལོའི་ཟླ་10ཚེས་12ཉིན་ཉི་ཧོང་གི་ནང་ཆོས་ཁྱབ་སྤེལ་ལྷན་ཚོགས་ཀྱིས་གནང་བའི་ནང་ཆོས་ཁྱབ་སྤེལ་རིག་གནས་གཟེངས་བསྟོད་བྱ་དགའ་ཐེངས་ཞེ་དྲུག་པ་ཐོབ། ད་ལྟའི་བར་དུ་ཚོགས་པ་འདིས་འཛམ་གླིང་གི་མཁས་པ་གྲགས་ཅན་125ལ་བྱ་དགའི་ཆོ་ལོ་ཕུལ་བའི་ཁྲོད། དམ་པ་ཁོང་ནི་བྱ་དགའ་འདི་ཐོབ་པའི་བོད་མི་ཐོག་མ་ཡིན།
 
1993ལོར་ལྷ་ས་རུ་བསྐྱོན་པའི་པར།
          མཁས་དབང་ཁོང་སྔ་རྗེས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཅས་ཀྱིས་གདན་ཞུས་བཞིན་རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་དང་མཆིམས་མཛོད། དབུ་མ་རྩ་ཤེས། བོད་མཁས་པའི་སྙན་འགྲེལ་སོགས་གཞུང་གི་ལུང་ཁྲིད་གནང་ལ། གཞན་ཡང་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དང་། བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས། བཀའ་བསྟན་ལྟ་གྲུབ་དཀའ་གནད་བདམས་བཏུས། རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས། བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན་སོགས་ཁོང་གིས་རྒྱུན་རིང་ཉམས་ཞིབ་གནང་བའི་གསུང་རྩོམ་སྐོར་ཟབ་ཁྲིད་གནང་། སྤྱི་ལོ་2012ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུའི་ཞིབ་འཇུག་པར་གདན་ཞུ་གནང་བ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་ཆེད་ཞུའི་ཉམས་ཞིབ་སློབ་དཔོན་བཅས་ཀྱི་འགན་བཞེས་ཡོད། 
 
2017ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཆད་ཁྲིད་གནང་སྐབས་དགེ་སློབ་རྣམས་ཀྱི་མཉམ་པར། 
          རྒན་ཁོང་ནི་ཉི་ཧོང་དུ་རྒྱུན་རིང་བཞུགས་པའི་ཕྱི་སྡོད་བོད་མི་ཞིག་ཡིན་ལ། རང་གི་མི་རིགས་དང་སྲོལ་རྒྱུན་རིག་གནས་ལ་དུངས་ཞེན་ཆེན་པོ་ཡོད་པས་དུས་ནམ་ཡང་བོད་ཀྱི་གཙུག་ལག་རིག་གནས་ཉམས་ཞིབ་དང་འཆད་འགྱུར་རྩོམ་གསུམ་ལ་འབད་པ་ལྷོད་མེད་གནང་བཞིན་ཡོད། ཁོང་གིས་ཀྲུང་གོའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བླ་ལྷག་གནང་། ལྷག་པར་དུ་2018ལོའི་ཟླ་4པར། ཁོང་གིས་ཉར་ཚགས་གནང་བའི་ཕྱག་དཔེ་ཆ་ཚང་རིན་མེད་གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་ཕུལ། ཕྱག་དཔེ་དེ་དག་ནི་ཁོང་གིས་ལོ་མང་རིང་བསྡུ་རུབ་ཉར་ཚགས་གནང