ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

བཅོམ་ལྷ་ཁང་།

སྤེལ་དུས 2019-03-26 ཡོང་ཁུངས། རྗེ་ཙོང་ཁ་པའི་དྲ་བ། རྩོམ་པ་པོ། བསྟན་འཛིན་ཡེ་ཤེས།
            ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཁུངས་གཏོགས་རྭ་སྒྲེང་ཤོག་ཆེན་བཅུ་གཉིས་ཀྱི་ཡ་གྱལ་བཅོམ་མདོ་ཤོག་ཁའི་ཁུངས་ཀྱི་བཅོམ་ལྷ་ཁང་འདི་ནི། ༧རྒྱལ་བ་སྐུ་ཕྲེང་ལྔ་བས་བོད་འབངས་བདེ་ཐབས་སུ་དུས་རབས་བཅུ་བདུན་ནང་ཡུལ་འདིའི་མཆོད་གནས་སུ་བཞེངས། ཐོག་མར་ནང་རྟེན་དུ་རིགས་གསུམ་མགོན་པོ་དང་།སྟོབས་པོ་ཆེའི་སྐུ་བཞེངས་ཡོད་ཀྱང་རྗེས་སུ་ནང་རྟེན་དུ་བཀའ་གདམས་ལྷ་བཞི་དང་།མགོན་པོ་ཕྱག་དྲུག་གི་བཀའ་ཉན་ཀྵེ་ཏྲ་པཱ་ལ་སོགས་བཞུགས། འདི་རྭ་སྒྲེང་དགོན་པས་བདག་གཉེར་བྱེད་ཅིང་། དཀོན་གཉེར་རྭ་སྒྲེང་ནས་མངག་གཏོངས་གནང་གི་ཡོད། སྤྱི་ལོ་༢༠༡༢ལོར་ཕོད་མདོའི་ཆུ་རགས་ཀྱི་རྐྱེན་པས་ལྷ་ཁང་གནས་སྤོས་བྱེད་དེ་ད་ལྟའི་གྲོང་མང་གི་ཉེ་འགྲམ་ནུབ་རིའི་འདབས་སུ་བཞེངས་ཡོད།ད་ལྟ་རྭ་སྒྲེང་དགོན་ནས་མངག་གཏོངས་གནང་བའི་སྒར་བ་ཟེར་བའི་གྲོང་ཆོག་མཁན་གྱི་ཞུགས་གནས་ཡིན། དེ་འདྲའི་སྒར་བ་དེ་ལོ་གཉིས་རེའི་ཐོག་བརྗེ་འགྲུལ་བྱེད་ཀྱི་ཡོད།
            རྗེ་ཙོང་ཁ་པའི་དྲ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་མཆོག་གིས་སྐུལ་དོན་བཞིན།གཟིམ་འོག་བསྟན་འཛིན་ཡེ་ཤེས་ཀྱིས་བོད་རབ་བྱུང་༡༧མེ་སྤྲེལ་བོད་ཟླ་༡ཚེས་༣༠ཉིན།
            江拉康   西藏拉萨市林周县唐古乡江多村境内,距离拉萨市有166公里,海拔4396米。