་བའི་བོད་ཡིག་གི་བཀའ་བསྟན་དང་གསུང་འབུམ་ཁག་ཅིག་ཡིན་ལ། ཕྱག་དཔེ་དེ་དག་གི་ཁྲོད་དུ་ལག་བྲིས་དང་ཤིང་པར་གྱི་དཔེ་རྙིང་རྩ་ཆེན་ཀྱང་མི་ཉུང་བ་ཡོད། དེ་ལས་གཞན་ཉི་ཧོང་དང་དབྱིན་ཇི། སཾསྐྲིཏའི་ཡི་གེ་སོགས་ཀྱི་བོད་རིག་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཡོད་དོ། ། 

2017ལོའི་ཟླ་5པར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཆད་ཁྲིད་གནང་བཞིན་པ། 
          མཁས་དབང་ཁོང་གིས་དགེ་བའི་བཤེས་གཉེན་དུ་མ་ལ་བསྟེན་ནས་དབང་ལུང་མན་ངག་གི་གདམས་པ་མང་དུ་མནོས་ཤིང་། སྐུ་ཚེ་གང་བོར་བོད་ཀྱི་རིག་གནས་ལ་ཉམས་ཞིབ་དང་། ལྷག་པར་དུ་བཀའ་བསྟན་གཙོ་བྱས་པའི་ཡིག་ཆ་ལ་ཞིབ་འཇུག་གནང་ནས་རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་དང་མཆིམས་མཛོད་སོགས་གཙོས་པའི་གཞུང་གི་ལུང་ཁུངས་བཙལ་ནས་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོའི་ལུང་ཁུངས་གསལ་བྱེད་ཉི་མ། བོད་བརྒྱུད་བཀའ་བསྟན་ཡུམ་ཆེན་མཆིམས་འཇམ་པའི་དབྱངས་ཀྱི་བཀའ་རྩོམ་མཆིམས་མཛོད་ལུང་ཁུངས་གསལ་བྱེད་ཉི་ཟླ་སོགས་བརྩམས་པ་དང་། སྔ་ཕྱིར་བོད་ཀྱི་ལོ་རྒྱུས་ཕྱོགས་བསྡུས་བོད་དང་བོད་མི། བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན། རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཀྱི་ཆོས་འབྱུང་། ཆོས་མངོན་པའི་ལྟ་གྲུབ་འཕེལ་རིམ་འབྲེལ་ཡོད་དང་བཅས་པའི་དཔྱད་ཞིབ་མཆིམས་མཛོད་མཛེས་རྒྱན་དེབ་ཐེར་སེར་པོ། རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས་སོགས་ལེགས་བཤད་མང་པོ་བརྩམས་ནས་ཀུན་གྱི་བགོ་སྐལ་དུ་སྩལ། སྤྱི་ལོ་2011ལོར་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ་པོད་བཅུའི་བདག་ཉིད་ཅན་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་ འགྲེམས་སྤེལ་གནང་ནས་བོད་ཀྱི་རིག་གནས་ལ་སྨན་པའི་བྱས་རྗེས་ཆེན་པོ་བཞག། ཁོང་གི་གསུང་རྩོམ་དང་འགྱུར་རྩོམ། བོད་ཡིག་དང་ཉི་ཧོང་སྐད་ནས་བརྩམས་པའི་དཔྱད་རྩོམ་སོགས་ཀྱི་དཀར་ཆག་ཟུར་དུ་འཁོད་ཡོད་པས་དཔྱོད་ལྡན་རྣམས་ཀྱིས་དེར་གཟིགས་པར་ཞུ། ཞེས་མཁས་མཆོག་ཁོང་གི་ལོ་རྒྱུས་ཉུང་བསྡུས་འདི་ནི་ཁོང་གི་ཞལ་ལ་གཏུགས་ནས་སློབ་མའི་མིང་ཙམ་འཛིན་པ་བསོད་ནམས་རྡོ་རྗེས་ནས་བྲིས་པ་དགེ་གྱུར་ཅིག །
 
2018ལོའི་ཟླ་4པར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཆད་ཁྲིད་གནང་།
1993ལོར་དགའ་ལྡན་དུ་བསྐྱོན་པའི་པར།
          གསུང་རྩོམ་གཙོ་བོ་རྣམས། 
          1.《ཉི་ཧོང་ཆོས་འབྱུང་ཕྱོགས་བསྡུས།》《日本佛教源流史文集》(1977年日本出版)
          2.《བོད་ཀྱི་ལོ་རྒྱུས་ཕྱོགས་བསྡུས་བོད་དང་བོད་མི།》(TIBETAN HISTORY TIBET AND TIBETANS   1980年日本出版)
          3.《བསྟན་པ་སྔ་དར་གྱི་ཆོས་འབྱུང་འབྲེལ་ཡོད་བཅས་པའི་དུས་རབས་ཀྱི་མཐའ་དཔྱོད་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།》(《前弘期教法史及断代考释明镜》(1985年日本出版)
          4.《བོད་ཀྱི་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་བྱེ་ཚུལ་སྐད་གཉིས་ཤན་སྦྱར།》(《藏族哲学理论学习方法双语对照》1979年在日本出版)
          5.《བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན།》(《弥勒法的研究“不了义了义论”之宝饰》1984年日本出版,2011年再版)
          6.《ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ།》(《佛教思想史之新青史》007年日本出版)
          7.《ཆོས་མངོན་པའི་ལྟ་གྲུབ་འཕེལ་རིམ་འབྲེལ་ཡོད་དང་བཅས་པའི་དཔྱད་ཞིབ་མཆིམས་མཛོད་མཛེས་རྒྱན། དེབ་ཐེར་སེར་པོ།》(《阿毗达摩文献及其思想发展史之黄史》1992年日本出版)
          8.《རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཀྱི་ཆོས་འབྱུང་།》(《印度密教思想史》1994年日本出版)
          9.《རྣལ་འབྱོར་སྤྱོད་པ་དང་དབུ་མ་པའི་ལྟ་གྲུབ་དཀའ་གནད་ཕྱོགས་བསྡོམས། དེབ་དཀར་གསར་མ།》(《瑜伽行派中观派之诸问题之新白史》 1999年日本出版)
          10. 《རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོའི་ལུང་ཁུངས་གསལ་བྱེད་ཉི་མ།》(《宗喀巴尊者〈菩提道次第广论〉典据明示之光》上下卷2001、2004年日本出版)
          11. 《རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།》(《印度量理学思想发展及因明学历史》インド論理学・認識論の発展と論理学・認識論の歴史,2004年日本出版)
          12.《རྗེ་ཙོང་ཁ་པའི་ལམ་རིམ་ཆུང་ངུའི་ལུང་ཁུངས་གསལ་བྱེད་ཟླ་ཉ།》(《尊者宗喀巴〈菩提道次第小论〉典据明示之满月》尊者ツィンカパの「道次第小論」の典拠を示す満月,2012年在日本出版)
          13. 《བོད་འགྱུར་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལེགས་སྦྱར་དང་བོད་འགྱུར་མའི་ཞིབ་བསྡུར། 》(《<藏译妙法莲华经>校订》2009年日本出版)
          14.《བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ།》(《藏族古代史研究撰集•雪域的十万之光》2014年日本出版)
          15.《བཀའ་བསྟན་ལྟ་གྲུབ་དཀའ་གནད་བདམས་བཏུས། དེབ་ཐེར་ཚོན་ཁྲ།》(《西藏大藏经的重要佛教思想选集》,2016年出版)
          16.《བོད་བརྒྱུད་བཀའ་བསྟན་ཡུམ་ཆེན་མཆིམས་འཇམ་པའི་དབྱངས་ཀྱི་བཀའ་རྩོམ་མཆིམས་མཛོད་ལུང་ཁུངས་གསལ་བྱེད་ཉི་ཟླ།》(《藏传典籍之最•钦降白央俱舍论释典据明示》(2017年出版)
          འགྱུར་གྱི་སྐོར། 
          1.རྣམ་འགྲེལ་ཐར་ལམ་གསལ་བྱེད་ཉི་ཧོང་སྐད་དུ་བསྒྱུར།
          2.ལམ་རིམ་ཆེན་མོ་ཉི་ཧོང་སྐད་དུ་བསྒྱུར། ཉི་ཧོང་། 
          3.ལམ་རིམ་ཆུང་ངུ་ཉི་ཧོང་སྐད་དུ་བསྒྱུར། ཉི་ཧོང་།  
          4.རྗེ་ཙོང་ཁ་པའི་ཀུན་གཞིའི་དཀའ་འགྲེལ་སྐད་གཉིས་ཤན་སྦྱར། ཉི་ཧོང་། 1991
          5.རྗེ་ཙོང་ཁ་པའི་རྟོགས་བརྗོད་འདུན་ལེགས་མ་སྐད་གཉིས་ཤན་སྦྱར། ཉི་ཧོང་། 1991
          6.ལམ་རིམ་བསྡུས་དོན་སྐད་གཉིས་ཤན་སྦྱར། ཉི་ཧོང་། 1991
          7.ལམ་གཙོ་རྣམ་གསུམ་སྐད་གཉིས་ཤན་སྦྱར། ཉི་ཧོང་། 1991
          8.ལམ་རིམ་བདེ་ལམ་ཉི་ཧོང་སྐད་དུ་བསྒྱུར། ། ཉི་ཧོང་། 1991
          9.སྨོན་ལམ་ཞིང་མཆོག་སྒོ་འབྱེད་ཉི་ཧོང་སྐད་དུ་བསྒྱུར།  ཉི་ཧོང་། 1993
          10.རྒྱལ་སྲས་ལག་ལེན་ཉི་ཧོང་སྐད་དུ་བསྒྱུར། ། ཉི་ཧོང་། 1993
          11.ས་སྐྱ་ལེགས་བཤད་སྐད་གཉིས་ཤན་སྦྱར། ཉི་ཧོང་། 1994
          12.ཆོས་རྗེ་ངག་དབང་དཔལ་ལྡན་གྱི་རྒྱུད་ལྡན་སྡེ་བཞིའི་སྔགས་ཀྱི་ས་ལམ་སྐད་གཉིས་ཤན་སྦྱར། ཉི་ཧོང་། 1994
          13.རྗེ་ཙོང་ཁ་པའི་རྣམ་འབྱོར་དག་པའི་རིམ་པ་སྐད་གཉིས་ཤན་སྦྱར། ཉི་ཧོང་། 1994
          14.རྗེ་ཙོང་ཁ་པའི་ལྷག་མཐོང་ཆུང་ངུ་སྐད་གཉིས་ཤན་སྦྱར། ཉི་ཧོང་། 1994
          15.བོད་ཀྱི་རིག་པར་འཇུག་སྒོ། ཉི་ཧོང་། 1995
          16.དྲང་ངེས་ལེགས་བཤད་སྙིང་པོ་སྐད་གཉིས་ཤན་སྦྱར། ཉི་ཧོང་། 1998
          17.རྗེ་ཙོང་ཁ་པའི་ན་རོ་ཆོས་དྲུག་འཁྲིད་ཡིག་ཡིད་ཆེས་གསུམ་ལྡན་སྐད་གཉིས་ཤན་སྦྱར། ཉི་ཧོང་། 1999
          18.རྗེ་ཙོང་ཁ་པའི་རྣམ་བཞག་རིམ་པའི་རྣམ་བཤད་སྐད་གཉིས་ཤན་སྦྱར། ཉི་ཧོང་། 2000
          19.མཁས་གྲུབ་རྗེའི་སྟོང་ཐུན་ཆེན་མོའི་སྐད་གཉིས་ཤན་སྦྱར་སེམས་ཙམ་པའི་སྐབས། ཉི་ཧོང་། 2001
          20.བཀའ་གདམས་དགེ་བཤེས་གླང་རི་ཐང་པའི་བློ་སྦྱོང་ཚིག་རྐང་བརྒྱད་མའི་འགྱུར། ཉི་ཧོང་། 2002
          21.དབུ་མ་འཇུག་པ་དང་རྗེ་དགེ་འདུན་གྲུབ་ཀྱི་འཇུག་ཊིཀ་གསལ་བའི་མེ་ལོང་སྐད་གཉིས་ཤན་སྦྱར། ཉི་ཧོང་། 2002
          22.མཁས་གྲུབ་རྗེའི་སྟོང་ཐུན་ཆེན་མོའི་སྐད་གཉིས་ཤན་སྦྱར་དབུ་མ་པའི་སྐབས། ཉི་ཧོང་། 2003
          23.བཀའ་གདམས་དགེ་བཤེས་པོ་ཏོ་བའི་བེའུ་བུམ་སྔོན་པོའི་རྩ་འགྲེལ་བཤེས་གཉེན་བསྟེན་ཚུལ་བར་ཉི་ཧོང་སྐད་དུ་བསྒྱུར། ། ཉི་ཧོང་། 2004
          24.ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་ཚད་མ་མིང་གི་རྣམ་གྲངས་ཉི་ཧོང་སྐད་དུ་བསྒྱུར། ཉི་ཧོང་། 2004
          25.ལོ་རྒྱུས་དང་མཆན་ཞིབ་ཏུ་བཀོད་པའི་ལ་སྟོད་ཤར་རྒྱ་མཚོ་བྲག་སྐྱར་སྐུ་བལྟམས་པ་རྒྱལ་སྲས་ཐོགས་མེད་བཟང་པོའི་བློ་སྦྱོང་དོན་བདུན་མའི་སྙན་བརྒྱུད་ཀྱི་ཚིག་རྣམས་ཡི་གེ་ཉུང་ངུའི་སྒོ་ནས་བཀྲོལ་པ། ཉི་ཧོང་། 2006
          26.སྔོན་གླེང་དང་མཆན་ཞིབ་ཏུ་བཀོད་པའི་མཉམ་མེད་དྭགས་པའི་ལྷ་རྗེའི་ཐར་རྒྱན་ཉི་ཧོང་སྐད་དུ་བསྒྱུར། ཉི་ཧོང་། 2007
          27.མཆན་ཞིབ་ཏུ་བཀོད་པའི་གུང་ཐང་བསྟན་པའི་སྒྲོལ་མེའི་མདོ་སྡུད་པའི་འགྲེལ་པ་དང་བཅས་པ་ཉི་ཧོང་སྐད་དུ་བསྒྱུར། ཉི་ཧོང་། 2007
          28.མཆན་ཞིབ་ཏུ་བཀོད་པའི་སྤྱོད་འཇུག་དང་སྤྱོད་འཇུག་དར་ཊཱིཀ་ལེའུ་བརྒྱད་པ་དང་དགུ་པ་ཉི་ཧོང་སྐད་དུ་བསྒྱུར། ཉི་ཧོང་། 2009
          29.མངོན་སུམ་ལེའུའི་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་མཛད་པ་ཉི་ཧོང་སྐད་དུ་བསྒྱུར། ཉི་ཧོང་། 2010
          30.རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་མངོན་སུམ་ལེའུའི་བརྗེད་བྱང་ཉི་ཧོང་སྐད་དུ་བསྒྱུར། ཉི་ཧོང་། 2010
          31.མཆན་ཞིབ་ཏུ་བཀོད་པའི་རྡོ་རྗེ་གཅོད་པ་དང་དེའི་འགྲེལ་པ་ཅོ་ནེ་རྗེ་བཙུན་གྲགས་བཤད་གྲུབ་མཛད་པ་ཉི་ཧོང་སྐད་དུ་བསྒྱུར། ཉི་ཧོང་། 2010